མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱི་དམངས་གཙོའི་ཉིན་མོ་ཐེངས་ ༧༤ པ་སྲུང་གཙི་གནང་།

བོད་ཀྱི་དུས་བབ།
༢༠༢༣/༠༡/༢༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གངས་སྐྱིད་སྲི་བཟློག་མཆོད་རྟེན་གྱི་མདུན་ཐང་དུ་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་ཚོགས་ཞུགས་ཐོག་བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་དུས་དྲན་ ༧༤ པ་སྲུང་གཙི་ཞུས་སོང་།

Sikyong Penpa Tsering rising the Indian National flag. 26th January 2023. Photo: Tibettimes

ལོ་ལྟར་ཕྱི་ཟླ་  ༡ ཚེས་  ༢༦ ཉིན་ནི་རྒྱ་གར་དམངས་གཙོ་ཉིན་མོར་སྲུང་གཙི་བྱེད་བཞིན་ཡོད་པ་ལྟར། དེ་རིང་གི་གནམ་གཤིས་དྭངས་ཤིང་གསལ་ལ་ཉི་འོད་འཕྲོས་པ་དང་བཞུགས་སྒར་དྷ་སའི་ཚ་དྲོད་ཏུན་ ༩ རེད། སྔ་དྲོའི་ཆུ་ཚོད་ ༡༠།༠༠ པའི་སྟེང་གངས་སྐྱིད་སྲི་བཟློག་མཆོད་རྟེན་གྱི་མདུན་ཐང་དུ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་གཙོས་བཀའ་བློན་རྣམ་པ་དང་དྲུང་ཆེ་རྣམ་པ་ལྷན་འཛོམས་གནང་སྟེ། རྒྱ་གར་གྱི་རྒྱལ་གླུ་གྱེར་འདོན་དང་སྦྲགས་སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་རྒྱལ་དར་བསྒྲེངས་འཛུགས་གནང་སྟེ། རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་དུས་དྲན་ ༧༤ པ་དེ་སྲུང་གཙི་གནང་སོང་།

སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསར་འགོད་པར། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་གར་གཞུང་དང་མི་མང་དང་འབྲེལ་བ་ཡོད་པའི་དུས་དྲན་ཁྱད་པར་ཅན་གཉིས་པོ་གངས་ཅན་སྐྱིད་གཤོངས་ཀྱི་ར་བའི་ནང་གོ་སྒྲིག་ཞུ་ཡི་ཡོད་པ་རེད། གཅིག་ནི་རྒྱ་གར་རང་བཙན་ཐོབ་པའི་ཉིན་མོ་དང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉིན་མོ་འདི་སྲུང་གཙི་ཞུ་རྒྱུ་དེ་རེད། རྒྱ་གར་རང་བཙན་ཐོབ་ནས་ལོ་ ༣ གྱི་རྗེས་སུ་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་ཆགས་པ་རེད། སྤྱི་མཐུན་རྒྱལ་ཁབ་ཆགས་པའི་ཉིན་མོ་དེ་ནས་བཟུང་རྒྱ་གར་ལ་དབང་སྒྱུར་བྱེད་མཁན་རྒྱ་སྐྱེད་རིང་ལུགས་པའི་དབྱིན་ཇིའི་གཞུང་དང་འབྲེལ་ཐག་ཆད་པ་དང་། རྒྱ་སྐྱེད་རིང་ལུགས་པའི་གཉའ་ཤིང་ནས་གྲོལ་ཐུབ་པ་ཞིག་བྱུང་སྟེ། དེ་རིང་ནས་མི་ལོ་ ༧༤ ཡར་སྔོན་དུ་ད་ལྟ་ལག་བསྟར་བྱེད་བཞིན་པའི་རྒྱ་གར་གྱི་རྩ་ཁྲིམས་དངོས་སུ་ལག་བསྟར་བྱེད་མགོ་བཙུགས་པ་དང་སྟབས་བསྟུན་ནས། རྒྱ་གར་གྱི་སྲིད་འཛིན་དང་པོ་ཐོན་པ་དང་། རྒྱ་གར་མི་མང་གིས་འོས་བསྡུ་བྱས་པའི་འཐུས་མི་ཚོས་ཀྱང་འོས་བསྡུ་བྱས་ཏེ་རྒྱ་གར་གྱི་རྩ་ཁྲིམས་གཏན་འབེབས་དང་གྲོས་ཚོགས་དངོས་སུ་འཛུགས་ཐུབ་པའི་གནས་སྟངས་འདི་ལོ་རྒྱུས་ཀྱི་གནས་བབ་ཐོག་ནས་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། ཅེས་གསུངས་སོང་།

སྲིད་སྐྱོང་མཆོག་གིས། རྒྱ་གར་གཞུང་དང་མི་མང་ལ་རྒྱ་སྐྱེད་རིང་ལུགས་དང་། དེའི་ལོ་རྒྱུས་ཀྱི་ཐོག་ནས་རྒྱལ་ཁབ་མང་པོ་ཞིག་དང་མཉམ་དུ་དུས་རབས་བརྒྱ་ཕྲག་མང་པོའི་རིང་དཀའ་ངལ་འཕྲད་པ་རེད། ལྷག་པར་དུ་ (East India Company) ཟེར་བའི་དབྱིན་ཇིའི་ཚོང་གི་སྡེ་ཁག་ནས་མགོ་བཙུགས་ཏེ་དབྱིན་ཇིའི་གཞུང་གི་བཙན་དབང་ལ་ཚུད་དེ་རང་བཙན་ཐོབ་པ་ཙམ་མིན་པར་སྤྱི་མཐུན་རྒྱལ་ཁབ་ཆགས་པའི་གནས་སྟངས་དང་འབྱུང་རབས་དེ་འདྲ་ཡིན་དུས། རྒྱ་གར་གྱི་གཞུང་དང་མི་མང་རྣམས་ང་ཚོར་བཀའ་དྲིན་ཆེན་པོ་ཞེ་དྲགས་རེད། དེར་བརྟེན། ང་ཚོ་ཡིན་ནའང་ཁོང་ཚོ་སྐྱིད་པའི་སྐབས་ལ་སྐྱིད་མཉམ་དང་སྡུག་པའི་སྐབས་ལ་སྡུག་མཉམ་ཡིན་པའི་གདུང་སེམས་མཉམ་སྐྱེད་མཚོན་ཆེད་ག་དུས་ཡིན་ནའང་ཚོར་གྱི་ཡོད། མ་འོངས་པའི་བོད་ཀྱི་གནས་སྟངས་ཁག་ཁག་རེད་དེ། མ་འོངས་པའི་གནས་བབ་ཐོག་ནས་ང་ཚོ་བོད་ལ་ལོག་རྒྱུའི་གོ་སྐབས་བྱུང་བ་ཡིན་ན། ང་ཚོའང་དགའ་དགའ་སྤྲོ་སྤྲོའི་ངང་ནས་འཛོམས་ཐུབ་རྒྱུའི་ཉིན་མོ་ཞིག་ཤར་རྒྱུའི་རེ་བའི་ཐོག་ནས། ད་ལྟ་ང་ཚོ་ཚང་མ་བཙན་བྱོལ་ནང་དུ་བོད་མིའི་སྒྲིག་འཛུགས་ཞེས་པ་དང་། སྔོན་མ་ཡིན་ན་བཙན་བྱོལ་བོད་གཞུང་ཞེས་པ་བཙུགས་ཏེ་སྡོད་ཀྱི་ཡོད་པ་རེད། ཅེས་གསུངས་སོང་།

ཡང་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་དུས་དྲན་དང་འབྲེལ་བོད་དོན་སྐོར་ལ་ཁོང་གིས། བོད་ནང་དུ་ཡོད་པའི་བོད་མི་ཚོ་དཀའ་ངལ་ཞིག་གི་སྒང་ལ་བསྡད་ཡོད། འཛམ་གླིང་གི་མི་མང་པོ་ཞིག་གིས་བོད་ནས་གནས་ཚུལ་གོ་རྒྱུ་མེད་པས། ཞི་འཇམ་དུ་ཕྱིན་ཡོད་རེད་བསམ་གྱི་ཡོད། འོན་ཀྱང་། བོད་ཀྱི་གནས་སྟངས་འདི་ཇེ་སྡུག་དང་དམ་དུ་འགྲོ་ཡི་ཡོད་པར་བརྟེན། བོད་ནང་ཡོད་མཁན་གྱི་མི་མང་ཚོའི་ལུས་སེམས་ཀྱི་སྡུག་བསྔལ་ག་ཚོད་ཡོད་མེད་དེ་ང་ཚོས་ཚོད་དཔག་བྱེད་ཐུབ་རྒྱུ་ཁག་པོ་རེད། དེ་ཚོར་ང་ཚོས་དུས་རྒྱུན་དུ་ནས་གདུང་སེམས་མཉམ་སྐྱེད་ཞུ་ཡི་ཡོད་པ་རེད། ལྷག་པར་དུ་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་རྒྱ་ནག་ཁྱོན་ཡོངས་སུ་མི་སྟོང་ཕྲག་མང་པོ་ཞིག་གྲོངས་ཀྱི་འདུག་ཟེར་ནས་བརྒྱུད་ལམ་ཁག་མང་པོ་ཞིག་གིས་ཚོད་དཔག་བྱེད་ཀྱི་ཡོད་པ་རེད། དེ་བཞིན་བོད་ནང་དུ་སྔར་དང་མི་འདྲ་བའི་དུར་ཁྲོད་ནང་དུ་ཕུང་པོ་སྐྱེལ་བར་ཡོང་མཁན་ལྡབ་འགྱུར་གྱི་མང་དུ་ཕྱིན་པའི་གནས་ཚུལ་དེ་འདྲ་གོ་ཡི་ཡོད་དུས། དངོས་ཡོད་ཀྱིས་མིའི་གྲངས་ཀ་ག་ཚོད་ཡོད་མེད་དེ་ད་ལྟ་ཞུ་ཚོད་ཐིག་ཁག་པོ་རེད་དེ། མི་མང་པོ་ཞིག་གི་ཚེ་སྲོག་ཕྱིན་ཡོད་པ་དང་། ལྷག་པར་དུ་བོད་མི་མང་པོ་ཞིག་གི་ཚེ་སྲོག་ཕྱིན་ཡོད་པ་དེ་དངོས་ཡོད་གནས་ཚུལ་རེད་འདུག དེར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མང་ཚོགས་ལ་སྐུལ་མ་གཏོང་གི་ཡོད་པ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་སློབ་ལམ་སྟོན་ཕེབས་པ་ལྟར་སྒྲོལ་མའི་ཟུངས་སྔགས་དང་མ་ཎི་གང་མང་བསགས་ཐུབ་རྒྱུ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་དུའང་རེས་གཟའ་ལྷག་པ་རྟག་པར་ལས་ཁུངས་མ་གྲོལ་སྔོན་གྱི་ཕྱི་དྲོའི་ཆུ་ཚོད་གཅིག་རིང་རྒྱ་ནག་ཁྱོན་ཡོངས་དང་བོད་ནང་ཡོད་པའི་བོད་མི་ཚོ། དེ་བཞིན་ད་ལྟ་ནད་ཀྱིས་མནར་བའི་མི་མང་དང་དེ་ལ་བརྟེན་ནས་འཚོ་བའི་དཀའ་ངལ་འཕྲད་མཁན་ཚང་མར་གདུང་སེམས་མཉམ་སྐྱེད་དང་། འདས་གྲོངས་ཕྱིན་མཁན་ཚོར་བསྔོ་བ་སྨོན་ལམ་འདེབས་ཀྱི་ཡོད་པ་རེད། དེར་བརྟེན། དུས་རྒྱུན་དུ་ནས་ལས་ཀ་བྱེད་པའི་སྐབས་བོད་ཕྱི་ནང་གཉིས་ཀྱི་གནས་སྟངས་ལ་རྒྱུས་ལོན་པའི་ཐོག་ནས་བྱ་དགོས་ཀྱི་ཡོད་པ་རེད། ཅེས་དང་། ང་ཚོས་ལས་ཀ་བྱེད་པའི་སྐབས་བོད་ནང་གི་བོད་མིའི་རེ་བ་དང་མངོན་འདོད་དེ་ཚོ་ལ་བརྟེན་ནས་ཐུན་མོང་གི་ནུས་པ་སྤུངས་ཐུབ་པ་ཡིན་ན། དེ་རིང་རྒྱ་གར་དམངས་གཙོའི་ཉིན་མོ་དང་སྟབས་བསྟུན་ནས། བཀའ་ཤག་ངོས་ནས་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་རྣམས་མཉམ་རུབ་བྱ་དགོས་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ལམ་སྟོན་གནང་བ་གཞིར་བཟུང་ཤར་སྐྱོད་བྱ་དགོས་སྐོར་སོགས་གསུངས་སོང་།

ཕྱི་ལོ་ ༡༩༤༧ ལོར་རྒྱ་གར་ལ་རང་བཙན་ཐོབ་སྟེ། ཕྱི་ལོ་ ༡༩༤༩ ལོའི་ཟླ་ ༡ ཚེས་ ༢༦ ཉིན་དམངས་གཙོའི་ལམ་ལུགས་ཀྱི་རྩ་ཁྲིམས་གཏན་འབེབ་དང་། ཕྱི་ལོ་ ༡༩༥༠ ལོའི་ཟླ་ ༡ ཚེས་ ༢༦ ཉིན་དངོས་སུ་ལག་བསྟར་བྱས་པ་ནས་བཟུང་། ལོ་ལྟར་ཕྱི་ཟླ་ ༡ ཚེས་ ༢༦ ཉིན་རྒྱ་གར་གྱིས་གཞུང་འབྲེལ་ཐོག་དམངས་གཙོ་དབུ་བརྙེས་པའི་ཉིན་མོར་སྲུང་གཙི་གནང་གི་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

༢༠༢༦/༠༥/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese