མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇེམ་མེག་གྷོ་ཝན་མཆོག་ལ་ཆེས་མཐོའི་སྣེ་ལེན་ཞུས།

བོད་ཀྱི་དུས་བབ།
༢༠༢༣/༠༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇེམ་མེག་གྷོ་ཝན་(Jim McGovern)མཆོག་ལ་ནེའུ་ཡོག་དང་ནེའུ་ཇེར་སི་བོད་རིགས་མང་ཚོགས་ཀྱིས་ཆེས་མཐོའི་སྣེ་ལེན་གྱི་མཛད་སྒོ་འཚོགས་ཡོད་འདུག

ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཇེམ་མེག་གྷོ་ཝན་མཆོག་ལ་ཐུགས་རྗེ་ཆེ་ཞུའི་སྐུ་ཐང་ཞིག་ཕུལ། ༢༠༢༣།༠༡།༢༩

ལྷོ་བྱང་ཨ་རིའི་བོད་མི་མང་སྤྱི་འཐུས་རྣམ་གཉིས་དང་ས་གནས་བོད་རིགས་ཚོགས་པའི་གོ་སྒྲིག་འོག ཨ་རིའི་ཕྱི་ཚེས ༢༩ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༠ པའི་སྟེང་།  ནེའུ་ཡོག་དང་ནིའུ་ཇེར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་དུ། ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇེམ་མེག་གྷོ་ཝན་(Jim McGovern)མཆོག་ལ་ཆེས་མཐོའི་སྣེ་ལེན་གྱི་མཛད་སྒོ་འཚོགས་ཡོད་པ་དང་། མཛད་སྒོའི་ཐོག་ཏུ་སྐུ་མགྲོན་གཙོ་བོ་སྐུ་ཞབས་ཇེམ་མེག་གྷོ་ཝན་མཆོག་གི་དབུས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་ལགས་དང་། བོད་མི་མང་སྤྱི་འཐུས་དོན་གྲུབ་ཚེ་རིང་ལགས་དང་བསྟན་འཛིན་འཇིགས་མེད་ལགས། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་གཞོན་པ་བསྟན་ཆོས་རྒྱ་མཚོ་ལགས། ནེའུ་ཡོག་དང་ནིའུ་ཇེར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ནོར་བུ་ཚེ་རིང་ལགས་བཅས་ས་གནས་ཚོགས་པ་ཁག་གི་སྐུ་ཚབ་དང་མི་མང་བཅས་འཛོམས་ཡོད་འདུག

མཛད་སྒོའི་ཐོག་བྱང་ཨ་མེ་རི་ཁའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་སྒྲུབ་ལགས་ཀྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་འཐུས་མི་ཞིག་གི་ངོས་ནས་ཁྱེད་ལ་འཚམས་འདྲི་ཞུ་ཡི་ཡོད། ཁྱེད་ཀྱིས་འགྲོ་བ་མིའི་རིགས་ཀྱི་ཆེད་དུ་རླབས་ཆེན་གྱི་བྱ་བཞག་གནང་བཞིན་པར་ཡི་རངས་ཞུ། ཁྱེད་ནི་མང་ཚོགས་ཀྱིས་ཆེས་བཀུར་འོས་པའི་འཐུས་མི་ངོ་མ་ཞིག་དང་། རང་དབང་། དམངས་གཙོ། འགྲོ་བ་མིའི་རིགས་ཀྱི་རིན་ཐང་དོན་དུ་གཉེར་བའི་རླབས་ཆེན་གྱི་མི་སྣ་ཞིག་ཡིན་པ་རེད། ཁྱེད་ཀྱི་ཆབ་སྲིད་ལམ་སྟོན་བཟང་པོའི་འོག་ནས་བོད་དང་བོད་མིའི་རང་དབང་འཐབ་རྩོད་སོགས་ཀྱི་ཐད་ལ་རོགས་འདེགས་རླབས་ཆེན་གནང་ཡོད། ད་ལྟ་རྒྱ་ནག་གཞུང་གིས་བོད་ནང་དུ་བཙན་གནོན་བྱེད་མུས་ཡིན་པ་མ་ཟད། རྒྱ་ནག་གཞུང་གིས་བོད་མི་རྣམས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་སྒྲིག་གཤོམ་བྱེད་པར་བཀག་སྡོམ་བྱེད་ཐུབ་ཡོད་སྲིད་ཀྱང་། རྒྱ་ནག་གཞུང་གིས་ནམ་ཡང་བོད་མིའི་ནང་སེམས་ཀྱི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནག་གསུབ་གཏོང་མི་ཐུབ། གང་ཡིན་ཟེར་ན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་བོད་མི་རིགས་ཀྱི་བླ་སྲོག་ཡིན་པས་རེད། ད་ལྟ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་བརྩེའི་འོག་ནས་བོད་མི་རྣམས་ཀྱིས་འཛམ་གླིང་གི་ཡུལ་གྲུ་གང་སར་རང་དབང་ངང་འཚོ་བ་རོལ་མུས་ཡིན་པའི་སྐོར་སོགས་གསུངས་སོང་།

ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་སྒྲུབ་ལགས་ནས་མཛད་སྒོའི་ཐོག་གསུང་བཤད་གནང་། ༢༠༢༣།༠༡།༢༩

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་ཚོགས་གཙོ་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས། ཕྱི་ལོ་ ༡༩༨༨ ནས་བཟུང་བོད་དོན་སླད་ཕྱག་ལས་གནང་མཁན་གྱི་ཚོགས་པ་དང་། འཛམ་གླིང་ཁྱོན་ཡོངས་ནས་ཚོགས་མི་འབུམ་ ༡ ལྷག་གིས་བོད་དོན་ཐོག་ཕྱག་ལས་གནང་ཡོད་པ་རེད། ངས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚབ་ཞུས་ནས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇེམ་མེག་གྷོ་ཝན་ (Jim McGovern) མཆོག་གིས་བོད་དོན་བདེན་མཐའ་གསལ་བའི་ཆེད་དུ་ཕྱག་ལས་ཧུར་ཐག་གནང་བར་ཡི་རངས་དང་བཀའ་དྲིན་དྲན་གྱི་ཡོད། ཅེས་དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་ཇེམ་མེག་གྷོ་ཝན་ལགས་ཀྱིས་བོད་དོན་སླད་གྲོས་ཚོགས་ནང་གྲོས་གཞི་མང་པོ་བཏོན་ཡོད་པ་དང་། ད་བར་དུ་ཁོང་གིས་དབུ་མའི་ལམ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་དང་། བོད་ནང་ཡོད་པའི་ཆབ་སྲིད་བཙོན་པའི་གནད་དོན་སོགས་ཀྱི་ཐོག་ལ་གླེང་སློང་གནང་བ་དང་། བོད་དོན་རྒྱབ་སྐྱོར་གནངས་དང་གནང་མུས་ཡིན་སྐོར་སོགས་གསུངས་སོང་།

ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་བོད་དོན་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་སྐུ་ཞབས་ཇེམ་མེག་གྷོ་ཝན་མཆོག་གིས་གསུང་བཤད་གནང་། ༢༠༢༣།༠༡།༢༩

ཨ་རིའི་གྲོས་ཚོགས་འཐུས་མི་ཇེམ་མེག་གྷོ་ཝན་ (James McGovern) མཆོག་གིས། འདས་ལོའི་ཕྱི་ཟླ་ ༤ ནང་ང་ཚོས་བོད་དང་ཡུ་གུར། སོག་པོ་སོགས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་འཇིགས་ཉེན་ཆེ་བའི་སྐོར་གྱི་ཉན་ཞིབ་འཚོགས་ཡོད་པ་དང་། སྐབས་དེར་དཔང་མི་གཅིག་བཀྲས་མཐོང་ལྷ་སྒྲོན་ལགས་ཡིན། མོས་བོད་དོན་ལས་འགུལ་བསྟི་གནས་ཁང་གི་ཚབ་བྱས་ཏེ། རྒྱ་ནག་གཞུང་གིས་བོད་ནང་བཅའ་སྡོད་སློབ་གསོའི་ལམ་ལུགས་ལག་བསྟར་བྱེད་བཞིན་པའི་སྐོར་གླེང་སློང་བྱས་ཡོད། རྒྱ་ནག་གིས་བོད་ཀྱི་ཕ་མ་རྣམས་ལ་བཙན་སྐུལ་བྱས་ཏེ། བོད་ཕྲུག་རྣམས་སློབ་གྲྭར་བསྐྱལ་འཇུག་གི་ཡོད། དེ་ནི་ཧ་ཅང་ཉེན་ཚབས་ཆེ་བའི་གནད་དོན་ཞིག་ཡིན་པས། གྲོས་ཚོགས་འཐུས་མི་ (Jeff Merkley) ངེད་གཉིས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་གཙོར་འབོད་སྐུལ་ཞུས་ཏེ། བོད་ནང་གི་བཅའ་སྡོད་སློབ་གྲྭའི་གནས་སྟངས་སྐོར་ལ་ཞིབ་འཇུག་བྱེད་དགོས་པ་དང་། ངས་རེ་བར་དེ་འབྲེལ་གྱི་ལས་དོན་ཁག་མུ་མཐུད་རྗེས་འདེད་རྒྱུན་སྐྱོང་ཡོང་གི་རེད་བསམ་གྱི་འདུག ཉེ་ཆར་ང་ཚོས་ (Thermo Fisher Scientific) འཕྲུལ་རིག་ཚན་རྩལ་བཟོ་ཚོང་ཁང་ལ་ཡི་གེ་བསྐུར་ཏེ། ཁོ་ཚོས་རྒྱ་ནག་གཞུང་ལ་རྒྱུ་རྫས་བརྟག་དཔྱད་གཏོང་བྱེད་ཀྱི་ཡོ་ཆས་བཙོང་སྟེ། བོད་ནང་གི་བོད་མིའི་རྒྱུ་རྫས་སམ་རིགས་རྫས་བསྡུ་ལེན་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས་ཡོད། ཅེས་དང་། ཕྱི་ལོ་ ༢༠༡༨ ལོར་སྐུ་ཞབས་ཁོང་གིས་ཨ་རིའི་གྲོས་ཚོགས་ནང་བོད་ནང་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་འཆར་བཏོན་ཏེ། ལོ་དེའི་མཇུག་ཏུ་དངོས་སུ་ཁྲིམས་ལ་བསྒྱུར་ཐུབ་ཡོད་པ་དང་། ཡང་ལོ་དེའི་མཇུག་ཏུ་སྐུ་ཞབས་ཁོང་གིས་བཏོན་གནང་བའི་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་ཁྲིམས་ཡིག་ལ་ཨ་རིའི་གྲོས་ཚོགས་ཀྱིས་རྒྱབ་སྐྱོར་ཐོབ་སྟེ། དངོས་སུ་ཨ་རིའི་གཞུང་འབྲེལ་ཁྲིམས་ཡིག་ཏུ་བསྒྱུར་ཐུབ་ཡོད་ཅིང་། ཁྲིམས་ཡིག་དེའི་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༧སྐུའི་ཡང་སྲིད་ཀྱི་གཙོས་པའི་བོད་མིའི་རང་དབང་དང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ། དེ་བཞིན་༧སྐུའི་ཡང་སྲིད་འདེམས་ཕྱོགས་ཐོག་ཇུས་གཏོགས་བྱེད་མཁན་གྱི་རྒྱ་ནག་དམར་ཤོག་ཚོགས་པའི་མགོ་ཁྲིད་ཁག་ཉེས་ཆད་གཅོད་རྒྱུ་ཡིན་པ་སོགས་འཁོད་ཡོད་སྐོར་གསུངས་འདུག

ཨ་རིའི་ནེའུ་ཡོག་དང་ནེའུ་ཇེར་སི་ཁུལ་གྱི་བོད་རིགས་མང་ཚོགས་འདུ་འཛོམས་བྱུང་། ༢༠༢༣།༠༡།༢༩

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese