མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རི་དང་རྒྱ་གར་གྱི་མཉམ་འབྲེལ་དམག་དོན་ཐབས་ཇུས་གོང་འཕེལ་གཏོང་གིན་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་གཞུང་གི་གནོན་ཤུགས་ལ་འགོག་རྒོལ་བྱས་ཏེ་རང་རང་གི་ས་མཚམས་སྲུང་སྐྱོབ་དང་མཉམ་འབྲེལ་དམག་དོན་ལས་དོན་སྤེལ་མུས་ཡིན་འདུག

National Security Advisor Ajit Doval meets his American་counterpart Jake Sullivan.
Twitter/ @USIBC

འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་ས་མཚོ་གནམ་གསུམ་གྱི་དམག་གི་སྟོབས་ཤུགས་སྐྱེད་ནས། རྒྱ་གར་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོ་སོགས་ཀྱི་ཁུལ་དུ་དབང་ཤུགས་རྒྱ་སྐྱེད་གཏོང་ཐབས་བྱེད་མུས་ཡིན་པ་ལྟར། ཕྱི་ཟླ་ ༡ ཚེས་ ༣༡ ནས་ཉིན་གྲངས་གཉིས་རིང་ཨ་རི་དང་རྒྱ་གར་གཉིས་ཀྱི་བདེ་སྲུང་སློབ་སྟོན་པ་སྐུ་ཞབས་ཇེག་སི་ལི་ཝན་ (Jake Sullivan) དང་ཨར་ཇིད་དྷོ་ཝལ་ (Ajit Doval ) གཉིས་ཀྱི་སྣེ་ཁྲིད་འོག ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྒྱལ་ཁབ་གཉིས་ཀྱི་རྒྱལ་སྲུང་དང་རྒྱ་ནག་གཞུང་གི་དབང་ཤུགས་ལ་ཇི་ལྟར་འགོག་རྒོལ་བྱ་དགོས་མིན་གྱི་ཐད་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་ཐོག་ནས་དམག་གི་སྟོབས་ཤུགས་གོང་འཕེལ་གཏོང་ཐབས་ཚུད་པའི་རྒྱ་གར་ཞི་བདེ་རྒྱ་མཚོ་ཁུལ་དུ་ཇི་ལྟར་དམག་དོན་གྱི་འཛུགས་སྐྲུན་བྱ་དགོས་མིན་སོགས་ཀྱི་ཐད་ལ་གླེང་སློང་བྱས་ཡོད་འདུག

དེའི་ཐད་སྐུ་ཞབས་ཇེག་སི་ལི་ཝན་ (Jake Sullivan) ལགས་ཀྱིས་ཊི་ཝེ་ཊར་དུ། རྒྱ་གར་གྱི་བདེ་སྲུང་སློབ་སྟོན་པ་སྐུ་ཞབས་ཨར་ཇིད་དྷོ་ཝལ་ལགས་དང་ཐུག་འཕྲད་བྱས་ཏེ། ཨ་རྒྱ་གཉིས་ཀྱི་མཉམ་འབྲེལ་རྒྱལ་སྲུང་དང་ཐབས་ཇུས་འཕྲུལ་རིགས་ཀྱི་གོམ་སྟབས་གསར་པ་ཞིག་མགོ་འཛུགས་བྱ་འཆར་ཡོད་ཅིང་། ང་ཚོས་མཉམ་འབྲེལ་གྱི་ཐོག་ནས་ཚོང་དོན་ཡར་རྒྱས་གཏོང་ཐབས་དང་། རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་དུ་བརྟན་བརླིང་ཡོང་ཐབས་བྱ་རྒྱུ་ཡིན། ཞེས་བརྗོད་ཡོད་འདུག ཡང་ཁོང་གིས་རྒྱ་ནག་གཞུང་གིས་དམག་དོན་དང་ཚོང་འབྲེལ་གྱི་ཁེ་ཕན་ཐོག་ནས་རྒྱ་གར་ལ་གནོན་ཤུགས་སྤྲད་ཉེན་ཡོད་པས། རྒྱ་གར་གཞུང་གིས་དོགས་ཟོན་བྱ་དགོས་སྐོར་སོགས་ཀྱང་བརྗོད་འདུག

ད་ལན་གྱི་ཚོགས་འདུ་འདིའི་བརྒྱུད་ཨ་རིས་རྒྱ་གར་གྱི་དམག་དོན་ཐད་འཕུར་གནམ་གྲུ་སོགས་ཀྱི་འཕྲུལ་ཆས་མ་ལག་གཙོ་བོ་ (engines) དང་། གོ་མཚོན་བཟོ་ལས་རིག་རྩལ་གོང་མཐོར་གཏོང་བར་རོགས་འདེགས་དང་མཉམ་ལས་བྱ་རྒྱུ་ཡིན་འདུག་ལ། དེ་བཞིན་རྒྱ་གར་གཞུང་གི་བདེ་སྲུང་གི་ཆེད་དུ་ཨ་རིས་རྒྱ་གར་མཁའ་ལམ་འཕུར་སྐྱོད་ཀྱི་ལས་དོན་སོགས་ཚུད་པའི་མཁའ་ལམ་འཕྲུལ་རིགས་སོགས་ཡར་རྒྱས་གཏོང་བར་རོགས་འདེགས་བྱ་རྒྱུའི་མོས་མཐུན་བྱུང་ཡོད་འདུག་ཀྱང་། ཁ་སང་རྒྱ་ནག་གོ་ལའི་དུས་བབ་ཏུ་རྒྱ་ནག་གཞུང་གི་རྒྱལ་སྤྱིའི་འབྲེལ་ལམ་ཚན་པའི་ཉམས་ཞིབ་པ་ལུའུ་ཆན་ཧའོ་ (Lou Chunhao) ཡིས་ཨ་རིས་རྒྱ་གར་གཞུང་སླུ་བྲིད་བྱས་ནས། རྒྱ་ནག་གཞུང་གི་ལས་དོན་དང་རྒྱ་དཀར་ནག་གཉིས་འགལ་བ་བཟོ་ཐབས་བྱེད་ཀྱི་ཡོད་པ་ལས། རྒྱ་དཀར་ནག་གཉིས་ནི་ཁྱིམ་མཚེས་རྒྱལ་ཁབ་ཡིན་སྟབས་ཚོང་འབྲེལ་ཡང་ཡག་པོ་ཡོད་པས། རྒྱ་ནག་གཞུང་གིས་མུ་མཐུད་རྒྱ་གར་ལ་ཚོང་གི་འབྲེལ་བ་བཙུགས་ནས། ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་བྱེད་མུས་ཡིན་ལུགས་སོགས་བཤད་ཡོད་འདུག

ཨ་རིས་རྒྱ་ནག་གཞུང་གི་ཨེ་ཤ་ཡའི་ཁུལ་དུ་དབང་ཤུགས་སྐྱེད་མུས་ཡིན་པར་འགོག་རྒོལ་དྲག་པོ་བྱས་ཏེ། རྒྱ་གར་གཙོ་བོར་གྱུར་བའི་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ལ་དམག་དོན་སོགས་ཀྱི་ཐད་རོགས་འདེགས་བྱེད་མུས་ཡིན་པ་ལྟར། འདས་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༨ ནས་ཕྱི་ཟླ་ ༡༢ པའི་བདུན་ཕྲག་དང་པོའི་གཟའ་མཇུག་བར་རྒྱ་གར་དང་ཨ་རི་གཉིས་ཀྱིས་རྒྱ་གར་བྱང་ཕྱོགས་ཨུ་ཊར་ཁཱན་གྱི་ཅ་མོ་ལི་རྫོང་ (Chamoli District) གི་ཨའོ་ལི་ (Auli) ཞེས་པའི་བོད་ཧིན་ས་མཚམས་ཀྱི་རི་ཁུག་ཅིག་ཏུ་མཉམ་འབྲེལ་དམག་སྦྱོང་བྱས་ཡོད་ཅིང་། དེ་ནི་ཨ་རྒྱ་གཉིས་ཀྱི་མཉམ་འབྲེལ་དམག་སྦྱོང་ཐེངས་ ༡༨ པ་དང་མཉམ་འབྲེལ་དམག་སྦྱོང་ཆེས་གསར་ཤོས་དེའང་ཡིན་པ་རེད། རྒྱ་གར་གཞུང་གིས་རྒྱ་ནག་གི་དམག་ཤུགས་ལ་གདོང་རྒོལ་ཆེད། ཧིན་བོད་ས་མཚམས་ཁག་ཏུ་དམག་མི་དཔུང་འཇུག་དང་དམག་དོན་གྱི་ལས་དོན་མང་པོ་ཞིག་སྤེལ་མུས་ཡིན་པ་མ་ཟད། རྒྱ་གར་གཞུང་གིས་ཧིན་བོད་མཐའ་མཚམས་ཀྱི་ཆུ་ཤུལ་ (Chushul) ནས་བདེ་མཆོག་ (Demchok) བར་སྤྱི་ལེ་ ༡༣༥ ཅན་གྱི་གཞུང་ལམ་གསར་རྒྱག་གི་ལས་གཞི་ལག་བསྟར་བྱེད་མགོ་བཙུགས་ཡོད་ཅིང་། རྒྱ་གར་གཞུང་གི་མཐའ་མཚམས་ཀྱི་དམག་མི་དང་གོ་མཚོན་དབོར་འདྲེན་བྱ་སའི་གཞུང་ལམ་དེ་མི་ལོ་གཉིས་ཀྱི་ནང་ཚུད་དུ་འཛུགས་སྐྲུན་ཚར་བ་བྱ་རྒྱུ་ཡིན་འདུག་ལ། རྒྱ་གར་གཞུང་གིས་མངོན་གསལ་དོད་པོའི་ཐོག་ནས་རྒྱ་ནག་གི་གནོན་ཤུགས་ལ་འགོག་རྒོལ་བྱེད་མུས་ཡིན་འདུག

དེ་བཞིན་འདས་པའི་ལོ་ཤས་རིང་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་རྒྱ་གར་དང་། ཉི་ཧོང་། ཨོ་གླིང་བཅས་ཀྱིས་གྲུབ་པའི་ཕྱོགས་ཁག་རྒྱལ་ཁབ་བཞི་ཡི་ཚོགས་སྡེ་ (Quad) ཡིས་ཀྱང་། མཉམ་ལས་ཀྱི་ཐོག་ནས་རྒྱ་ནག་གཞུང་གི་དབང་ཤུགས་རྒྱ་སྐྱེད་པར་འགོག་རྒོལ་བྱས་ཡོད་ཅིང་།   ཨེ་ཤ་ཡའི་བྱང་ཆིངས་སྒྲིག་འཛུགས་ (ASIAN NATO) སུ་འབོད་པའི་ཕྱོགས་ཁག་རྒྱལ་ཁབ་བཞིས་ཨེ་ཤ་ཡའི་ཁུལ་གྱི་རྒྱ་ནག་གཞུང་གི་དབང་ཤུགས་ལ་འགོག་རྒོལ་དང་། རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་དུ་བརྟན་སྲུང་བྱེད་ཀྱིན་ཡོད་ཅིང་།  འདས་པའི་ལོ་ཤས་རིང་རྒྱ་གར་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་ཨ་རི་དང་ཉི་ཧོང་། རྒྱ་གར་བཅས་ནས་དམག་སྦྱོང་བྱས་པར་ཨོ་སི་ཊོ་ལི་ཡ་མཉམ་ཞུགས་བྱས་མེད་ཀྱང་། ཕྱི་ལོ་ ༢༠༢༠ ལོར་ཨོ་སི་ཊོ་ལི་ཡའི་དམག་དཔུང་ཡང་དམག་སྦྱོང་དེར་མཉམ་ཞུགས་བྱས་འདུག་པས། དེ་ནི་ཨུ་རུ་སུས་ཡུ་ཁེ་རིན་ལ་བཙན་འཛུལ་བྱས་རྗེས། ཨེ་ཤ་ཡའི་རྒྱལ་ཁབ་ཁག་གིས་ཀྱང་རྒྱ་ནག་གི་གནོན་ཤུགས་ལ་འགོག་རྒོལ་དང་དོགས་ཟོན་ནན་མོ་བྱེད་ཀྱིན་ཡོད་པ་རེད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese