མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་རིགས་རྫས་བསྡུ་རུབ་མཚམས་འཇོག་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

བོད་ཀྱི་དུས་བབ།
༢༠༢༣/༠༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་བཞིས་རྒྱ་ནག་གཞུང་གིས་བོད་མིའི་རིགས་རྫས་བསྡུ་རུབ་མཚམས་འཇོག་དང་བོད་ཀྱི་བྱིས་པ་རྣམས་བཙན་གྱིས་བཅའ་སྡོད་སློབ་གྲྭར་འཇུག་གི་ཡོད་པ་མཚམས་འཇོག་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ་སོང་།

གཞུང་འབྲེལ་མིན་པའི་ཚོགས་པ་བཞིས་རྒྱ་ནག་ལ་ངོ་རྒོལ་སྤེལ། བོད་ཀྱི་དུས་བབ་ཀྱི་པར། ཕྱི་ལོ་ ༢༠༢༣ ཟླ་ ༢ ཚེས་ ༣ ཉིན།

དེ་རིང་སྔ་དྲོ་ཆུ་ཚོད་ ༡༠།༣༠ སྟེང་བཞུགས་སྒར་མེག་གྷན་སུམ་མདོ་རུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང། བོད་ཀྱི་བུད་མེད་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་སྡེ་ཚན་བཅས་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་བཞིས། ཚོགས་པ་བརྒྱ་དང་ཉི་ཤུ་ལྷག་གི་བདུན་གཅིག་ངོ་རྒོལ་ལས་འགུལ་ཀྱི་ཆ་ཤས་སུ། རྒྱ་ནག་གཞུང་ནས་བོད་མིའི་འགྲོ་འདུག་སྤྱོད་གསུམ་གྱི་མཚོན་པའི་རིགས་རྫས་བསྡུ་རུབ་མཚམས་འཇོག་དགོས་པ་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་གཞན་གྱི་རིགས་རྫས་བསྡུ་རུབ་མཚམས་འཇོག་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ་སོང་བ་མ་ཟད།  བོད་མི་རྣམས་གཙོ་བྱས་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་སོགས་ནས། ལས་འགུལ་གྱི་དགོས་འདུན་དག་ལ་རྒྱབ་སྐྱོར་གྱིས་ཨ་རིའི་གཞུང་ནས་ (Thermo Fisher) ཚོང་ལས་ཁང་གི་ལས་དོན་བྱེད་ཕྱོགས་ལ་རྟོག་ཞིབ་ནན་པོ་བྱེད་པར་འབོད་སྐུལ་ཞུ་དགོས་པའི་རེ་སྐུལ་ཡང་ཞུས་སོང་།

སྐབས་དེར་འདི་གའི་གསར་འགོད་པས། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་སུ་ལས་འགུལ་གྱི་དགོས་པ་རྒྱབ་ལྗོངས་སོགས་ཀྱི་སྐོར་ནས་དྲི་བ་དྲིས་སྐབས་ཁོང་གིས། ད་རེས་ཀྱི་ལས་འགུལ་འདི་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་བཞིས། རྒྱལ་སྤྱིའི་སྟེང་ཚོགས་པ་བརྒྱ་དང་ཉི་ཤུས་བདུན་གཅིག་རིང་སྤེལ་བཞིན་པའི་ངོ་རྒོལ་ལས་འགུལ་དེའི་ནང་མཉམ་ཞུགས་བྱས་ཏེ། རྒྱ་ནག་གཞུང་གིས་བཙན་དབང་གི་ཐོག་ནས་བོད་མིའི་རིགས་རྫས་བསྡུ་རུབ་དང་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་བྱེད་བཞིན་པ་མཚམས་འཇོག་དགོས། དེ་མཚུངས་བཞིན། ཨ་རིར་རྟེན་གཞི་བྱས་པའི་ (Thermo Fisher) འཕྲུལ་རིགས་བཟོ་ཚོང་ཁང་ནས་བོད་ནང་དང་རྒྱ་ནག་ལ་རིགས་རྫས་བརྟག་དཔྱད་གཏོང་བྱེད་ཀྱི་ཡོ་ཆས་འཚོང་རྒྱུ་མཚམས་འཇོག་དགོས་པའི་རེ་འབོད་ཞུ་བཞིན་ཡོད། ཅེས་བརྗོད་བྱུང་།

སྤྱིར་བོད་མིའི་རིགས་རྫས་བསྡུ་རུབ་མཚམས་འཇོག་དང་བོད་ནང་གི་བྱིས་པ་རྣམས་བཙན་གྱིས་བཅའ་སྡོད་སློབ་གྲྭར་འཇུག་གི་ཡོད་པ་སོགས་ཀྱི་ཐད། འདས་ལོ་ནས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་བོད་དོན་ལས་འགུལ་ལྟེ་གནས་ཁང་། དེ་བཞིན་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་དང་སྤེལ་བཞིན་ཡོད་པ་དང་། ད་རེས་ཀྱི་ལས་འགུལ་དེ་ནི་དམིགས་བསལ་འཛམ་གླིང་གི་ཚོགས་སྡེ་ཁག་ ༡༢༠ ལྷག་ནས་རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་ཁག་གི་རིགས་རྫས་བསྡུ་རུབ་མཚམས་འཇོག་དགོས་པར་དམིགས་པ་ཞིག་ཡིན་འདུག

ཚོགས་པ་བཞིའི་བསྒྲགས་གཏམ་ནང་། བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་བཞི་རྒྱལ་སྤྱིའི་ཚོགས་པ་ ༡༢༠ ལྷག་མཉམ་འབྲེལ་གྱིས་ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༣༠ ནས་བཟུང་ཟླ་ ༢ པའི་ཚེས་ ༥ བར་སྲུང་བརྩི་ཞུ་བཞིན་པའི་བདུན་ཕྲག་གཅིག་རིང་གི་རྒྱལ་སྤྱིའི་ལས་འགུལ་ནང་མཉམ་ཞུགས་ཀྱིས་རྒྱ་ནག་དམར་ཤོག་སྲིད་གཞུང་ནས་བོད་མི་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་མུས་ཐོག་བཙན་དབང་གིས་བོད་མིའི་རིགས་རྫས་བསྡུ་རུབ་བྱེད་བཞིན་ཡོད་པར་མཐའ་གཅིག་ཏུ་ངོ་རྒོལ་སྐྱོན་བརྗོད་བྱ་རྒྱུ་ཡིན།

དེ་ཡང་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ཁྲིམས་མཐུན་མིན་པའི་ཐོག་ནས་ད་བར་བོད་མི་ས་ཡ་གཅིག་ལྷག་གི་རིགས་རྫས་མཁོ་སྒྲུབ་བྱས་ཡོད་པ་མ་ཟད། ཐ་ན་ཕྲུ་གུ་ཆུང་ཆུང་ལོ་ན་ ༥ ལས་མ་སོན་པ་རྣམས་ཀྱི་རིགས་རྫས་ཀྱང་བཙན་དབང་གིས་མཁོ་སྒྲུབ་བྱེད་མུས་ཀྱིས་བོད་མི་ཚོར་གསང་བའི་ལྟ་སྲུང་གི་ལས་གཞི་རྒྱ་སྐྱེད་དང་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་དང་། དམིགས་བསལ་རྒྱ་གཞུང་གིས་བོད་མི་ཚོའི་ངོས་ནས་ཆོག་མཆན་མེད་པར་སྒེར་གྱི་གསང་གནས་བསྡུ་ལེན་གྱིས་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་དང་ཞིབ་བཤེར་དོ་དམ་བཙན་གནོན་བྱས་དང་བྱེད་མུས་ཡིན། ཨ་རིའི་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པས་འདོན་སྤེལ་ཞུས་པའི་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ལོ་འཁོར་སྙན་ཐོའི་ནང་ལ་ཡང་བོད་དེ་རང་དབང་མེད་པའི་ས་ཁུལ་ཆེས་སྡུག་ཤོས་གཅིག་ཡིན་པ་ཐེར་འདོན་ཡང་གནང་ཡོད།

གཞན་ཡང་ཨ་རིའི་ (Thermo Fisher) ཚན་རྩལ་ཁང་ནས་རྒྱ་ནག་གཞུང་ལ་བོད་མིའི་རིགས་རྫས་བསྡུ་ལེན་གྱི་ཡོ་ཆས་མཁོ་ཚོང་བྱེད་མུས་ཡིན་པས་དེ་ཡང་འཕྲལ་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། སྤྱིར་བཟོ་ཚོང་ཁང་འདིས་ཚོང་ལས་ཚུལ་བཞིན་གཉེར་གྱིན་ཡོད་རུང་རྒྱ་ནག་དམར་ཤོག་སྲིད་གཞུང་ལ་རིགས་རྫས་བསྡུ་ལེན་གྱི་ཡོ་ཆས་མཐུན་འགྱུར་སྦྱར་བར་བརྟེན། བོད་གཙོས་པའི་རྒྱ་ནག་དམར་ཤོག་སྲིད་གཞུང་གི་བཙན་གནོན་འོག་མྱངས་དང་མྱོང་བཞིན་པའི་རྒྱལ་ཁབ་ཁག་གི་ནང་དམ་དྲག་སྔར་ལྷག་ཇེ་ཆེར་དང་། ལྟ་སྲུང་གི་ནུས་པ་སྔར་ལྷག་རྒྱ་སྐྱེད་གཏོང་བཞིན་ཡོད། ཨ་རིའི་ཚན་རྩལ་ཁང་འདིའི་འགན་འཛིན་གཙོ་བོ་ (Mr. Marc Casper) ལ་ཞུ་གཏུགས་དང་ངོ་རྒོལ་སོགས་ཀྱི་ལས་འགུལ་སྣ་མང་སྤེལ་ཡང་ད་བར་ཡ་ལན་གང་ཡང་བྱས་མེད་པར་སོང་། བོད་དང་བོད་མིས་གཙོས་པའི་མཐུན་ཕྱོགས་ཀྱི་བོད་དོན་རྒྱབ་སྐྱོར་བ་ཚོ་དང་རང་དབང་ལ་དགའ་བའི་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་ཚོང་ལས་ཁང་གི་ད་ལྟའི་བྱས་ཉེས་དེ་བཞིན་ཐེར་འདོན་བྱེད་ངེས་ཡིན། ཞེས་བཀོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese