མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་རྒྱལ་སྲིད་དྲུང་ཆེ་མཆོག་གིས་ཞི་ཅིན་ཕིང་ལ་ཐུག་འཕྲད་གནང་སྐབས་བོད་དོན་གླེང་སློང་དགོས་པའི་འབོད་སྐུལ་ཞུས།

བོད་ཀྱི་དུས་བབ།
༢༠༢༣/༠༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་རྒྱལ་སྲིད་དྲུང་ཆེ་ཨེན་ཏོ་ནི་བྷི་ལིན་ཀིན་མཆོག་ཉིན་གྲངས་ ༢ རིང་རྒྱ་ནག་ཏུ་ཕེབས་ཏེ་ཞི་ཅིན་ཕིང་དང་ཕྱི་སྲིད་བློན་ཆེན་སོགས་ལ་ཐུག་འཕྲད་གནང་འཆར་ཡོད་པ་ལྟར་བོད་ནང་གི་ཛ་དྲག་གནས་སྟངས་གླེང་སློང་དང་༧གོང་ས་མཆོག་སྐུ་འཚོ་བཞུགས་སྐབས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་ཐབས་གནང་དགོས་པའི་འབོད་སྐུལ་ནན་པོ་ཞུས་འདུག

File photo of US Secretary of State Antony Blinken | Photo: Twitter | @ABlinken

ཟླ་འདིའི་ཕྱི་ཚེས་ ༥ དང་ ༦ ཉིན་ཨ་རིའི་རྒྱལ་སྲིད་དྲུང་ཆེ་སྐུ་ཞབས་ཨེན་ཐོ་ནི་བྷི་ལིན་ཀིན་( Antony Blinken )མཆོག་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་སྟེ། ཞི་ཅིན་ཕིང་དང་ཕྱི་སྲིད་བློོན་ཆེན་སོགས་ལ་ཐུག་འཕྲད་གནང་འཆར་ཡོད་པ་དང་། ད་ལན་ཨ་རིའི་བློན་ཆེན་ཁོང་རྒྱ་ནག་ཏུ་ཕེབས་པ་ཐེངས་དང་པོ་ཆགས་ཡོད་པ་རེད། ཁོང་རྒྱ་ནག་ནང་ཕེབས་འཆར་ཡོད་པ་དང་བསྟུན། ཁ་སང་ཨ་རིར་རྟེན་གཞི་བྱས་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ཕྱི་སྲིད་བློན་ཆེན་མཆོག་ལ་ཡོངས་ཁྱབ་ཐོག་འབོད་སྐུལ་ཞིག་ཞུས་པའི་ནང་། ཨ་རིའི་ཕྱི་སྲིད་བློན་ཆེན་མཆོག་རྒྱ་ནག་ནང་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་སྐབས། རྒྱ་ནག་གི་མགོ་ཁྲིད་དང་ལྷན་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་འཚོ་བཞུགས་སྐབས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་ནན་སྐུལ་གནང་རྒྱུ་དང་། ཕྱི་ལོ་ ༢༠༢༠ ཟླ་ ༩ པའི་ནང་སྲིད་འཛིན་བྷའེ་ཌིན་མཆོག་སྲིད་འཛིན་གྱི་འོས་མིར་བཞེངས་སྐབས། ཁོང་གིས་བོད་དོན་ཐོག་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་གནང་ཡོད་པ་ལྟར། ཕྱི་ལོ་ ༢༠༡༠ ནས་བཟུང་བོད་རྒྱ་འབྲེལ་མོལ་མཚམས་ཆད་པ་དང་། བོད་ནང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་སྟབས། ཨ་རིའི་ངོས་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་ཐུགས་འགན་བཞེས་དགོས་པའི་འབོད་སྐུལ་ཞུས་འདུག

ཡང་བློན་ཆེན་མཆོག་གིས་རྒྱ་ནག་གི་མགོ་འཁྲིད་དང་ཐུག་འཕྲད་གནང་སྐབས། བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཀློད་གྲོལ་གཏང་དགོས་པ་དང་། དམིགས་བསལ་གྱིས་༧པཎ་ཆེན་རིན་པོ་ཆེ་དང་སྒོ་ཤེས་རབ་རྒྱ་མཚོའི་གནད་དོན་ཐད་གླེང་སློང་གནང་དགོས་སྐོར་དང་། རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་ཤུགས་ཆེན་བྱས་དང་བྱེད་མུས་ཡིན་པར་བརྟེན། རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་བོད་ནང་གི་དངོས་ཡོད་ཀྱི་གནས་སྟངས་ཁ་གསལ་ཤེས་ཀྱི་མེད་སྐོར་དང་། བོད་ནང་གི་བོད་མི་རྣམས་ལ་འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་མེད་པར་བརྟེན། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐོག་ལ་འདྲི་རྩད་ནན་པོ་བྱ་དགོས་སྐོར། དེ་བཞིན་རྒྱ་ནག་གིས་ཐའེ་ཝན་དང་རྒྱ་གར་ཐོག་དྲག་ཤུགས་སྤྱོད་བཞིན་ཡོད་པ་དེ་ནམ་ཡང་ངོས་ལེན་གནང་ཐབས་མེད་པ་སོགས་ཞུས་འདུག དེ་བཞིན་རྒྱ་ནག་གི་མི་སེར་རྣམས་ཨ་རིར་བསྐྱོད་རྒྱུར་དམ་དྲག་མེད་ཀྱང་། ཨ་རིའི་མི་སེར་རྣམས་བོད་ལ་བསྐྱོད་རྒྱུར་དམ་དྲག་བྱེད་བཞིན་ཡོད་པ་དང་། ཨ་རིའི་མི་སེར་ཡིན་པའི་བོད་མི་རྣམས་ལ་རང་ཉིད་ཀྱི་ཕ་མ་སྤུན་མཆེད་རྣམས་ལ་ཐུག་འཕྲད་ཆེད་བོད་དུ་སྐྱོད་པའི་མཐོང་མཆན་རག་གི་མེད་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་སོགས་ཞུས་འདུག

ཨ་རིའི་གྲོས་ཚོགས་འཐུས་མི་ ༡༤ ཡིས་ཕྱི་སྲིད་བློན་ཆེན་མཆོག་ལ་འབོད་སྐུལ་ཞུ་ཡིག་ཕུལ། ༢༠༢༣།༠༢།༠༡ པར་སྒྲིག་བཟོ་བྱས།

དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༡ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་རོ་བྷིའོ་ལགས་ཀྱིས་དབུ་ཁྲིད་པའི་གྲོས་ཚོགས་འཐུས་མི་ཁྱོན་ ༡༤ ཐུན་མོང་གི་ཐོག་ནས་ཕྱི་སྲིད་བློན་ཆེན་མཆོག་ལ་འབོད་སྐུལ་ཞུ་ཡིག་ཅིག་ཕུལ་ཏེ། ཨ་རིའི་སྲིད་འཛིན་བྷའེ་ཌིན་དང་ཊོམ་ཕུ་སྲིད་གཞུང་གཉིས་ཀྱིས། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་པ་མ་ཟད། ཡུ་གུར་གྱི་ངལ་རྩོལ་བསྒྱུར་བཀོད་ཁང་སོགས་སུ་གསང་སྟབས་ཀྱིས་སྡུག་སྦྱོང་མནར་གཅོད་དང་བཙན་གཡེམ་བྱས་པ། ཚད་ལས་འདས་པའི་བཙན་གནོན་སོགས་བྱེད་ཀྱིན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་ལྟར། ཕྱི་སྲིད་བློན་ཆེན་མཆོག་གིས་ད་ལན་ངེས་པར་དུ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐད་ལ་རྒྱུས་ལོན་གནང་དགོས་པ་མ་ཟད། རྒྱ་ནག་གཞུང་གིས་ཁྲིམས་མཐུན་མིན་པའི་བྱ་སྤྱོད་དེ་དག་ཐེར་འདོན་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

ཨ་རི་དང་རྒྱ་ནག་གཉིས་བར་དཔལ་འབྱོར་དང་དམག་དོན། ཚན་རྩལ་ཆབ་སྲིད་སོགས་ཀྱི་ཐོག་ནས་རྩོད་རྙོག་དང་ཕན་ཚུན་སྐྱོན་འཛུགས་རྒྱུན་མ་ཆད་པར་ཡོང་བཞིན་ཡོད་ཀྱང་། འདས་ལོར་འཛམ་གླིང་སྟོབས་ལྡན་རྒྱལ་ཁབ་ ༢༠ ཡི་ལྷན་ཚོགས་སྐབས་ཨ་རིའི་སྲིད་འཛིན་བྷའེ་ཌིན་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས་ཏེ་ཕྱོགས་གཉིས་ཀྱི་འགལ་ཟླ་མང་པོ་ཞིག་གི་ཐོག་གྲོས་མོལ་བྱུང་ཡོད་པའི་གནས་ཚུལ་ཐོན་ཡོད་ལ། འདི་ལོའི་ཕྱི་ཟླ་དང་པོའི་ནང་ཨ་རིའི་ནོར་སྲིད་བློན་ཆེན་ལྕམ་སྐུ་རྗེ་ནེ་ཊི་ཡེལ་ལིན་(Janet Yellen)མཆོག་དང་། ཞི་ཅིན་ཕིང་གཞུང་གི་དཔལ་འབྱོར་ཐད་ཀྱི་གཙོ་གནད་མི་སྣ་སྲིད་བློན་གཞོན་པ་ལུའུ་ཧེ་ཐུག་འཕྲད་གནང་ཡོད་པ་དང་། མི་འགྱངས་བར་ལྕམ་སྐུ་རྗེ་ནེ་ཌི་མཆོག་རྒྱ་ནག་ཏུ་ཕེབས་པའི་འཆར་གཞིའང་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༡༧/༧/༡༩
Mobile App

དཔའ་བོའི་མངོན་འདོད་རྒྱུན་མཐུད་ཀྱི་ཟས་བཅད་ངོ་རྒོལ་སྤེལ་མགོ་བཙུགས།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

༢༠༢༦/༠༧/༡༨
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese