མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབྲས་ནད་ཡོད་མེད་སྔ་ས་ནས་ཤེས་རྟོགས་ཐུབ་ཚེ་བཅོས་ཐབས་ཡོད།

བོད་ཀྱི་དུས་བབ།
༢༠༢༣/༠༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་འབྲས་ནད་ཚོགས་པས་ཆེད་མཁས་མི་སྣ་གདན་ཞུ་བྱས་ཏེ་འབྲས་ནད་སྐོར་ལ་གོ་རྟོགས་ལས་འགུལ་སྤེལ་སོང་།

དེ་རིང་རྒྱལ་སྤྱིའི་འབྲས་ནད་ཉིན་མོ་དང་བསྟུན། བོད་ཀྱི་འབྲས་ནད་ཚོགས་པའི་ངོས་ནས་གངས་ཅན་སྐྱིད་གཤོངས་སུ། བོད་མི་རྣམས་ཀྱི་ཁྲོད་ཁྲག་ཤེད་དང་། གཅིན་སྙི་ཟ་ཁུ་ལ་སོགས་པའི་བརྟག་དཔྱད་བྱེད་ཀྱི་ཡོད་པ་དང་འབྲེལ། འབྲས་ནད་སྐོར་གྱི་གོ་རྟོགས་ལས་འགུལ་ཞིག་སྤེལ་གནང་སོང་བ་དང་། ཕྱི་དྲོའི་ཆུ་ཚོད་ ༤ ཡས་མས་ཤིག་ལ་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་འབྲས་ནད་སྐོར་གྱི་གོ་རྟོགས་གཏམ་བཤད་སྐབས། བོད་ཀྱི་འབྲས་ནད་ཚོགས་པའི་འགན་འཛིན་ཚུལ་ཁྲིམས་རྡོ་རྗེ་ལགས་ཀྱིས། ཕྱི་ལོ་ ༢༠༡༤ ཡི་ལོ་མཇུག་ནས་བོད་ཀྱི་འབྲས་ནད་ཚོགས་པའི་ལས་གཞི་མགོ་བཙུགས་ཡོད་པ་དང་། འདས་པའི་ལོ་ངོ་ ༩ ལྷག་རིང་ལས་ཀ་བྱས་ཏེ་བོད་པའི་གཞིས་ཆགས་ཁག་ལ་སྐོར་བསྐྱོད་བྱས་ཏེ། ད་བར་དུ་ཀྲུ་ཀྲིང་ཕུད་པའི་རྒྱ་གར་དུ་ཡོད་པའི་བོད་པའི་གཞིས་ཆགས་ཁག་ཡོངས་སུ་སྐྱོད་ཐུབ་ཡོད་པ་དང་། ཉེ་ལམ་བལ་ཡུལ་དུ་ཟླ་བ་གཅིག་རིང་འབྲས་ནད་ཀྱི་ནད་རྟགས་ཡོད་མེད་ཀྱི་བརྟག་དཔྱད་བྱེད་ཐུབ་ཡོད་སྐོར་དང་། ཚོགས་པའི་ངོས་ནས་བོད་པ་ཙམ་མིན་པར་རྒྱ་གར་དང་ཕྱིའི་རྒྱལ་ཁབ་ཀྱི་མི་རིགས་སོགས་དབྱེ་འབྱེད་མེད་པར་འབྲས་ནད་བཅོས་ཐབས་སུ་མཐུན་རྐྱེན་རོགས་རམ་བྱས་དང་བྱེད་མུས་ཡིན་པ་དང་། ཚོགས་པའི་ནང་ལས་བྱེད་ ༢༠ ཡོད་པའི་ཁྲོད་སྨན་ཞབས་ ༧ དང་ནད་པ་འདྲེན་འཁོར་གྱི་ཁ་ལོ་བ་ ༢། སྤྱི་ཐབ་ནང་དུ་མི་ ༤ དང་ལས་ཁུངས་ཀྱི་ལས་བྱེད་ ༢། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་ཉེར་མཁོ་ཚོང་ཁང་དུ་མི་ ༣། སུ་ཇ་བོད་ཁྱིམ་སློབ་གྲྭར་མི་ ༢ ཡོད་པ་དང་། དྭང་བླངས་ཞབས་ཞུ་བ་མང་པོ་ཡོད་པ་སོགས་ད་ལྟའི་ཆར་ཚོགས་པའི་ནང་ཁྱོན་མི་ ༡༠༠ ཡོད་སྐོར་སོགས་འགྲེལ་བརྗོད་གནང་སོང་།

ཁོང་གིས་མུ་མཐུད། ང་ཚོས་འབྲས་ནད་ནད་རྟགས་ཡོད་མེད་སོགས་གང་མགྱོགས་ཤེས་རྟོགས་བྱུང་ཚེ། དེ་ལ་སྨན་བཅོས་བྱ་ཐུབ་ཀྱི་ཡོད་སྐོར་དང་། འདས་པའི་ལོ་ངོ་ ༩ ལྷག་རིང་ལས་ཀ་བྱས་ཏེ་བོད་པའི་གཞིས་ཆགས་ཁག་ལ་སྐྱོད་ཀྱི་ཡོད་པ་དང་། དེའི་བརྒྱུད་རིམ་ཁྲོད་ནས་རྒྱ་བལ་འབྲུག་གསུམ་ནང་གི་གཞིས་ཆགས་ཁུག་ཀྱོག་ཁག་ལ་སྨན་བཅོས་དང་བརྟག་དཔྱད་ཀྱི་མཐུན་རྐྱེན་ཏག་ཏག་མ་རག་པའི་གནས་སྟངས་ཡོད་པ་དོ་སྣང་བྱུང་བར་བརྟེན། བོད་མི་སྤྱི་ཡོངས་དང་། ལྷག་པར་དུ་གྲོས་ཚོགས་དང་འཕྲོད་བསྟེན་ལས་ཁུངས་ངོས་ནས་གྲོས་བྱས་ཏེ་མ་འོངས་པར་དཀའ་ངལ་དེའི་རིགས་སེལ་ཐབས་སུ་ཚོགས་པའི་ངོས་ནས་གང་ཐུབ་ཅི་ཐུབ་ཀྱིས་རོགས་རམ་མུ་མཐུད་དུ་བྱེད་ཀྱི་ཡིན་སྐོར་སོགས་བརྗོད་སོང་།

༧སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་ཀྱིས། དེང་སང་གི་སྤྱི་ཚོགས་ནང་དུ་འབྲས་ནད་ཀྱི་འགྲོ་སོང་དཀའ་ངལ་ཆེ་ཤོས་ཤིག་རེད། འབྲས་ནད་མི་འབྱུང་བར་གཙོ་ཆེ་ཤོས་སྔོན་འགོག་རེད། ཐ་མག་དང་ཆང་གཉིས་འབྲས་ནད་བཟོ་མཁན་གཙོ་བོ་ཡིན་ཡང་། གཞོན་སྐྱེས་ནང་དུ་ཆང་རག་འཐུང་མཁན་མང་དུ་འགྲོ་ཡི་ཡོད་པ་ལས་ཉུང་དུ་འགྲོ་ཡི་མི་འདུག ཉེ་ཆར་འཛམ་གླིང་འཕྲོད་བསྟེན་ཚོགས་པས་གསལ་བསྒྲགས་གསར་བ་ཞིག་སྤེལ་ཡོད་པའི་ནང་དུ། ཆང་ཨ་རག་ཅུང་ཙམ་གྱིས་ཀྱང་འབྲས་ནད་འབྱུང་བའི་ཉེན་ཁ་ཡོད་པ་འགྲེལ་བཤད་བྱས་འདུག  བོད་པའི་སྤྱི་ཚོགས་ནང་དུ་མཆིན་པའི་གཉན་ཚད་ཀྱི་དཀའ་ངལ་གྱིས་སྔོན་འགོག་ལས་གཞི་ཆེན་པོ་སྤེལ་བཞིན་ཡོད། རང་ཉིད་གཅིག་པོ་ནད་གཞི་དེ་འགོས་མེད་པ་ཙམ་གྱིས་ཕན་ཐོགས་འབྱུང་གི་མེད། གཉེན་མི་དང་དགའ་ཉེ་སོགས་འབྲེལ་བ་ཡོད་པའི་དཀའ་ངལ་ཡོད་མཁན་ཡོང་གི་འདུག ཧ་གོ་ཚར་དུས་མཆིན་པའི་འབྲས་ནད་ཆགས་བསྡད་འདུག བོད་སྨན་ནང་དུ་འབྲས་ནད་སྔོན་འགོག་བྱེད་ཐུབ་ཀྱི་ཡོད་པ་རེད་ལ། ཕྱིས་སུ་བུ་སྣོད་ཀྱི་འབྲས་ནད་ལ་སྔོན་འགོག་བྱེད་ཐུབ་པའི་རྒྱ་གར་སྨན་ཐོན་ཡོད། སྔོན་འགོག་ཁབ་དེ་བརྒྱབ་ན་འབྲས་ནད་སྔོན་འགོག་བྱེད་ཐུབ་ཀྱི་ཡོད་པ་རེད། སྔོན་འགོག་སྨན་དེ་རིགས་ཤེས་དགོས་པ་གལ་ཆེན་རེད། འབྲས་ནད་མང་ཤོས་ནི་ལོ་རྒན་པ་དེ་ཚོ་ན་ཡི་ཡོད་པ་རེད། ནད་གཞི་ཡོད་མེད་བརྟག་དཔྱད་མ་བྱས་པར་ཡུན་རིང་འགོར་དུས་རྗེས་སུ་འཕྱི་དྲགས་པ་རེད། ནད་གཞི་ཡོད་མཁན་སྔ་པོ་ཤེས་མཁན་ཚོར་ཏན་ཏན་ཕན་ཐོགས་ཀྱི་འདུག དྷ་རམ་ས་ལའི་ནང་ཕོ་བའི་འབྲས་ནད་ཡོད་པ་ཤེས་མཁན་ནང་དུ་དྲག་སྐྱེད་བྱུང་བ་མང་པོ་ཡོད། ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་དུ། འབྲས་ནད་ཀྱི་ནད་གཞིར་དེང་རབས་ཀྱི་སྨན་དང་གསོ་བ་རིག་པ་གཉིས་མཉམ་དུ་སྦྱར་དགོས་ཀྱི་འདུག དེ་ཧ་ཅང་གལ་ཆེན་པོ་རེད། འབྲས་ནད་རིགས་ཅིག་བོད་ཀྱི་གསོ་བ་རིག་པས་ཕན་ཐོགས་ཆེན་པོ་བྱུང་འདུག དེང་དུས་འཕྲུལ་ཆས་ཀྱིས་འབྲས་ནད་ནད་གཞི་མགྱོགས་པོར་ངོས་ཟིན་གྱི་འདུག ངོས་འཛིན་བྱེད་ཐུབ་ཀྱང་བཅོས་རྒྱུ་མེད་པའི་རིགས་ལ་བོད་སྨན་གྱི་ཕན་ཐོགས་པ་དེ་འདྲ་འདུག ༧གོང་ས་མཆོག་གི་དགོངས་གཞིའི་འོག་འཕྲོད་བསྟེན་ལྷན་ཁང་གིས་གསོ་རིག་དང་དེང་རབས་ཟུང་འབྲེལ་གྱི་ལས་གཞི་འགྲོ་ཡི་ཡོད་པ་དེའི་ནད་གཞི་ཁག་ལ་དགེ་ཕན་ཆེན་པོ་འདུག འབྲས་ནད་ཚོགས་པས་ཏོག་དབྱིབས་གཉན་རིམས་ཀྱི་སྐབས་སུ་དཀའ་ལས་ཞེ་དྲགས་བརྒྱབ་སོང་། བོད་པའི་སྤྱི་ཚོགས་ནང་དུ་ཕན་ཐོགས་དཔེ་ཡག་པོ་བྱུང་སོང་། ཞེས་གསུངས་སོང་།

མཐར་ལྡི་ལིར་ཡོད་པའི་ར་ཇིབ་གྷན་དྷི་འབྲས་ནད་སྨན་ཁང་གི་སྨན་པ་ (Dr. Manish Sharma) ལགས་ཀྱིས་ནུ་མའི་འབྲས་ནད་ (Breast Cancer) དང་བུ་སྣོད་འབྲས་ནད་ (Cervical Cancer) ཀྱི་ནད་རྟགས་ངོ་སྤྲོད་གནང་བ་དང་། འབྲས་ནད་དེ་དག་ལ་བཅོས་ཐབས་ཡོད་ཅིང་སྨན་ཁབ་ཀྱང་ཡོད་སྐོར་དང་། འབྲས་ནད་ཡོད་མེད་དེ་སྔ་ས་ནས་རྩད་གཅོད་བྱས་པ་དང་ཤེས་རྟོགས་བྱུང་བ་ཡིན་ན། དེ་ལ་བཅོས་ཐབས་ཡོད་པ་དང་། གལ་ཏེ་ནད་རིགས་གང་འདྲ་ཞིག་ཡིན་རུང་སྨན་ཟས་ཀྱང་དྲག་གི་མེད་པ་ཡིན་ན། དེ་ནི་འབྲས་ནད་ཡིན་པས། ཚང་མས་རང་ཉིད་ཀྱི་འཕྲོད་བསྟེན་ལ་དོ་སྣང་དང་གཅེས་སྐྱོང་ལེགས་པོ་བྱ་དགོས་སྐོར་སོགས་ལམ་སྟོན་གནང་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ་དང་བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རྣམ་གླིང་རྫོང་ཁོངས་སུ་ཁུང་ཙིའི་སློབ་གསོ་ལག་བསྟར་མགོ་འཛུགས་བྱས།

ཆུ་ཚོད་ ༢ སྔོན་ལ།
TTT
Mobile App

བོད་མི་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་གང་ཐུབ་གནང་རྒྱུ་ཡིན་པ་བསྐྱར་ནན་གསུངས།

ཆུ་ཚོད་ ༥ སྔོན་ལ།
རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་པའི་དཔེ་དེབ་དབུ་འབྱེད། པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༦།༡༢
Mobile App

ང་ཚོས་རྒྱ་ནག་གི་དྲག་གནོན་ལ་འཚེ་མེད་ཞི་བའི་ཐོག་ནས་ཁ་གཏད་བཅག་པ་ནི་རྗེས་དྲན་བྱ་འོས་པ་ཞིག་ཡིན།

༢༠༢༦/༠༦/༡༢
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་སྔོན་འགྲོའི་ཉན་ཞིབ་ཚོགས་པ་དང་འབྲེལ་བའི་ཐག་གཅོད་གནང་སྐབས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་པར།
Mobile App

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢
བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་ལ་མཆོད་འབུལ་སྨོན་ལམ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༦།༡༢
Mobile App

བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་འདས་གྲོངས་སུ་གྱུར།

༢༠༢༦/༠༦/༡༢
Front Slider

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese