མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་གནམ་མཚོ་ཕྱུག་མོའི་ཁུལ་དུ་ཕྱིན་ན་ཉེས་ཆད་གཅོད་རྒྱུ་ཡིན་ཟེར།

བོད་ཀྱི་དུས་བབ།
༢༠༢༣/༠༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

བོད་རང་སྐྱོང་ལྗོངས་ནག་ཆུ་དཔལ་མགོན་རྫོང་རིག་གནས་ཡུལ་སྐོར་ཚན་པ་ཟེར་བས་བྱང་གནམ་མཚོ་ཕྱུག་མོའི་ཁུལ་དུ་འཆར་འགོད་ལས་དོན་སྤེལ་བཞིན་ཡོད་པས་ཡུལ་སྐོར་བ་འགྲོ་སྐྱོད་མི་ཆོག་པ་དང་གལ་སྲིད་ཁུལ་དེར་འགྲོ་སྐྱོད་བྱས་པ་ཡིན་ན་རྒྱ་སྒོར་ ༥༠༠༠ མན་གྱིས་ཉེས་ཆད་གཅོད་རྒྱུ་ཡིན་སྐོར་བསྒྲགས།

བོད་ཀྱི་མཚོ་ཆེན་བཞི་ཡི་ཡ་གྱལ་བྱང་གནམ་མཚོ་ཕྱུག་མོ། ཧྥ་ལོ་རཱིན་(Florian Delalee )་གྱི་པར།

ཟླ་འདིའི་ཕྱི་ཚེས་ ༣ ཉིན་བོད་རང་སྐྱོང་ལྗོངས་ནག་ཆུ་ཁུལ་དཔལ་མགོན་རྫོང་རིག་གནས་ཡུལ་སྐོར་ཚན་པ་དང་གནམ་མཚོ་དོ་དམ་ཚན་པ་ཟེར་བས་མཚན་གུང་གསལ་བསྒྲགས་ཤིག་སྤེལ་ཏེ། གནམ་མཚོ་ཕྱུག་མོའི་ཁུལ་དུ་ཡུལ་སྐོར་སོགས་ཀྱི་བྱེད་སྒོ་རིགས་ཅི་ཡང་སྤེལ་མི་ཆོག་པའི་དོན་ཚན་གསུམ་ཅན་གྱི་གསལ་བསྒྲགས་ཞིག་སྤེལ་ཡོད་པའི་ནང་དུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲོལ་ཡིག་གི་དོན་ཚན་སོ་བཞི་པའི་གཏན་འབེབས་ལྟར། རང་དགར་རང་བྱུང་སྲུང་སྐྱོབ་ཁུལ་དུ་ལས་ཁུངས་དང་མི་སྒེར་སུ་ཞིག་འཛུལ་བའམ་ཡང་ན་ཆོག་མཆན་མ་ཐོབ་པར་རང་འདོད་དུ་རང་བྱུང་སྲུང་སྐྱོབ་ཁུལ་དུ་འགྲོ་བ་དང་། དོ་དམ་ཚན་པའི་དོ་དམ་ལ་ཁ་ཡ་མ་བྱས་པ་བཅས་ལ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དོ་དམ་ཚན་པས་དེར་ཡོ་བསྲང་བྱེད་དགོས་པའི་བཀའ་གཏོང་རྒྱུ་དང་། གནས་ཚུལ་ལ་གཞིགས་ཏེ་རྒྱ་སྒོར་ ༡༠༠ ཡན་ནས་སྒོར་ ༥༠༠༠ མན་གྱི་དངུལ་ཆད་གཅོད་རྒྱུ། རང་དགར་བསྐྱོད་པའི་རིགས་ལ་རྫོང་རིམ་པའི་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན་ལ། མཇུག་འབྲས་ཚང་མ་རང་གིས་འགན་འཁུར་དགོས་པ་དང་། ཁྲིམས་དང་སྒྲིག་སྲོལ་ལྟར་འབྲེལ་ཡོད་སྡེ་ཚན་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲོད་བྱ་རྒྱུ་ཡིན་སྐོར་དང་།  གལ་སྲིད་ཁུལ་དེར་ཚན་རིག་རྟོག་ཞིབ་དང་བརྟག་ཞིབ་བྱེད་པར་བསྐྱོད་དགོས་ཚེ་ཆོག་མཆན་བླངས་རྗེས་ད་གཟོད་ལས་དོན་སྤེལ་ཆོག་སྐོར་བསྒྲགས།

དེ་བཞིན་ད་ལྟ་འཆར་འགོད་ལེགས་སྒྲིག་གི་ལས་དོན་སྤེལ་བཞིན་པའི་སྒང་ཡིན་པ་དང་། སྒོ་འབྱེད་ཀྱི་འབྲེལ་ཡོད་འགྲོ་ལུགས་གཉེར་ཚར་རྗེས་སྤྱི་བསྒྲགས་སྤེལ་ངེས་ཡིན་པས་རང་འགུལ་ངང་འབྲེལ་ཡོད་འོས་འགན་བསྒྲུབ་དགོས་པ་དང་། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུས་ཏེ། ཁུལ་དེའི་ཆེས་གདོད་མ་དང་། སྐྱེ་ཁམས། མཛེས་ཤོས། མཚོན་བྱེད་རང་བཞིན་ལྡན་ཤོས་བཅས་ཀྱི་རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་མཛེས་ལྗོངས་ལ་མཉམ་དུ་སྲུང་སྐྱོང་ཡག་པོ་བྱེད་དགོས་སྐོར་བརྗོད་འདུག

བོད་ཀྱི་མཚོ་ཆེན་བཞི་ཡི་ཡ་གྱལ་བྱང་གནམ་མཚོ་ཕྱུག་མོ་ནི་བོད་ཀྱི་རྒྱལ་ས་ལྷ་ས་ནས་བྱང་ཕྱོགས་སུ་ཡོད་པའི་འདམ་གཞུང་དང་ནག་ཆུའི་དཔལ་མགོན་རྫོང་གཉིས་བར་གྱི་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་ ༤༧༠༠ ལྷག་ཙམ་ཡོད་པའི་མཐོ་སྒང་དུ་ཆགས་ཡོད་པ་དང་། ཤར་ནུབ་ཀྱི་དཀྱིས་སུ་སྤྱི་ལེ་ ༧༠ དང་། ལྷོ་བྱང་གི་ཞེང་དུ་སྤྱི་ལེ་ ༣༠ ཡོད་འདུག སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༡༩༢༠ ཙམ་ཡོད་སྟབས། བོད་ཀྱི་མཚོ་སྔོན་པོའི་རྗེས་ཀྱི་ཚྭ་མཚོ་ཆེ་ཤོས་དེ་ཡིན་འདུག གནམ་མཚོ་ཕྱུག་མོའི་མཚོ་དབུས་སུ་གླིང་ཕྲན་གསུམ་ཡོད་ཅིང་། དེ་དག་ནི་རྡོའི་ཀ་བ་དང་བྲག་ཕུག་སོགས་ཀྱི་དབྱིབས་ཅན་ངོ་མཚར་བའི་རང་བྱུང་བཀོད་པས་ཁེངས་བ་ཞིག་ཡིན་འདུག དཔྱིད་ཀ་དང་སྟོན་ཁར་ས་ཕྱོགས་འདྲ་མིན་ནས་བྱ་རིགས་སྣ་ཚོགས་ཡོང་སྟེ་གནས་མལ་བཟོ་ཡི་ཡོད་པ་མ་ཟད། མཚོ་དེའི་རྒྱུད་དུ་འབྲོང་དང་། དགོ་བ། ཤྭ་བ་སོགས་རི་སྐྱེས་སེམས་ཅན་སྣ་ཚོགས་ཀྱིས་བག་གཡེང་དུ་འཚོ་སྡོད་བྱེད་བཞིན་ཡོད་འདུག རྐང་ཐང་དུ་གཉན་ཆེན་ཐང་ལྷ་བརྒྱུད་ནས་མཚོ་སྐོར་དུ་སོང་ན་ཉིན་ ༢༠ ལྷག་འགོར་ཞིང་། རྐང་ཐང་དུ་གནམ་མཚོ་ཕྱུག་མོར་བསྐོར་དུ་ཕྱིན་ན་ཉིན་ ༡༠ ཙམ་འགོར་གྱི་ཡོད་འདུག བོད་ཀྱི་མ་ཕམ་གཡུ་མཚོ་དང་ཡར་འབྲོག་གཡུ་མཚོ། མཚོ་སྔོན་པོ། གནམ་མཚོ་ཕྱུག་མོ་བཅས་ལ་མཚོ་ཆེན་བཞི་ཞེས་མིང་དུ་གྲགས་ཡོད་པ་རེད།

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese