མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཚོགས་ཀྱི་ཆེད་མཁས་པས་བོད་ནང་གི་རྒྱ་བསྒྱུར་སྲིད་ཇུས་ལ་སྐྱོན་བརྗོད་གནང་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༢/༠༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་ཚོགས་ཀྱི་སློབ་གསོའི་ཆེད་མཁས་གསུམ་ནས་རྒྱ་གཞུང་གིས་བོད་ནང་གི་ཕ་མ་བུ་ཕྲུག་རྣམས་བཙན་གྱིས་ཁ་བྲལ་དུ་བཏང་སྟེ་བཅའ་སྡོད་སློབ་གྲྭ་ཁག་གི་ནང་བཅུག་སྟེ་བོད་ཀྱི་སྐད་ཡིག་རིག་གཞུང་དང་བཅས་པ་རྩ་གཏོང་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་དེར་སྐྱོན་བརྗོད་ནན་པོ་གནང་འདུག

རྒྱལ་ཚོགས་ཀྱི་ཆེད་མཁས་པ་གསུམ་གྱིས་རྒྱ་ནག་གཞུང་གིས་བོད་ནང་རྒྱ་བསྒྱུར་བཙན་གནོན་བྱེད་བཞིན་པར་སྐྱོན་བརྗོད་གནང་། པར་བཟོ་སྒྲིག་བྱས།

ཟླ་འདིའི་ཕྱི་ཚེས་ ༦ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲངས་ཉུང་མི་རིགས་གནད་དོན་ཐོག་དམིགས་བསལ་ཆེད་མཁས་པ་སྐུ་ཞབས་ཧྥར་ནཱན་ཌི་ཊེ་ཝཱ་རེན་ནེས་(Fernand de Varennes) ལགས་དང་། སློབ་གསོའི་ཐོབ་ཐང་ཐོག་དམིགས་བསལ་ཆེད་མཁས་པ་ལྕམ་ཧྥ་རི་ཌ་ཤཱ་ཧེ་ཌི(Farida Shaheed)ལགས། རིག་གཞུང་ཐོབ་ཐང་ཐོག་ཆེད་མཁས་པ་ཨ་ལེ་ཛིན་ཌ་ཛིན་ཐཱ་ཁི་(Alexanda Xanthaki) ལགས་བཅས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་གི་བྱིས་པ་འབུམ་ ༡༠ བཙན་གྱིས་ཕ་མ་དང་ཁ་བྲལ་དུ་བཅུག་སྟེ། རྒྱ་ནག་གཞུང་གི་བཅའ་སྡོད་སློབ་གྲྭར་བཅུག་ནས་བོད་ཀྱི་སྐད་ཡིག་རིག་གཞུང་རྩ་གཏོར་གཏོང་བཞིན་པར་སྐྱོན་བརྗོད་གནང་བའི་ནང་། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་འདིས་བོད་ཀྱི་ཆོས་དད་རང་དབང་དང་། སྐད་ཡིག་ཐོབ་ཐང་སོགས་རྩིས་མེད་རྡོག་རོལ་བཏང་ཡོད་པ་མ་ཟད། རྒྱ་ནག་གཅིག་གི་སྲིད་ཇུས་ལངས་ཕྱོགས་ཐོག་ནས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་མཁན་དང་ཤེས་ཡོན་པ་བཅས་ལ་གདུག་རྩུབ་མནར་གཅོད་གཏོང་བཞིན་ཡོད་སྐོར་གསལ་བསྒྲགས་གནང་འདུག

ཡང་ཆེད་མཁས་པ་དེ་གསུམ་གྱིས་རྒྱ་ནག་གཞུང་གི་བཅའ་སྡོད་སློབ་གྲྭའི་ནང་དུ་བོད་སྐད་ཡིག་དང་། ལོ་རྒྱུས། རིག་གཞུང་སོགས་སྦྱོང་སའི་ཁོར་ཡུག་ཅི་ཡང་མེད་པ་མ་ཟད། སློབ་ཚན་ཚང་མ་རྒྱའི་སྐད་ཡིག་གཅིག་པོའི་ཐོག་ནས་སློབ་སྦྱོང་བྱེད་དགོས་པས། བོད་པའི་བྱིས་པ་རྣམས་ལ་རང་ཉིད་ཀྱི་སྐད་ཡིག་སྦྱོང་བའི་གོ་སྐབས་འཕྲོག་ཡོད་པ་དང་།  ཕ་མ་བུ་ཕྲུག་རྣམས་ཁ་བྲལ་བའི་འཚོ་བ་རོལ་བཞིན་ཡོད་པས་བོད་ཀྱི་ངོ་བོ་རྩ་བརླག་ཏུ་གཏོང་ཐབས་བྱེད་བཞིན་ཡོད་ལ། ཉེ་བའི་ལོ་འདི་དག་གི་རིང་རྒྱ་ནག་གི་ས་གནས་ཁག་ཏུ་བཅའ་སྡོད་སློབ་གྲྭ་མང་པོ་ཡོད་པའི་ནང་བོད་པའི་བྱིས་པ་རྣམས་ཀྱིས་བརྒྱ་ཆ་ ༢༠ ལྷག་ཟིན་གྱི་ཡོད་འདུག  ཞེས་འགྲེལ་བརྗོད་གནང་འདུག

དེའི་ཐད་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས། རྒྱལ་ཚོགས་ཀྱི་ཆེད་མཁས་པའི་གསར་འགོད་གསལ་བསྒྲགས་བྱས་པ་བཞིན་བོད་ནང་གི་ཕ་མ་བུ་ཕྲུག་ཁ་བྲལ་བཅུག་སྟེ། རྒྱ་ནག་གི་བཅའ་སྡོད་སློབ་གྲྭ་ཁག་ནང་བོད་པའི་བྱིས་པ་རྣམས་ལ་རྒྱ་སྒྱུར་སློབ་གསོ་སྤྲོད་བཞིན་པའི་གྲངས་འབོར་ཧ་ཅང་མཐོ་བོ་ཡོད་པས། དེ་ནི་བོད་ཀྱི་སྐད་ཡིག་རིག་གཞུང་རྩ་མེད་གཏོང་བའི་འཆར་གཞི་ཞིག་ཡིན་པར་བརྟེན། རྒྱལ་ཚོགས་ཀྱིས་བཅའ་སྡོད་སློབ་གྲྭ་དེ་དག་སྒོ་བརྒྱག་ཏུ་འཇུག་དགོས་པའི་སྙན་ཐོ་འདོན་དགོས་སྐོར་བརྗོད་འདུག

བོད་མགོ་ལོག་རྨ་སྟོད་རྫོང་ཁོངས་ཀྱི་སློབ་ཆུང་ཞིག པར་བོད་ནས་འདི་གར་མཁོ་སྤྲོད་བྱས།

ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༣༠ ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དང་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇེ་ཧྥི་རེ་ཨ་མེར་ཁི་ལེས་(Jeff Merkley)མཆོག་དང་། གྲོས་ཚོགས་འོག་མའི་འཐུས་མི་ཇེམ་མེག་གྷོ་ཝིན་(Jim McGovern)་མཆོག་རྣམ་གཉིས་ཀྱིས། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་སྐུ་ཞབས་ཝོལ་ཁེར་ཌུར་ཀ་(Volker Turk)མཆོག་གི་མཚན་ཐོག་ཏུ་བོད་ནང་གི་བྱིས་པ་རྣམས་བཙན་གྱིས་ཁྱིམ་དང་ཁ་བྲལ་དུ་བཅུག་སྟེ། རྒྱ་ནག་གཞུང་གི་བཅའ་སྡོད་སློབ་གྲྭར་སྐྱེལ་བཞིན་པའི་གནད་དོན་ཐོག་ཞིབ་འཇུག་ནན་པོ་གནང་དགོས་པའི་སྙན་ཞུ་ཕུལ་འདུག

ཕྱི་ལོ་༢༠༢༡ ལོའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྙན་ཐོའི་ནང་དུ། རྒྱ་ནག་དམར་ཤོག་ཚོགས་པས་རང་ལོ་ ༦ ནས་ ༡༨ བར་གྱི་བོད་པའི་བྱིས་པ་བརྒྱ་ཆ་ ༨༠ ཙམ་རང་གི་ཁྱིམ་ཚང་ཕ་མ་དང་ཕ་ཡུལ། སྐད་ཡིག་སོགས་དང་བཙན་གྱིས་ཁ་བྲལ་དུ་བཅུག་སྟེ། རྒྱ་གཞུང་གིས་མི་སེར་སྤེལ་ལུགས་ཀྱི་སྲིད་ཇུས་སྤེལ་སའི་བཅའ་སྡོད་སློབ་གྲྭར་རྒྱ་བསྒྱུར་གྱི་སློབ་གསོ་སྤྲོད་བཞིན་ཡོད་པ་མ་ཟད། བོད་ཀྱི་སྐད་ཡིག་རིག་གནས་འཆད་སའི་བོད་པའི་སློབ་གྲྭ་ཁག་སྒོ་བརྒྱབ་པ་དང་གཏོར་བཤིག་གཏོང་གི་ཡོད། ཅེས་དང་། རྒྱ་ནག་གཞུང་གི་མགོ་ཁྲིད་ཚོས་བོད་མིའི་ཕ་མ་དང་བྱིས་པ་གཉིས་ཀྱི་རང་དབང་དང་ཐོབ་ཐང་ནག་གསུབ་གཏོང་བཞིན་ཡོད་པ་མ་ཟད། བོད་ཀྱི་ཕ་མ་རྣམས་ཀྱི་རང་ཉིད་ཀྱི་བྱིས་པའི་མ་འོངས་པའི་འཚར་ལོངས་དང་ཤེས་ཡོན་སྤྲོད་ཕྱོགས་ཀྱི་ཐོབ་ཐང་ཡོད་ཚད་བཙན་འཕྲོག་བྱས་ཡོད་པ་དང་། ལོ་ཆུང་བྱིས་པའི་ཐོབ་ཐང་ལའང་རྩིས་མེད་རྡོག་རོལ་གཏོང་པའི་གནད་དོན་དེར། ཕྱི་ལོ ༢༠༢༣ ཟླ་ ༣ པའི་ནང་འཚོག་རྒྱུ་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སྐབས་སུ་རྒྱ་ནག་ནང་གི་བོད་པའི་ཤེས་ཡོན་ཐོབ་ཐང་དང་། ཆོས་དད་རང་དབང་། གྲངས་ཉུང་མི་རིགས་ཀྱི་གནད་དོན་བཅས་ངེས་པར་དུ་གླེང་སློང་བྱེད་དགོས་པ་མ་ཟད། བོད་ནང་གི་སློབ་གྲྭ་ཁག་དང་། ཕ་མ་བུ་ཕྲུག་གི་ཐོབ་ཐང་གནད་དོན་ཐད་ཞིབ་འཇུག་བྱེད་པའི་ཚོགས་ཆུང་གསར་འཛུགས་ཀྱིས་གང་མགྱོགས་ཞིབ་འཇུག་བྱེད་དགོས་སྐོར་བཀོད་འདུག

ཕྱི་ལོ་ ༢༠༢༢ ཟླ ༡༡ ཚེས་ ༢ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། འདི་ལོའི་སྟོབས་ཆེན་རྒྱལ་ཁབ་བདུན་གྱིས་མཉམ་འབྲེལ་བསྒྲགས་གཏམ་ནང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་དམིགས་བསལ་བོད་དང་ཡུ་གུར་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གླེང་སློང་གནང་བར་བསྔགས་བརྗོད་དང་སྦྲགས། ད་རེས་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་མགོ་ཁྲིད་རྣམས་ནས་ཚོགས་ཆེན་ཐོག ༧སྐུའི་ཡང་སྲིད་ཀྱི་དབུས་པའི་ཆོས་དད་རང་དབང་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། བོད་ནང་རང་དབང་གི་ཐོག་ནས་ཞིབ་འཇུག་དང་རྒྱལ་སྤྱིའི་གསར་འགོད་པ་བསྐྱོད་ཆོག་པ་སོགས་རྒྱ་ནག་གཞུང་དང་ལྷན་གླེང་སློང་དགོས་པའི་ཞུ་བསྐུལ་གནང་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

ཆུ་ཚོད་ ༡༤ སྔོན་ལ།
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese