མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་དཔེ་མཛོད་ཁང་གིས་ཆབ་སྲིད་བཙོན་ཟུར་ཞིག་གི་དངོས་མྱོང་ལོ་རྒྱུས་བཅས་དེབ་ལྔ་དབུ་འབྱེད་གནང་།

བོད་ཀྱི་དུས་བབ།
༢༠༢༣/༠༢/༠༨
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དཔེ་མཛོད་ཁང་ནས་དཔེ་དེབ་ལྔ་དབུ་འབྱེད་གནང་སྐབས་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ནས་སྤྱི་ཚོགས་ནང་དཔེ་དེབ་རྩོམ་མཁན་རྣམས་ལ་དམིགས་བསལ་གྱིས་ཆེ་མཐོང་དང་ཆེ་བསྟོད་བྱ་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

བོད་ཀྱི་དཔེ་མཛོད་ཁང་ནས་དཔེ་དེབ་ལྔ་དབུ་འབྱེད་གནང་། ༢༠༢༣།༠༢།༠༨

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡།༠༠ ཐོག་ངྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང་། ན་ག་སངས་རྒྱས་བསྟན་དར་ལགས། དགེ་བཤེས་ལྷ་རམས་པ་རོང་བོ་བློ་བཟང་སྙན་གྲགས་ལགས་ལྷན་འཛོམས་ཐོག  དགེ་བཤེས་ལགས་དང་། བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས། རྩོམ་པ་པོ་འོད་ཟེར་ལགས་སོགས་ཀྱིས་བརྩམས་པའི་དཔེ་དེབ་ལྔ་དབུ་འབྱེད་གནང་སོང་བ་དང་། སྐབས་དེར་དགེ་བཤེས་ལྷག་རྡོར་ལགས་ཀྱིས། བར་ལམ་ནས་བོད་ཀྱི་དཔེ་མཛོད་ཁང་གིས་དཔེ་དེབ་གསར་པ་དབུ་འབྱེད་བྱེད་ཀྱི་ཡོད་ལ། དེ་ཡང་དཔེ་དེབ་དེ་ཁྱབ་བསྒྲགས་བྱས་པ་ཙམ་མ་ཡིན་པར་རྩོམ་པ་པོས་དངོས་སུ་དཀའ་ལས་བརྒྱབ་པ་ཡིན་ཙང་།  ཁོང་ཚོ་དངོས་སུ་ཕེབས་པའམ་དྲ་ལམ་ནས་འཛུལ་ཞུགས་ཀྱིས་རང་ཉིད་ཀྱི་དཔེ་དེབ་ངོ་སྤྲོད་བྱེད་ཀྱི་་ཡོད། མཁས་པས་གདེང་འཇོག་བྱེད་པ་འཆད་རྩོད་རྩོམ་གསུམ་ཟེར་གྱི་ཡོད་པ་རེད་ལ། སྐབས་སུ་བབས་པ་རྩོམ་ལ་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་རེད། རྩོམ་པ་པོ་ཁོང་ཉིད་འཇིག་རྟེན་འདིར་མེད་པ་ཡིན་ཡང་། ཁོང་གི་བརྩམས་ཆོས་རྣམས་ལོ་མང་པོར་ལྷག་གི་ཡོད་པ་རེད། ཤི་ཡང་ཕྱིར་མིག་ལྟ་བའི་རེ་བ་ཡོད། དེབ་ཆུང་འདི་ནི་མི་ཡི་ཡིད་དུ་ཤར།། གསུངས་པ་བཞིན་ཁྱད་ཆོས་ཞེ་དྲགས་ཡོད་བསྡད་པ་ཞིག་རེད། སྤྱི་ཚོགས་ནང་དཔེ་དེབ་རྩོམ་མཁན་རྣམས་ལ་དམིགས་བསལ་གྱིས་ཆེ་མཐོང་དང་། ཆེ་བསྟོད་བྱ་རྒྱུ་གལ་ཆེན་དུ་མཐོང་གི་འདུག ཅེས་གསུངས་སོང་།

དེ་ནས་དགེ་བཤེས་ལྷ་རམས་པ་རོང་བོ་བློ་བཟང་སྙན་གྲགས་ལགས་ཀྱིས། ཕྱི་ལོ་ ༡༩༨༠ དང་ ༡༩༩༠ ནང་དུ་བོད་ཕྱི་ནང་གཉིས་སུ་བོད་ཀྱི་རྩོམ་རིག་སྤྱི་དང་། ལྷག་པར་དུ་སྲོལ་རྒྱུན་གྱི་རྩོམ་རིག་དང་སྙན་ངག་ཐོག་ཏུ་ཚོར་སྣང་ཞེ་དྲགས་འཕྱུར་སྟེ་གང་ལ་གང་འཚམ་གྱིས་གྲུབ་འབྲས་ཐོན་ཡོད། ད་ལྟའི་ཆར་སྙན་ངག་པ་ཅུང་ཙམ་ཉམས་འགྲོ་བཞིན་པའི་དུས་ཚོད་ཅིག་ཏུ་མཐོང་གི་ཡོད། དམིགས་བསལ་སྲོལ་རྒྱུན་གྱི་སྙན་ངག་ཉམས་ཆག་ཏུ་འགྲོ་བཞིན་པ་གསལ་བོ་མཐོང་གི་འདུག ཁོར་ཡུག་དང་ཆབ་སྲིད་ཀྱི་དགོས་མཁོའི་ཆ་ནས་བོད་ནང་གི་དགོན་སྡེ་ཁག་དང་། སློབ་གྲྭ་ཁག་ཏུ་སྙན་ངག་གསར་པའི་རིགས་སྦྱོ་མཁན་མང་ཞིང་། བོད་ཀྱི་གཏིང་ཟབ་ལ་རྒྱ་ཆེ་བའི་ཤེས་རིག་སྦྱོང་བ་དཀོན་པོ་ཆགས་འདུག བཙན་བྱོལ་ནང་དུ་དེ་ལས་ཀྱང་ཕྱོགས་མང་པོ་ཉམས་ཆགས་སོང་འདུག ཅེས་དང་།     བློ་གསལ་དོན་གཉེར་ཅན་ཚོས་སྲོལ་རྒྱུན་སྙན་ངག་དང་སྲོལ་རྒྱུན་གྱི་ཚབ་མཚོན་༧རྗེ་རིན་པོ་ཆེ་མཆོག་གི་སྙན་ངག་ལ་སྦྱངས་བ་བྱས་པ་ཡིན་ན་ཁེ་ཕན་གཉིས་རག་གི་ཡོད། ང་ཚོའི་དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་བྱེད་པའི་རྒྱབ་ལྗོངས་བོད་ཀྱི་རིག་གཞུང་ཆགས་ཡོད། བོད་ཀྱི་རིག་གཞུང་ཡང་བཀའ་བསྟན་དང་མཁས་པ་རྣམས་ཀྱི་གསུང་འབུམ་ཆགས་ཡོད། བརྗོད་བྱེད་ཚིག་གི་བཏུམ་པའི་གསུང་འབུམ་དེ་དག་གོ་དོན་ལེན་པར་སྲོལ་རྒྱུན་སྙན་ངག་གི་རྩོམ་འགྲོས་ཤིག་མེད་ན། ཆ་ཚང་བ་གོ་བ་ལེན་རྒྱུ་ཁག་པོ་རེད། བོད་ཀྱི་སྲོལ་རྒྱུན་སྙན་ངག་མ་སྦྱངས་བ་ཡིན་ན་བོད་ཀྱི་མཁས་དབང་དག་གི་རྣམ་དཔྱོད་ལེན་ཐུབ་ཀྱི་མ་རེད། གསུངས་སོང་།

དྲ་ལམ་ནས་མཉམ་ཞུགས་གནང་མཁན་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས། དང་ཐོག་རང་ཉིད་ཀྱི་ལོ་རྒྱུས་ཀྱི་དཔེ་དེབ་འབྲི་བར་གྲ་སྒྲིག་མེད་ཅིང་གདེང་འཇོག་བྱེད་རིན་ཡོད་པ་ཞིག་ཀྱང་མིན་པས། དེ་ལ་དོ་སྣང་དེ་འདྲ་བྱས་མེད་ཀྱང་། རྗེས་སུ་༧གོང་ས་མཆོག་གི་དབུས་ས་དབང་ཆེན་མོ་སྐུ་ངོ་རྒྱ་ལོ་དོན་འགྲུབ་མཆོག་བཅས་ཀྱིས་ནན་ཏན་གྱིས་བཀའ་འདྲི་གནང་སོང་། རྒྱལ་སྤྱིའི་བོད་དོན་ཉམས་ཞིབ་ཁང་གི་ལས་གཞི་རུ་རྒྱབ་སྐྱོར་གནང་དགོས་པའི་སྐུལ་མ་གནང་པར་བརྟེན། ན་ནིང་ཏོག་དབྱིབས་གཉན་རིམ་སྐབས་དང་བསྟུན་ནས་ཁྱིམ་དུ་བསྡད་ནས་བྲིས་པ་ཞིག་ཡིན་ལ། ལོ་རྒྱུས་ཀྱི་དེབ་འདི་ནི་ང་རང་ཡ་མཚན་ཞིག་ཡིན་པར་བྲིས་པ་མ་ཡིན་པར། གཙོ་བོ་བོད་མི་རིགས་དང་རྒྱལ་ཁབ་དཀའ་ཁག་ལ་ཐུག་དུས། ང་ཚོ་མི་རབས་བར་མ་ཞིག་ཡིན་པའི་ཆ་ནས། བོད་ཀྱི་ལོ་རྒྱུས་དང་འཐབ་རྩོད་ཀྱི་རྒྱུན་བསྐྱངས་ནས་མི་རབས་རྗེས་མའི་ལག་ཏུ་འཇོག་པའི་དམིགས་ཡུལ་བཟུང་ནས་བྲིས་པ་ཞིག་ཡིན། ཞེས་གསུངས་སོང་།

བོད་ཀྱི་དཔེ་མཛོད་ཁང་ནས་པར་བསྐྲུན་གནང་བའི་དཔེ་དེབ་གསར་པ་ལྔ། ༢༠༢༣།༠༢།༠༨

འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་དཔེ་དེབ་དེ་བྲིས་པའི་དགོས་དམིགས་སྐོར་དྲིས་པར་ཁོང་གིས། མི་ཞིག་གི་རང་ཉིད་ཀྱི་ལོ་རྒྱུས་ཡིག་ཐོག་ཏུ་འགོད་པ་གལ་ཆེན་པོ་རེད། དང་པོ་བཙན་བྱོལ་དུ་འབྱོར་སྐབས་དེབ་འདོན་པའི་འཆར་གཞི་གང་ཡང་མེད། ༧གོང་ས་མཆོག་ལ་ཐེངས་དང་པོ་མཇལ་ཁ་ཞུས་སྐབས་མི་ཚེའི་ལོ་རྒྱུས་ཤིག་འབྲི་དགོས་སྐོར་བཀའ་གནང་སོང་། རང་ཉིད་ཀྱི་མི་ཚེའི་ལོ་རྒྱུས་ཤིག་འབྲི་དགོས་པར་དམིགས་བསལ་རིན་ཐང་ཞིག་མི་འདུག་བསམ་ནས་དེ་ལྟར་ལྷག་སོང་། དེའི་རྗེས་སུ་༧གོང་ས་མཆོག་ལ་མཇལ་ཁ་ཞུས་ནས་ཡང་བསྐྱར་དཔེ་དེབ་སྐོར་ལ་བཀའ་གནང་སོང་པས་བཀའ་ཟློག་མ་ཐུབ་པ་དང་། མི་རིགས་ཤིག་གི་འཐབ་རྩོད་ཀྱི་བརྒྱུད་རིམ་ཐོག་ནས་གལ་ཆེན་པོ་ཡིན་པར་བརྟེན། ང་རང་ཡ་མཚན་ཞིག་ཡིན་པར་ཡིག་འཇོག་བྱ་རྒྱུ་མིན་པར། མི་རིགས་ཤིག་གི་དཀའ་ཁག་དང་འཐབ་རྩོད་ཀྱི་གནད་འགག་ཏུ་ཐུག་ཡོད་པར། རང་ཉིད་ཀྱིས་འཐབ་རྩོད་བྱས་པ་དེ་མི་རབས་རྗེས་མར་ཐུགས་ཕན་གསོ་ཐུབ་རྒྱུ་རེད་བསམ་ནས་ཡིག་ཐོག་ཏུ་བཀོད་པ་ཡིན། བོད་ནང་དུ་ལོ་རྒྱུས་སྟེང་དུ་རིན་ཐང་ཆེ་བའི་མི་སྣ་གལ་ཆེན་མང་པོ་བཙོན་འཇུག་བྱས་ཡོད་སྟབས། ཁོང་རྣམ་པའི་ལོ་རྒྱུས་ཡིག་ཐོག་ཏུ་འཁོད་ཐུབ་པ་ཡིན་ན་རིན་ཐང་བླ་ན་མེད་པ་ཡིན་རྒྱུ་རེད། ཅེས་བརྗོད་བྱུང་།

མགོ་ལོག་འཇིགས་མེད་ལགས་ཀྱི་དཔེ་དེབ་ནང་དུ་གཙོ་བོ་མི་རིགས་ཤིག་གི་འཐབ་རྩོད་ཀྱི་བརྒྱུད་རིམ་ཞིག་འབྲི་དགོས་ན་ལོ་རྒྱུས་ཀྱི་ཕུགས་འདེད་ཐུབ་དགོས་པ་གལ་ཆེན་དུ་བསམ་ཏེ། དང་པོར་བོད་ཀྱི་བཙན་པོའི་རྒྱལ་རབས་ནས་མགོ་བཙུགས་ཏེ། རྒྱ་ནག་དམར་ཕྱོགས་ཀྱིས་བོད་དུ་བཙན་འཛུལ་བྱས་པ་དང་། མདོ་སྨད་མགོ་ལོག་ཏུ་བཙན་འཛུལ་ཇི་ལྟར་བྱས་པ། དེ་བཞིན་རང་ཉིད་ཀྱི་ཕ་མེས་རྣམས་ལ་མནར་གཅོད་བྱས་པའི་མཐོང་ཐོས། མདོ་སྨད་བླ་བྲང་ཕྱོགས་སུ་ལས་འགུལ་སྤེལ་བ། ཕྱི་ལོ་ ༢༠༠༨ ནས་རང་ཉིད་ལ་མནར་གཅོད་ཇི་ལྟར་བྱས་པའི་བརྒྱུད་རིམ་དང། རྒྱ་གཞུང་གིས་ཐེངས་གསུམ་བཙོན་བྱས་པའི་སྐོར། དེ་ནས་བཙན་བྱོལ་དུ་ཡོང་ནས་རྒྱལ་སྤྱིའི་ཐོག་བོད་དོན་ཞུ་གཏུགས་བྱས་པ་བཅས་བྲིས་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese