མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ལོ་ ༢༠༣༥ བར་དུ་རྒྱ་ནག་གཞུང་གིས་བོད་ཁུལ་དུ་ལྕགས་ལམ་བཅུ་གསར་དུ་རྒྱག་འཆར་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༣༥ བར་དུ་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་གཙོར་བཟུང་གིས་བོད་ཁུལ་གྱི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་མི་འབོར་ཆེ་བའི་ས་ཁུལ་དུ་ལྕགས་ལམ་མི་འདྲ་བ་བཅུ་གསར་དུ་བརྒྱག་རྒྱུ་ཡིན་པ་མ་ཟད་ཨེ་ཤ་ཡ་ལྷོ་མའི་རྒྱལ་ཁབ་ཁག་ལ་ལྕགས་ལམ་གྱིས་མཐུད་ཚད་ཇེ་མགྱོགས་སུ་གཏོང་འཆར་ཡོད་འདུག

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་ལྕགས་ལམ་འཐེན་པའི་དགོས་རྒུ་ས་ཁྲ།  པར་བཟོ་སྒྲིག་བྱས།

ཁ་སང་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་དུ་གནས་སྤེལ་བ་ལྟར་ན། བོད་རང་སྐྱོང་ལྗོངས་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་ཟེར་བས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་དང་དུས་ཡུན་རིང་འབྲིང་གི་ལྕགས་ལམ་དྲ་བའི་འཆར་འགོད་ཟེར་བ་ཞིག་ཡོངས་བསྒྲགས་བྱས་པའི་ནང་། ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། མི་སྣ་རུབ་འདུས་ཆེ་བའི་ས་ཁུལ་དུ་ལྕགས་ལམ་དྲ་བའི་གཞི་རྒྱ་ཇེ་ཆེ་དང་སྤུས་ཚད་ཇེ་ལེགས་སུ་གཏང་ནས་ལམ་བར་གྱི་དུས་ཚོད་ཧ་ཅང་ཐུང་དུ་འགྲོ་རྒྱུ་ཡིན་ལུགས་དང་། ལྕགས་ལམ་གྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་དང་ས་ཁོངས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་གོང་འཕེལ་འགྲོ་རྒྱུར་ནུས་པ་སྔར་ལྷག་འཐོན་རྒྱུ་ཡིན་པར་བཤད།

དེ་ཡང་ཕྱི་ལོ་ ༢༠༣༥ ལོ་བར་དུ་བོད་ལྗོངས་ཀྱི་ལྕགས་ལམ་དྲ་བའི་གཞི་ཁྱོན་སྤྱི་ལེ་སྟོང་ ༥ ཡན་ཟིན་རྒྱུ་དང་། ལྷ་ས་གཙོ་བོར་བཟུང་བའི་བོད་ལྗོངས་ནང་ཁུལ་གྱི་ས་གནས་རིམ་པའི་སྲིད་འཛིན་ཁུལ་ཚང་མར་ཁྱབ་དགོས་པ་མ་ཟད། ཤིན་ཅང་དང་མཚོ་སྔོན། སི་ཁྲོན། ཡུན་ནན་སོགས་སྦྲེལ་ཞིང་། འགྲམ་རྒྱུད་ཀྱི་གཙོ་གནད་འགག་སྒོ་ཁག་ལའང་འབྲེལ་བ་མཐུད་རྒྱུ་ཡིན་ལ། དེ་ཡང་འཕྲེད་ཀྱི་ལམ་ཐིག་ནང་གཞིས་རྩེ་ནས་ལྷ་ས་དང་ལྷོ་ཁ། ཉིང་ཁྲི། ཆབ་མདོ། ཁྲེན་ཏུའུ་བར་དང་། མངའ་རིས་ནས་ནག་ཆུ་དང་ཆབ་མདོ་བར་དང་། གཞུང་གི་ལམ་ཐིག་ནང་ཧོ་ཐན་ནས་མངའ་རིས་དང་གཞིས་རྩེ། ལྷ་ས། ལྷོ་ཁ། ཉིང་ཁྲི། སེམས་ཀྱི་ཉི་ཟླ། ལི་ཅང་བར། ཟི་ལིང་ནས་གོར་མོ་དང་ནག་ཆུ། ལྷ་ས་བར། ཟི་ལིང་ནས་ཡུལ་ཤུལ་དང་ཆབ་མདོ་བར་བཅས་ལ་ལྕགས་ལམ་གྱིས་མཐུད་ཀྱི་ཡོད་འདུག

རྒྱ་ནག་གཞུང་གི་བོད་ཁུལ་གྱི་ལོ་ལྔ་ཚན་བཅུ་གསུམ་པའི་ལྕགས་ལམ་ལམ་ཐིག

དེ་བཞིན་ཕྱི་ལོ་ ༢༠༣༥ ལོའི་ལོ་མཇུག་བར་དུ་ལྷ་ནས་མལ་གྲོ་གུང་དཀར་བར་གྱི་ལྕགས་ལམ་བསྐྲུན་ཚར་བ་བྱ་རྒྱུ་དང་། ས་དགའ་ནས་སྒེར་རྩེ་དང་། གཞིས་རྩེ་ནས་ཤན་རྩ་དང་དཔལ་མགོན་བར། མལ་གྲོ་གུང་དཀར་ནས་སྟེང་ཆེན་བར། སྣེ་གདོང་ནས་མཚོ་སྣ་བར། གཏིང་སྐྱེས་ནས་ཁང་དམར་བར། སྨན་གླིང་ནས་མེ་ཏོག་བར་དང་རྫ་ཡུལ་བར། ཆབ་མདོ་ནས་མཛོད་དགེ་བར་སོགས་ཀྱི་ལྕགས་ལམ་བསྐྲུན་རྒྱུར་ཞིབ་འཇུག་ལག་བསྟར་བྱ་རྒྱུ་དང་། ལམ་ཐིག་དེ་དག་གི་སྤྱིའི་རིང་ཚད་ལ་སྤྱི་ལེ་ ༢༥༡༤ ཡོད་པར་བཤད།

གཞན་ཡང་། ཨེ་ཤ་ཡ་ལྷོ་མར་ཕྱོཊ་པའི་སྒོ་དབྱེའི་ལྕཊ་ལམ་གྱི་རྒྱལ་སྤྱིའི་བགྲོད་ལམ་གཏོད་རྒྱུ་ཟེར་བའི་ལས་གཞིའི་ནང་འགག་སྒོའི་བར་གྱི་ལྕགས་ལམ་སྐྲུན་མགྱོགས་སུ་གཏོང་རྒྱུ་དང་། བོད་ལྗོངས་ཀྱི་འགྲམ་རྒྱུད་སྐམ་སའི་གཙོ་གནད་འགག་སྒོར་མཐུད་ཐུབ་པ་བྱས་ཏེ། ཨེ་ཤ་ཡ་ལྷོ་མའི་རྒྱལ་ཁབ་ཁག་བར་གྱི་རྒྱལ་སྤྱིའི་ལྕགས་ལམ་གཏོད་རྒྱུ་དང་། ཤིན་བོད་ལྕགས་ལམ་གཞི་རྟེན་དུ་བྱས་ནས་སྐྱིད་གྲོང་འགག་སྒོའི་ལྕགས་ལམ་བསྐྲུན་རྒྱུ༼བུལ་ཁུ་མཚོ་ནས་སྐྱིད་རོང་བར༽ དང་། དེ་བཞིན་གྲོ་མོ་འགག་སྒོའི་ལྕགས་ལམ་༼གཞིས་རྩེ་ནས་གྲོ་མོ་བར༽དང་།  སྤུ་ཧྲེང་འགག་སྒོའི་ལྕགས་ལམ་༼བར་ཁ་ནས་སྤུ་ཧྲེང་བར༽སོགས་བསྐྲུན་ཏེ་རིམ་བཞིན་ཨེ་ཤ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་རྒྱལ་སྤྱིའི་བགྲོད་ལམ་གཏོད་དེ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱ་རྒྱུར་ནུས་པ་གོང་མཐོར་གཏང་རྒྱུ་ཡིན་སྐོར་བསྒྲགས་འདུག

ད་ཡོད་ཀྱི་མཚོ་བོད་ལྕགས་ལམ་ན་གོར་མོ་ནས་ལྷ་སའི་དུམ་བུ་གློག་རླངས་ཅན་དུ་བསྒྱུར་རྒྱུ་དང་། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲིའི་དུམ་བུར་ཕྱོགས་གཉིས་ཅན་གྱི་ལམ་ཐིག་བཟོ་རྒྱུ། ལྷ་ས་ནས་གཞིས་རྩེའི་ལྕགས་ལམ་ལ་ཕྱོགས་གཉིས་ཅན་གྱི་ལམ་ཐིག་དང་གློག་རླངས་ཅན་བསྒྱུར་རྒྱུ་ཡིན་པ་སོགས་བསྒྲགས་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

 མགོན་པོ་སྐྱིད་ལགས་ཀྱིས་སླར་ཡང་རང་སྲོག་བློས་གཏོང་གིས་ལས་འགུལ་སྤེལ།

སྐར་མ ༤༥ སྔོན་ལ།
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

ཆུ་ཚོད་ ༢༡ སྔོན་ལ།
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

ཆུ་ཚོད་ ༢༣ སྔོན་ལ།
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese