མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམའ་རིམ་འཛིན་གྲྭར་ཆེད་དུ་དམིགས་པའི་སྨོན་ལམ་རྨང་གཞིའི་ཚིག་མཛོད་འགྲེམ་སྤེལ་གནང་།

བོད་ཀྱི་དུས་བབ།
༢༠༢༣/༠༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཉིན་རྒྱབ་ཆུ་ཚོད་གསུམ་པའི་ཐོག་དྷ་ས་ཀིརྟིའི་དགེ་རྩ་ཚོགས་པའི་ཚོགས་ཁང་དུ། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་ཁང་གིས་སྨོན་ལམ་རྨང་གཞིའི་ཚིག་མཛོད་དང་། སྨོན་ལམ་ཐ་སྙད་ཚད་གཞི་བརྟག་ཆས་ཀྱི་དྲ་རྒྱའི་མཉེན་ཆས་(Monlam Text Analyzer)ཤིག་འགྲེམ་སྤེལ་གྱི་གསར་འགོད་གསལ་བསྒྲགས་ཤིག་གནང་སོང་།

སྨོན་ལམ་རྨང་གཞིའི་ཚིག་མཛོད་དང་ཐ་སྙད་བརྟག་ཆས་ཀྱི་མཉེན་ཆས་འགྲེམ་སྤེལ་བྱས། ༢༠༢༣།༠༢།༡༥ དུས་བབ་ཀྱི་པར།

གསལ་བསྒྲགས་སྐབས་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས། ང་ཚོས་ཚིག་མཛོད་འདི་གཉིས་བཟོ་དགོས་དོན་ནི་ལས་དང་པོ་བ་ནས་འཛིན་རིམ་གསུམ་པ་བར་གྱི་དམའ་རིམ་འཛིན་གྲྭར་དམིགས་ནས་བསྒྲིགས་པ་ཞིག་ཡིན། ཚིག་མཛོད་འདི་གཉིས་ཀྱིས་ཐ་སྙད་འགྲེལ་བཤད་བརྒྱབ་པ་ཙམ་མིན་པར་སྐད་ཀྱང་ཡོད་པ་ཞིག་ཡིན། དེའི་ནང་དུ་དུམ་ཚན་གསུམ་སྟེ་ལས་དང་པོ་བ་དང་། རྨང་གཞི་དང་པོ། རྨང་གཞི་གཉིས་པ་རུ་དབྱེ་ཡོད། ལས་དང་པོ་བར་ཡི་གེ་སྦྱོར་ཀློག་དང་། གཉིས་པ་དང་གསུམ་པ་ལ་བསྡུས་ཀློག་བྱས་ཡོད། ནང་དོན་ཡང་གོ་བདེ་བོ་བྱས་ནས་བཟོས་ཡོད། ཚིག་མཛོད་ཆེན་མོའི་ནང་དུ་ནང་དོན་འགྲེལ་བཤད་མང་པོ་ཡོད་ཀྱང་། ལས་དང་པོ་སྦྱོང་མཁན་ལ་དེ་དག་བེད་སྤྱོད་ཡོད་པ་མ་རེད། གཙོ་བོ་ཐ་སྙད་གཏན་འབེབ་བྱེད་སྟངས་ཀྱི་ཐོག་ནས་ཡིན། ཨ་རི་ནས་བཟོས་ཡོད་པའི་དམའ་རིམ་གྱི་བྱིས་པའི་ཚིག་མཛོད་ཀྱི་འགྲོ་སྟངས་ལ་གཞི་བཅོལ་ཡོད་པ་དང་། གཞན་ནང་བསྟན་སྲི་ཞུ་ཁང་གིས་དཀའ་ལས་བརྒྱབ་ཡོད་པའི་རྒྱུ་ཆ་ཚང་མ་བླངས་ཡོད། དེ་ནི་རྒན་རྒོན་ཡི་གེ་མི་ཤེས་མཁན་དང་ལོ་ ༧ མན་གྱི་བྱིས་པ་སོགས་ཀྱི་སྐེ་ལ་སྒྲ་འཇུག་བཏགས་ནས་ཉིན་གཅིག་གི་ནང་དུ་སྐད་ཆ་ག་རེ་བཤད་ཀྱི་ཡོད་པའི་ཆུ་ཚོད་ ༣༠༠ ལྷག་སྒྲ་འཇུག་བྱས་ཏེ། ཡིག་ཐོག་ཏུ་ཕབ་ནས་དཀའ་ངལ་མང་པོ་བརྒྱབ་པ་ཞིག་ཡིན། གཞན་བཙན་བྱོལ་ནང་གི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དྲ་རྒྱ་དང་། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་། དུས་བབ། བང་ཆེན་སོགས་ཀྱི་དྲ་རྒྱའི་ནང་ནས་གསར་འགྱུར་བསྡུས་ཏེ་ཐ་སྙད་གཏུབ་བྱེད་ཀྱི་མཉེན་ཆས་ནང་དུ་བཞག་པའི་བརྒྱ་ཆ་ལ་དཔག་པའི་བེད་སྤྱོད་ཆེ་ཤོས་ཀྱི་ཐ་སྙད་རྣམས་རིམ་པ་བྱས་ནས་བསྒྲིགས་པ་དང་། དེ་ཡང་ཨ་རིས་གཏན་འབེབ་བྱས་པའི་ཐ་སྙད་དང་བསྡུར་སྐབས་བརྒྱ་ཆ་ ༨༥ ཡོང་གི་འདུག ཅེས་དང་།  ནུབ་ཕྱོགས་པས་ཉམས་མྱོང་སྟེང་ནས་བཤད་ཡོད་པ་ལྟར། ཁྱད་ཆོས་དང་། རྒྱུག་ཆེ་ཆུང་། ཀློག་པ་པོ་བཅས་ཀྱི་ལྟ་གྲུབ་ཐོག་ནས་འགྲེལ་བཤད་བརྒྱབ་ཡོད་པ་རེད་ལ། དེ་ཡང་བརྒྱ་ཆ་བརྒྱ་མིན་ཡང་། རིམ་པ་བྱས་ནས་འཛམ་གླིང་སྤྱིའི་འགྲོ་སྟངས་ལྟར་ཡར་རྒྱས་གཏོང་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་སོང་།

དེ་བཞིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་འཇུ་བསྟན་སྐྱོང་ལགས་ཀྱིས་ཚིག་མཛོད་སྒྲིག་སྟངས་སྐོར་འགྲེལ་བཤད་གནང་སྐབས།  ང་ཚོས་ཚིག་མཛོད་སྒྲིག་སྟངས་ནི་ཨ་རིའི་ཨོ་ཁི་སི་ཧྥོར་ཌི་སོགས་ཀྱིས་བསྒྲིགས་ཡོད་པའི་བྱིས་པའི་ཚིག་མཛོད་(Longman Elementary Dictionary དང་། children’s writer’s word book 2nd Edition)ལ་དཔེ་བླངས་ཡོད་པ་དང་། དང་པོ། མི་རྒན་རྒོན་དང་བྱིས་པ་སོགས་ཀྱི་སྒྲ་འཇུག་རྣམས་ཡིག་ཐོག་ཏུ་ཕབ་པ་མཉེས་ཆས་ཀྱིས་གཏུབ་པའི་ཐ་སྙད་ཀྱི་གྲངས་ཚད་བརྒྱ་ཆར་ཕབ་པ་དང། སྤྱི་ཚོགས་དྲ་རྒྱ་ཁག་གི་ཐ་སྙད་སོགས་ཡིག་ཐོག་ཏུ་ཕབ་པའི་བརྒྱ་ཆ་ཕབ་པ་ཡིན། གཉིས་པ་བོད་སྐད་འགྲོ་སྟངས་ཀྱི་ཆ་ནས་གལ་ཆེ་བའི་ཐ་སྙད་དང་། ཕྲད། རྣམ་དབྱེ། བྱ་ཚིག་སོགས་ཀྱི་སྐོར་ཡིན། གསུམ་པ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གི་གོམས་གཤིས་ཀྱི་དབང་གིས་གལ་ཆེ་བའི་ཐ་སྙད་སོགས་ག་འདྲ་ཡོད་མེད་ཀྱི་དཔེ་མཚོན་གསུམ་དང་བསྡུར་ནས་བསྒྲིགས་པ་རེད། ཚིག་གི་འགྲེལ་བཤད་ཀྱང་ཚིག་གྲུབ་ཐུང་ཐུང་དང་། ཆབ་སྲིད་སོགས་ཀྱི་མ་བསྲེས་པར་བྱིས་པའི་སེམས་ཁམས་དང་མཐུན་པའི་སྟེང་འཛིན་རིམ་གསུམ་པའི་བར་དུ་རྨང་གཞི་ཚིག་མཛོད་བསྒྲིགས་ཡོད། ཅེས་འགྲེལ་བརྗོད་གནང་སོང་།

སྨོན་ལམ་རྨང་གཞིའི་ཚིག་མཛོད་དང་ཐ་སྙད་བརྟག་ཆས་ཀྱི་མཉེན་ཆས་འགྲེམ་སྤེལ་བྱས། ༢༠༢༣།༠༢།༡༥ དུས་བབ་ཀྱི་པར།

ཡང་ཁོང་གིས། བྱིས་པའི་ཚིག་མཛོད་སྒྲིག་སྐབས་དཀའ་ངལ་ཆེ་ཤོས་ནི་བོད་པའི་སྤྱི་ཚོགས་ནང་དུ་གཏན་འབེབ་བྱས་པའི་བྱིས་པའི་ཚིག་མཛོད་ཅིག་མེད་པ་དེ་རེད། དཀའ་ངལ་གཞན་ཞིག་ནི་ང་ཚོར་བྱིས་པའི་ཉམས་མྱོང་ཞེ་དྲགས་མེད་པ་དེ་རེད། ང་ཚོའི་སྐབས་ཀྱི་བྱིས་པའི་ཉམས་མྱོང་ནི་དུས་རབས་དེ་ཡི་བྱིས་པའི་ཉམས་མྱོང་ཡིན་པ་ལས། དེང་སྐབས་ཀྱི་བྱིས་པའི་འགྲོ་སྟངས་ལ་ཉམས་མྱོང་དེས་ཕན་ཐོགས་ཀྱི་མི་འདུག ཁྱེད་ཚོའི་ལག་ཏུ་ཚིག་མཛོད་འབྱོར་དུས་ཧ་ཅང་སླ་བོ་ཞིག་ཏུ་མཐོང་སྲིད་ཀྱང་། དངོས་གནས་ལག་ལེན་བྱས་དུས་ཧ་ཅང་ཁག་པོ་ཞིག་རེད། ང་ཚོས་བྱིས་པའི་སེམས་ཁམས་བཟུང་ནས་འབྲི་དགོས་དུས་དཀའ་ལས་ཁག་པོ་འདུག ཅེས་འགྲེལ་བརྗོད་གནང་སོང་།

འདི་ལོའི་བོད་ཀྱི་ལོ་སར་དང་བསྟུན་སྨོན་ལམ་རྨང་གཞིའི་ཚིག་མཛོད་དང་སྨོན་ལམ་ཐ་སྙད་ཚད་གཞི་བརྟག་ཆས་བཅས་དངོས་སུ་སྒོ་འབྱེད་གནང་གི་ཡོད་པ་དང་། འདི་ལོའི་ལོ་མཇུག་ཏུ་སྨོན་ལམ་དམའ་འབྲིང་ཚིག་མཛོད་དང་ལོ་རྗེས་མའི་ནང་སྨོན་ལམ་མཐོ་འབྲིང་ཚིག་མཛོད་བཅས་རྩོམ་སྒྲིག་གནང་འཆར་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

མཆན། 1

  1. བསྟན་འཛིན་བླ་མ། says:
    ལོ་ 4 སྔོན།

    ཧ་ཅང་ཡག་པོ་རེད་བཀྲིས་བདེ་ལེགས་བྱ་བ་ལམ་འགྲོ་ཡོང་བར་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese