མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་སར་སྐབས་སུ་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་སྔར་ལས་དམ་དྲག་ཇེ་ཆེར་བཏང་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༢/༡༨
Share on FacebookShare on TwitterShare on EmailShare on Whatsapp

འདས་པའི་ཟླ་གཅིག་ཙམ་ནས་བཟུང་སྟེ་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་སོགས་སུ་དམག་མི་སྔར་ལས་མང་པོ་འགྲེམ་འཇོག་བྱས་ཏེ་བོད་མི་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་དོགས་ཟོན་དང་སོ་ཉུལ་ཤུགས་ཆེན་བྱེད་བཞིན་ཡོད་འདུག

ལོ་སར་དང་བསྟུན་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་དམ་དྲག་ཆེ་རུ་བཏང་འདུག དྲ་ལམ་གྱི་པར།

བོད་ཀྱི་ལོ་སར་བསླེབ་ལ་ཉེ་བའི་སྐབས་འདིར་རྒྱ་ནག་གཞུང་གིས་ལྷ་སའི་ཁུལ་དུ་དམག་མི་སྔར་ལས་མང་པོ་འགྲེམ་འཇོག་བྱས་ཡོད་པ་མ་ཟད། ལྷ་སའི་བར་སྐོར་གཙོ་བོར་གྱུར་བའི་ས་ས་ཚིགས་ཁག་ཏུ་གསང་བའི་བརྙན་མིག་སྔར་ལས་མང་པོ་གསར་དུ་བཙུགས་ཏེ། བོད་མི་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་ཞིབ་དང་དོགས་ཟོན་ནན་པོ་བྱེད་ཀྱིན་ཡོད་འདུག འདི་གའི་གསར་འགོད་པར་འབྲེལ་ཡོད་ཀྱི་གནས་ཚུལ་མཁོ་སྤྲོད་པས། ལྷ་ས་གྲོང་ཁྱེར་ཁུལ་དུ་དམག་མི་མང་པོ་འགྲེམ་འཇོག་བྱས་ནས་བོད་མི་རྣམས་གང་བྱུང་འབོད་འགུག་བྱས་ཏེ་ཁ་པར་སོགས་ཀྱི་ནང་སྔོག་བཤེར་དང་ཞིབ་བཤེར་ནན་པོ་བྱེད་བཞིན་ཡོད་སྐོར་བརྗོད་བྱུང་།

ཡང་ཁོང་གིས། ཕྱི་ཟླ ༢ ཙམ་ནས་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་ཉེན་རྟོག་པ་དང་དྲག་ཆས་དམག་མི་འབོར་ཆེན་འགྲེམ་འཇོག་བྱས་ཡོད་པ་མ་ཟད། དམག་མི་དང་ཉེན་རྟོག་པའི་སྒྲིག་ཆས་གྱོན་མེད་པའི་སོ་ཉུལ་བ་མང་པོ་ཞིག་ཀྱང་འགྲེམ་འཇོག་བྱས་ཏེ།  དམག་དོན་མི་སྣ་ཟེར་བ་དག་གིས་ཉིན་ལྟར་ཁྲོམ་སྲང་ཁག་ཏུ་སྐོར་གཡེང་དང་། བདེ་འཇགས་སྲུང་སྐྱོབ་ཟེར་བར་ཁ་གཡར་ནས་ཟ་ཁང་དང་ཚོང་ཁང་རེ་རེ་བཞིན་ཞིབ་བཤེར་བྱེད་བཞིན་ཡོད་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།

དེ་བཞིན་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་སོགས་ཀྱིས་སྤེལ་བའི་དེ་འབྲེལ་གསར་འགྱུར་ནང་དུ། ལོ་སར་བསླེབ་ལ་ཉེ་བའི་སྐབས་འདིར། འདས་པའི་ཟླ་བ་གཅིག་ནང་ཚུད་དུ་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་ཁྲིམས་འཛིན་རུ་ཁག་ཟེར་བས།  ལྷ་ས་རྒྱ་ཆེའི་གྲོང་མི་ཚོར་བདེ་འཇགས་དང་། ཤེས་དཔལ། གོ་རིམ་ལྡན་པའི་འགྲིམ་འགྲུལ་སྒྲིག་ལམ་ཡར་རྒྱས་གཏང་རྒྱུ་ཡིན་ལུགས་བསྒྲགས་ནས།   ཁྱོན་རླངས་འཁོར་ ༥༩༣  ལ་སྔོག་བཤེར་བྱས་ཏེ། རྒྱ་སྒོར་ཁྲི་ ༣༢ ལྷག་གི་ཆད་པ་བཅད་ཡོད་ཅིང་།  བོད་ཀྱི་ལོ་སར་ལ་འཆར་ཉེའི་མཚམས་འདིར་བྱ་ཐབས་སྣ་ཚོགས་སྤྱད་དེ་ཁྲིམས་འགལ་ངང་སྐྱེལ་འདྲེན་བྱེད་པའི་འཁོར་རིགས་ལ་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ཡོད་ལུགས་སོགས་བསྒྲགས་འདུག

ལོ་སར་དང་དུས་ཆེན་ཁག་ལ་བོད་མི་མང་པོ་འདུ་འཛོམས་བྱས་ཏེ་ཆོས་ཕྱོགས་ཀྱི་བྱེད་སྒོ་སྣ་མང་སྤེལ་བཞིན་ཡོད་པ་མ་ཟད། ན་ནིང་གི་ལོ་སར་སྐབས་སུ་བོད་ཀྱི་གཞས་པ་གྲགས་ཅན་ཚེ་དབང་ནོར་བུ་ལགས་ཀྱིས་རྒྱ་ནག་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་གྱིས་སྐུ་ལུས་མེ་སྲེག་གནང་བ་སོགས་ངོ་རྒོལ་གྱི་ལས་འགུལ་རིགས་ཀྱང་འབྱུང་བཞིན་ཡོད་པར་བརྟེན།  ལོ་ལྟར་རྒྱ་ནག་གཞུང་གིས་གསུམ་བཅུའི་དུས་དྲན་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཁྲུངས་སྐར། དེ་བཞིན་བོད་ཀྱི་ལོ་སར་སོགས་ཀྱི་སྐབས་སུ་བོད་ནང་གི་ས་ཁུལ་མང་པོ་ཞིག་ཏུ་དམག་མི་འབོར་ཆེན་འགྲེམ་འཇོག་བྱས་ཏེ། བོད་མི་རྣམས་ཀྱི་འགྲོ་འདུག་དང་། ཆབ་སྲིད་ཀྱི་ལས་དོན་སྤེལ་གྱི་ཡོད་མེད་སོགས་ལ་གསང་ཉུལ་ནན་མོ་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

ཆུ་ཚོད་ ༡ སྔོན་ལ།
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

ཆུ་ཚོད་ ༢༠ སྔོན་ལ།
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

ཆུ་ཚོད་ ༢༠ སྔོན་ལ།
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠
Front Slider

Public Reactions to the Election Results | Real Opinions & Views

༢༠༢༦/༠༥/༢༠
མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

༢༠༢༦/༠༥/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese