མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་ལ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གླེང་སློང་བྱས།

བོད་ཀྱི་དུས་བབ།
༢༠༢༣/༠༢/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་ནས་བོད་ཀྱི་ཆབ་སྲིད་བཙོན་པ་སྒོར་ཤེས་རབ་རྒྱ་མཚོ་དང་གྲྭ་རིན་ཆེན་ཚུལ་ཁྲིམས། ཚོང་པ་བཀྲ་ཤིས་རྡོ་རྗེ་སོགས་གང་མགྱོགས་ཀློད་གྲོལ་གཏོང་དགོས་སྐོར་བརྗོད་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་ཡུ་རོབ་ཀྱི་བྷེལ་ཇམ་རྒྱལ་ཁབ་ཏུ་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་དང་རྒྱ་ནག་བར་གྱི་འགྲོ་བ་མིའི་ཐོབ་ཐང་སྐོར་བགྲོ་གླེང་བྱས་པ་བརྒྱུད། ཡུ་རོབ་མཉམ་འབྲེལ་འབྲེལ་མཐུན་ཚོགས་ཀྱིས། རྒྱ་ནག་གཞུང་གིས་ཁྲིམས་མཐུན་མིན་པའི་ཐོག་ནས་བཀག་ཉར་བྱས་ཏེ། གར་སོང་ཆ་མེད་དུ་གྱུར་བའི་རིགས་དང་། དེ་བཞིན་གཅར་རྡུང་བྱས་ཏེ་ནད་མནར་དུ་གྱུར་བའི་རིགས་སོོགས་ཀྱི་སྐོར་ལ་གླེང་སློང་བྱས་ཡོད་པ་མ་ཟད། བོད་དང་། ཡུ་གུར་གཙོ་བོ་གྱུར་བའི་གྲངས་ཉུང་མི་རིགས་རྣམས་ཀྱི་ཐོབ་ཐང་དང་ཆོས་དད་རང་མོས་སོགས་ཀྱི་ཐད་ལ་གླེང་སློང་གནང་འདུག་ལ། དེ་བཞིན་རྒྱ་ནག་གཞུང་གིས་བོད་ཀྱི་རྩོམ་པ་པོ་གྲགས་ཅན་སྒོར་ཤེས་རབ་རྒྱ་མཚོ་དང་། གྲྭ་རིན་ཆེན་ཚུལ་ཁྲིམས། དེ་བཞིན་བཀྲིས་རྡོ་རྗེ་བཅས་གང་མགྱོགས་ཀློད་གྲོལ་གཏོང་དགོས་པའི་རེ་སྐུལ་ཡང་ཞུས་ཡོད་འདུག

ད་རེས་ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་དང་ལྷན་དུ། ཁྲིམས་འགལ་བཙོན་འཇུག་དང་གར་སོང་ཆ་མེད་དུ་གྱུར་བ། མནར་གཅོད་དང་ནད་མནར་གྱི་བཙོན་པའི་གནས་སྟངས་སོགས་གླེང་སློང་བྱས་ཏེ། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྒྲིག་ཁྲིམས་ཁག་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པ་མཚམས་འཇོག་དགོས་པ་ནན་བརྗོད་བྱས་ཡོད་པ་མ་ཟད། རྒྱ་ནག་སྤྱི་དང་དམིགས་བསལ་ཧོང་ཀོང་དང་ནང་སོག བོད་དང་ཤར་ཊུ་ཀི་སི་ཐན་སོགས་ཀྱི་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་ཁྲིམས་རྩོད་པ་དང་གསར་འགོད་པ་སོགས་ཀྱི་གནས་སྟངས་གླེང་སློང་བྱས་ཡོད་འདུག་ལ། ཡུ་རོབ་མཐུན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ་ནང་། ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་གཉིས་ནས་གྲོས་མོལ་དེ་བསྐྱར་འཛུགས་བྱེད་པར་མོས་མཐུན་བྱུང་ཡོད་སྐོར་བརྗོད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་མནའ་འབྲེལ་ཚོགས་པ་སོགས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཆེ་གྲས་ཁག་བཅུ་ཡིས། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་དང་ཚོགས་མི་རྒྱལ་ཁབ་ཁག་གིས་རྒྱ་ནག་དང་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་ནར་འགྱངས་གཏོང་བ་དང་། གལ་སྲིད་གྲོས་མོལ་བྱ་རྒྱུ་ཡིན་ཚེ་རྒྱ་ནག་དང་ཡུ་རོབ་མཐུན་ཚོགས་གཉིས་ཀྱི་འབྲེལ་ལམ་གང་ཞིག་ཡིན་ཡང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གཙོ་འཛིན་བྱེད་དགོས་པའི་འབོད་སྐུལ་པ་བརྒྱུད། ད་ལན་ཡུ་རོབ་མཐུན་ཚོགས་ནས་རྒྱ་ནག་གཞུང་ལ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་སློང་གནང་བ་ཞིག་ཡིན་པ་རེད།

ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་བར་གྱི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་དེ་ཕྱི་ལོ་ ༢༠༡༩ ལོར་གསར་དུ་བཙུགས་ཡོད་ཅིང་། དེ་ནི་ཆེད་དུ་ཡུ་རོབ་མཐུན་ཚོགས་ཀྱིས། ཤར་ཊུ་ཀི་སི་ཐན་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་ནས་རྒྱ་ནག་ཐོག་འགྲོ་བ་མིའི་ཐོབ་ཐང་གི་ལངས་ཕྱོགས་ལ་འགྱུར་བ་བཏང་བ་ཞིག་ཡིན་པ་དང་། དེ་ལ་བརྟེན། རྒྱ་ནག་གིས་ཀྱང་ཡུ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་དང་ཆེས་མཐོའི་དཔོན་རིགས་སོགས་ལ་ཉེས་ཆད་བཅད་དེ་བརྡ་ལན་བསློགས་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist