མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྷལ་ཝན་ལུང་གཞུང་གི་གནད་དོན་མ་སེལ་བར་དུ་རྒྱ་དཀར་ནག་གི་འབྲེལ་ལམ་རྒྱུན་ལྡན་ལྟར་ཆགས་ཐབས་མེད།

བོད་ཀྱི་དུས་བབ།
༢༠༢༣/༠༢/༢༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇཱེ་ཤན་ཀཱར་མཆོག་གིས་གྷལ་ཝན་ལུང་གཞུང་གི་གནད་དོན་མ་སེལ་བར་དུ་རྒྱ་དཀར་ནག་གི་འབྲེལ་ལམ་རྒྱུན་ལྡན་བཞིན་ཆགས་ཐབས་མེད་སྐོར་གསུངས་འདུག

External Affairs Minister S. Jaishankar addressing a meeting in Hyderabad on Sunday. | Photo Credit: NAGARA GOPAL

ཁ་སང་ཕྱི་ཚེས་ ༢༦ ཉིན་རྒྱ་གར་ཧའེ་ཌི་རཱ་བྷ་ཌི་(Hyderabad)མངའ་སྡེ་ནང་རྒྱལ་གཅེས་བསམ་བློ་བའི་ལྷན་ཚོགས་(The Forum For Nationalist Thinkers)ཞེས་པ་ཞིག་འཚོགས་ཏེ། རྒྱ་གར་གྱིས་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་མགོ་ཁྲིད་ཀྱི་ལས་ཡུན་(India’s G20 Presidency)སྐོར་ལ་བགྲོ་གླེང་གནང་ཡོད་པ་དང་། ཚོགས་ཐོག་ཏུ་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇཱེ་ཤན་ཀཱར་(S. Jaishankar) མཆོག་དང་། རྒྱ་གར་ཡུལ་སྐོར་བློན་ཆེན་གངྒ་པུ་རཱམ་ཀི་ཤན་རེ་སྒྲེ་(G. Kishan Reddy)མཆོག ཆེས་མཐོའི་ཁྲིམས་དཔོན་ཟུར་པ་བྷི་སུ་བྷ་ཤན་རེ་སྒྲི་(B. Subhashan Reddy)མཆོག་བཅས་ཕེབས་ཏེ་གསུང་བཤད་གནང་ཡོད་འདུག

སྐབས་དེར་ཕྱི་སྲིད་བློན་ཆེན་ཇཱེ་ཤན་ཀཱར་མཆོག་གིས། སྲིད་བློན་མུ་ཌི་མཆོག་གི་བཀའ་དྲིན་གྱིས་རྒྱ་གར་མི་མང་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་ལས་ཐར་ཐུབ་པ་བྱུང་ཡོད། ཕྱི་ལོ་ ༢༠༢༠ ལོའི་ཏོག་དབྱིབས་གཉན་རིམས་ཀྱི་ཐེམ་སྤང་བཀའ་རྒྱའི་སྐབས་དང་བསྟུན་ནས། ང་ཚོས་རྒྱ་ནག་གིས་མཐའ་མཚམས་སུ་རྙོག་དྲ་སློང་མགོ་ཚུགས་པ་དེ་གཏན་ནས་བརྗེད་ཀྱི་མེད།  ང་ཚོས་འཛམ་གླིང་ཡོངས་སུ་ང་ཚོའི་ལངས་ཕྱོགས་བརྟན་པོ་ཡིན་པ་གསལ་འདེབས་ཞུས་ཡོད། གྷལ་ཝན་ལུང་གཞུང་(Galwan Valley) གི་གནད་དོན་མ་སེལ་བར་དུ་རྒྱ་དཀར་ནག་གི་འབྲེལ་ལམ་རྒྱུན་ལྡན་བཞིན་ཆགས་ཀྱི་མ་རེད། མཐའ་མཚམས་ཁུལ་དུ་འཛུགས་སྐྲུན་མང་པོ་བྱེད་བཞིན་པ་ནི་དུས་ཚོད་རིང་པོའི་སྣང་མེད་ཀྱི་བྱ་སྤྱོད་ཅིག་རེད། ཅེས་གསུངས་འདུག

ཡང་ཁོང་གིས། འཛམ་གླིང་ཡོངས་ལ་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་འཕྲད་ཅིང་། མི་མང་ལ་དཔལ་འབྱོར་གྱི་ཤུགས་རྐྱེན་ཆེས་ཆེར་ཐེབས་ཡོད་པས། སྟོབས་ཆེན་རྒྱལ་ཁབ་ཉི་ཤུ་གཉན་འཕྲེང་ཅན་གྱི་དུས་ཚོད་ཅིག་ནང་དུ་ལྷུང་ཡོད། གནམ་གཤིས་ཀྱི་ཚ་དྲོད་དང་། ཡུག་ཁི་རན་གྱི་ཉེན་གནས། ཚན་རྩལ་གྱི་འགྱུར་ལྡོག་བཅས་ཀྱི་དཀའ་ངལ་རྣམས་ལ་གདོང་ལེན་མུ་མཐུད་དུ་བྱེད་མུས་ཡོད་པ་རེད། རྒྱ་གར་གྱིས་འཛམ་གླིང་གི་ཁ་ཕྱོགས་སུ་གྲ་སྒྲིག་བྱེད་དགོས་པ་མ་ཟད། འཛམ་གླིང་གིས་རྒྱ་གར་ལ་ལྟ་སྟངས་ཀྱི་ཕྱོགས་གཉིས་ཀར་དྲང་བོའི་ལམ་ནས་འཛིན་དགོས་ཀྱི་འདུག   རྒྱ་གར་འཛམ་གླིང་སྟེང་གི་དཔལ་འབྱོར་ཆེ་ཤོས་ཨང་ལྔ་པའི་ཁོངས་སུ་ཚུད་དགོས་ཀྱི་འདུག་པ་མ་ཟད། མཐུན་གྲོགས་རྒྱལ་ཁབ་ཁག་དང་མཉམ་དུ་ཚོང་འབྲེལ་ཟབ་ཏུ་བཏང་ནས་འཛམ་གླིང་དུ་གཞི་རྒྱ་ཆེ་བའི་ཚོང་འགྲུལ་བྱ་རྒྱུ་ཡིན། ཞེས་གསུངས་འདུག

ཐེངས་འདིའི་ལྷན་ཚོགས་དེ་ནི་ཧ་ཅང་གལ་གནད་ཆེན་པོ་ཡིན་པའི་སྐོར་ལ་ཁོང་གིས། འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་སྐོར་གྱི་བགྲོ་གླེང་ཚོགས་འདུ་འདི་ནི་རྒྱ་གར་གྱི་ཤུགས་རྐྱེན་འབུམ་ཕྲག་འཛམ་གླིང་དུ་ཕྱིར་འདོན་བྱེད་ཐུབ་པའི་གོ་སྐབས་ཡག་ཤོས་ཤིག་ཡིན་ལ། འཛམ་གླིང་དབུ་ཁྲིད་རྣམས་ཀྱིས་ཆབ་སྲིད་ཡང་དག་འཛིན་པ་དང་། དཔལ་འབྱོར་ཡར་རྒྱས་འགྲོ་བ། བཟོ་སྐྲུན་བཀོད་ལེགས་འབྱུང་བའི་མཐུན་རྐྱེན་སྒྲུབ་པར་ཕན་པ་ཆེན་པོ་ཡོད། ད་ལྟའི་ཆར་རྒྱ་གར་གྱིས་འཛམ་གླིང་མི་མང་གི་དཀའ་སྡུག་ལ་དོ་འཁུར་བྱེད་མཁན་གྱི་སྣང་བརྙན་བཟང་པོ་ཞིག་སྐྲུན་ཡོད། ཏུར་ཀིའི་ས་ཡོམ་གནོད་འཚེའི་སྐབས་སུ་རྒྱ་གར་ནི་འཛམ་གླིང་མི་མང་ལ་རྐྱེན་ངན་གོད་ཆག་སེལ་བར་རོགས་སྐྱོར་ཞུ་མཁན་འགན་ལེན་པ་དང་པོའི་གྲས་ཡིན་ཞེས་གསུངས་འདུག

ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༥ ཉིན་བོད་དང་རྒྱ་གར་གྱི་ས་མཚམས་སུ་ཁེལ་བའི་གྷལ་ཝན་ལུང་གཞུང་དུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་བར་དྲག་པོའི་འཁྲུག་འཛིང་ཤོར་ཏེ། རྒྱ་གར་གྱི་མཐའ་སྲུང་དམག་མི་ ༢༠ དང་ཉུང་མཐར་རྒྱ་ནག་གི་མཐའ་སྲུང་དམག་མི་ ༤ ཡི་ཚེ་སྲོག་ཤོར་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད། སྐབས་ཐོག་དེར་རྒྱ་ནག་ཕྱོགས་ནས་ཤི་རྨས་ཀྱི་གྲངས་འབོར་གསང་བ་བྱས་ཡོད་ཀྱང་ཕྱིས་སུ་རྒྱ་དམག་ཀྱང་གང་ཙམ་ཤི་རྨས་བྱུང་ཡོད་པའི་གནས་ཚུལ་ཐོན་ཡོད་ལ། ཕྱོགས་གཉིས་བར་ཐེངས་མང་པོར་གྲོས་མོལ་བྱས་ཡོད་ཀྱང་དོན་འབྲས་དེ་ཙམ་ཐོན་མེད་པར་བརྟེན། དམར་འཛིང་དེ་བྱུང་བ་ནས་བཟུང་བསྐྱར་དུ་རྒྱ་དཀར་ནག་གཉིས་བར་འཁོན་འཛིང་ཆེ་རུ་ཕྱིན་ཡོད་པ་མ་ཟད། ཕྱོགས་གཉིས་ནས་མཐའ་མཚམས་བརྟན་སྲུང་ཆེད་གཞུང་ལམ་དང་དམག་དོན་ལྟེ་གནས་སྔར་ལས་མང་པོ་འཛུགས་སྐྲུན་བྱས་ཏེ་དམག་དོན་ནུས་པ་གོང་སྤེལ་དུ་གཏོང་བཞིན་ཡོད་པ་རེད།

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༡༧ སྔོན་ལ།
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༡༧ སྔོན་ལ།
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese