མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་རྒྱབ་སྐྱོར་བའི་མིང་ཐོག་ནས་སྐྱབས་བཅོལ་ཞུ་མཁན་གྱི་རྒྱ་རིགས་ཤིག་གི་རྫུན་རྐུབ་བརྡོལ།

བོད་ཀྱི་དུས་བབ།
༢༠༢༣/༠༣/༠༣
Share on FacebookShare on TwitterShare on EmailShare on Whatsapp

ལི་ཟེར་བའི་རྒྱ་མི་ཞིག་གིས་རང་ཉིད་བོད་དོན་རྒྱབ་སྐྱོར་བ་ཞིག་ཡིན་ཚུལ་བརྗོད་ནས་ནེའུ་ཛི་ལན་ཌིའི་སྐྱབས་བཅོལ་ཐོབ་ཐང་ཞུ་ཡི་ཡོད་པར། ས་གནས་བོད་རིགས་ཚོགས་པས་ལི་ཟེར་བའི་རྒྱ་མི་དེ་བོད་དོན་རྒྱབ་སྐྱོར་བ་ཞིག་མིན་སྐོར་བརྗོད་བྱུང་།

Leo Li participating in a free-Tibet protest outside the Chinese Consulate office.

ཉེ་ལམ་ཞི་བདེ་རྒྱ་མཚོའི་ལྷོ་ནུབ་ཀྱི་ཁུལ་དུ་ཆགས་པའི་ནེའུ་ཛི་ལན་ཌིའི་ (New Zealand) གྲོང་ཁྱེར་ཨོག་ལེན་ཌི་ (Auckland) ནང་ལི་ཟེར་བའི་རྒྱ་རིགས་ཤིག་གིས། རང་ཉིད་ཀྱི་པཱ་ལགས་བོད་ནང་གི་དམག་དཔོན་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༠༨ ལོར་ཁོའི་པཱ་ལགས་ཀྱིས་བོད་ནང་གི་བོད་མི་རྣམས་ལ་དྲག་གནོན་བྱེད་རྒྱུར་མོས་མཐུན་མ་བྱས་པར་གཞུང་ལ་ངོ་རྒོལ་བྱས་ཚུལ་དང་། དེ་བཞིན་ལི་རང་ཉིད་བོད་མིའི་ལོ་རྒྱུས་ཀྱི་གསུམ་བཅུ་དུས་དྲན་སོགས་སུ་མཉམ་ཞུགས་བྱས་ཏེ་བོད་དོན་རྒྱབ་སྐྱོར་བ་ཞིག་ཡིན་ཚུལ་སོགས་བརྗོད་ནས་ནེའུ་ཛི་ལན་ཌིའི་སྐྱབས་བཅོལ་ཞུ་ཐབས་བྱེད་བཞིན་ཡོད་པའི་ཐད། ནེའུ་ཛི་ལན་ཌིའི་ཨོག་ལེན་ཌི་བོད་རིགས་ཚོགས་པའི་ཚོགས་གཙོ་རི་ཤུལ་སྙན་གྲགས་ལགས་ཀྱིས། རྒྱ་རིགས་ཤིག་གིས་བོད་དོན་རྒྱབ་སྐྱོར་བ་ཡིན་ཚུལ་བརྗོད་ནས་ནེའུ་ཛི་ལན་ཌིའི་སྐྱབས་བཅོལ་ཐོབ་ཐང་ཞུ་ཡི་ཡོད་པར་རྩ་བ་ནས་ངོས་ལེན་མེད་པ་མ་ཟད། གནད་དོན་དེས་ནེའུ་ཛི་ལན་ཌིའི་བོད་མི་སྤྱི་དང་རྒྱལ་སྤྱིའི་སྟེང་བོད་མི་དང་བོད་དོན་རྒྱབ་སྐྱོར་བར་ལྟ་སྟངས་གཞན་ཞིག་ཡོང་མི་སྲིད་པ་མིན་སྐོར་བརྗོད་བྱུང་།

དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ཨོག་ལེན་ཌི་བོད་རིགས་ཚོགས་པའི་ཚོགས་གཙོ་རི་ཤུལ་སྙན་གྲགས་ལགས་སུ་ལི་ཟེར་བའི་མི་དེ་བོད་དོན་ལས་འགུལ་སྤེལ་བའི་སྐབས་མཉམ་ཞུགས་བྱས་ཡོད་མེད་སྐོར་དྲིས་པར། ཁོང་གིས། ལི་ཟེར་བའི་རྒྱ་མི་དེ་བོད་དོན་ལས་འགུལ་མང་ཆེ་བའི་ནང་མཉམ་ཞུགས་མང་པོ་བྱེད་ཀྱི་ཡོད་པ་དང་། བོད་ཀྱི་མཛད་སྒོ་ཆེ་ཁག་ལོ་སར་དང་༧སྐུ་མདུན་གྱི་འཁྲུངས་སྐར་ལ་སོགས་པའི་ནང་ཡོང་གི་འདུག་ལ། དེ་སྔ་གསུམ་བཅུའི་དུས་དྲན་དང་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ལ་སོགས་པའི་སྐབས་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་བའི་སྐབས། ཁོས་བོད་ཀྱི་རྒྱལ་དར་བཟུང་སྟེ་མཉམ་ཞུགས་བྱེད་ཀྱི་འདུག ཉེ་བའི་ཆར་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་ལོ་སར་སྐབས་ཁོ་དང་རྒྱ་མི་ཁ་ཤས་བསླེབས་སོང་། འོན་ཀྱང་། ང་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་དང་ཞི་བའི་གོམ་བགྲོད་ལ་སོགས་པའི་ལས་འགུལ་སྤེལ་བའི་སྐབས། རྒྱ་མིའི་དམངས་གཙོ་དོན་གཉེར་བ་མང་པོ་མཉམ་ཞུགས་བྱེད་ཀྱི་ཡོད་པར་བརྟེན། ལི་ཟེར་བའི་མི་དེ་རྒྱ་མིའི་དམངས་གཙོ་དོན་གཉེར་བ་ཞིག་ཡིན་ཤག་ཤག་བྱས་པ་ཡིན། ཞེས་བརྗོད་བྱུང་།

ད་དུང་ཨོག་ལེན་ཌི་བོད་རིགས་ཚོགས་པའི་ཚོགས་གཙོ་རི་ཤུལ་སྙན་གྲགས་ལགས་ཀྱིས་འདི་གའི་གསར་འགོད་པར། ཁོས་རང་གི་པཱ་ལགས་ཀྱིས་ལྷ་ས་ནས་བོད་པ་ཚོར་རོགས་པ་བྱས་ཡོད་ཚུལ་སོགས་མང་པོ་ལབ་འདུག དེ་ཚོ་བདེན་པ་རེད་མི་འདུག རྒྱུ་མཚན་ནི་རྒྱ་མིས་བོད་ནང་ལས་བྱེད་པ་གང་འདྲ་གཏོང་གི་ཡོད་པ་དང་། དེ་ཚོས་ག་རེ་བྱེད་ཀྱི་ཡོད་པ་དང་ག་རེ་བྱེད་ཐུབ་ཀྱི་ཡོད་པ་ཚང་མ་ངས་ཧ་གོ་ཡི་ཡོད་པས། ཁོས་ལབ་པ་དེ་ཏག་ཏག་མ་རེད། འཛམ་གླིང་སྟེང་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་རྒྱ་ནག་གཞུང་གིས་ཛ་དྲག་པོར་བརྩིས་ཏེ་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པའི་རྒྱབ་ལྗོངས་སོགས་མང་པོ་ཞིག་ཧ་གོ་ཡི་ཡོད་པས། ཁོས་རང་ཉིད་སྲུང་སྐྱོབ་ཀྱི་ཆེད་དུ་གནད་དོན་དེ་དག་ལ་ཁ་གཡར་པ་རེད། མ་གཞི་རྒྱ་ནག་ནང་དུའང་དམངས་གཙོ་དོན་གཉེར་བ་དང་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་ཡིན་ལབ་ནའང་འགྲིག་རེད་དེ། དེ་དག་གི་ཐད་ནས་ཁོ་ཚོ་རྐུབ་བརྡོལ་བ་དང་རྒྱ་མི་ཚོས་ཕན་ཚུན་ཧ་གོ་ཡི་ཡོད་དུས་ལབ་མ་ཐུབ་པ་རེད་བསམ་སོང་། ཁོས་བོད་དོན་རྒྱབ་སྐྱོར་བ་ཡིན་ལབ་པ་ཡིན་ན། བོད་པ་ཚོས་རྩད་གཅོད་བྱེད་ཐུབ་ཀྱིི་མི་འདུག་བསམ་ནས། ཁོ་རང་གི་བྱ་བ་ཡག་པོ་འགྲོ་རྒྱུའི་དོན་དུ་བོད་པ་བེད་སྤྱོད་བཏང་བ་ལྟ་བུ་ཞིག་ཏུ་མཐོང་སོང་། ཞེས་བརྗོད་བྱུང་།

Tibetan community leaders Nyandak Rishul, president of the NZ Tibetan Association, and Wangdue Tsering, past president, with the Tibetan flag. Photo / Dean Purcell

ལི་ཟེར་བའི་རྒྱ་རིགས་དེ་བོད་དོན་རྒྱབ་སྐྱོར་བ་ཡིན་མིན་ཐད་སྙན་གྲགས་ལགས་ཀྱིས། ང་རང་གི་ངོས་ནས་ཁོ་བོད་དོན་རྒྱབ་སྐྱོར་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད། རྒྱུ་མཚན་ནི་ཁོས་རང་གི་ནག་ཉེས་མེད་པ་བཟོ་རྒྱུ་དང་ལམ་ཁ་གཞན་ཞིག་ནས་རང་ཉིད་དཀར་པོ་ཆགས་རྒྱུའི་ལམ་ཁ་བཙལ་རྒྱུ་མ་གཏོགས་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ལ་རྩ་བ་ཉིད་ནས་ངོས་འཛིན་བྱེད་ཀྱི་མེད། དེ་ཡང་གཙོ་བོ་ཁོ་རང་གིས་ནེའུ་ཛི་ལན་ཌི་གཞུང་ལ་སྐྱབས་བཅོལ་ཞུ་ཡི་ཡོད་པས། དེ་བརྒྱུད་ནས་ཁོ་རང་མི་གསོད་ཁྲག་སྦྱོར་བྱེད་མཁན་ཡིན་པ་ཧ་གོ་བ་རེད། དེ་མ་གཏོགས་སྔོན་ལ་ཧ་གོ་ཡི་མེད། ཅེས་བརྗོད་པ་སྦྲགས། སྙན་གྲགས་ལགས་ཀྱིས་ལི་ཡི་གནད་དོན་དེར་ཨོག་ལེན་ཌི་ཡི་བོད་པ་ཚང་མ་དངངས་འཚབ་སྐྱེ་དགོས་པ་ལྟ་བུ་ཆགས་ཡོད། རྒྱུ་མཚན་ནི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་ཚར་དུས་མི་ཚང་མས་དོ་སྣང་བྱེད་པའི་དུས་ཤིག་ལ་བསླེབས་པ་རེད། དེའི་སྒང་ལ་། ང་ཚོ་བོད་པའི་རྒྱལ་དར་གྱོན་ཡོད་མཁན་ཞིག་དང་བོད་དོན་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ཟེར་ནས་གསར་ལམ་ཁག་ཏུ་བསྒྲགས་ཚར་དུས། ང་ཚོ་བོད་པ་ཚང་མས་གནས་ཚུལ་མི་ལེགས་པ་དེ་འདྲ་མཐོང་ཡོང་དུས་ཏོག་ཙམ་དངངས་འཚབ་སྐྱེ་དགོས་པའི་གནས་སྟངས་བྱུང་བ་རེད། འདིར་བོད་པ་ཉུང་ཉུང་ཞིག་ལས་མེད་པ་དང་ང་ཚོའི་བསམ་ཚུལ་གཅིག་པ་རེད། ད་ལྟའི་བར་དུ་ང་ཚོ་ནེའུ་ཛི་ལན་ཌི་གཞུང་དང་ཐག་ཉེ་བ་དང་ཁྲིམས་འགལ་ལ་སོགས་བྱ་བ་མི་ལེགས་པ་གཅིག་ཀྱང་ཧ་ལམ་བྱུང་མྱོང་མི་འདུག ད་རེས་གློ་བུར་དུ་དོན་དག་འདི་བྱུང་བ་རེད། ང་ཚོ་ཧ་མ་གོ་བ་རེད་མ་གཏོགས་ཧ་གོ་ཡོད་ཚེ་སྔོན་མ་ནས་འགོག་སྲུང་བྱས་ཡོད་ཤག་རེད། སྤྱིར་ང་ཚོས་ཁོའི་སྐོར་ལ་ཧ་གོ་རྒྱུ་ཕར་ཞོག མཐའ་ན་ད་ལྟའི་བར་དུ་ནེའུ་ཛི་ལན་ཌི་གཞུང་གིས་ཁོ་ག་རེ་ཡིན་མིན་ཧ་གོ་མེད་པ་རེད།  ཁོས་ང་ཚོ་བོད་པའི་རྒྱབ་སྐྱོར་བ་ཞིག་གི་རྣམ་པ་བསྟན་པ་དང་བོད་ཀྱི་རྒྱལ་དར་གྱོན་པ་སོགས་བྱས་ཡོད་དུས། སྤྱི་ཡོངས་ནས་འཛམ་གླིང་ཐོག་བོད་དོན་རྒྱབ་སྐྱོར་བ་ཚོའི་མཐོང་ཏོག་ཙམ་ཆགས་རྒྱུ་དང་། ང་ཚོ་བོད་པ་ཡིན་ནའང་བོད་དོན་རྒྱབ་སྐྱོར་བ་མི་གསོད་མཁན་དེ་འདྲའང་ཡོད་པའི་མཐོང་ཚུལ་གཞན་ཞིག་ཡོང་མི་སྲིད་པ་མ་རེད། དེར་བརྟེན་ང་ཚོ་ཚང་མ་དངངས་འཚབ་སྐྱེ་ཡི་ཡོད་པ་རེད། ཅེས་བརྗོད་བྱུང་།

ཕྱི་ཟླ་ ༢ ཚེས་ ༢༦ ཉིན་ནེའུ་ཛི་ལན་ཌིར་རྟེན་གཞི་བྱས་ཡོད་པའི་ (nzherald) གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལི་ (Leo Li) ཟེར་བའི་མི་དེར་ (Ang Li) དང་ (Jiaming Li)། དེ་བཞིན་(Zongyuan Li) ཡང་ཟེར་བ་སོགས་ཁྱོན་མིང་བཞི་དང་(Antigua and Barbuda Passport) རྒྱལ་ཁབ་ཀྱི་རྫུན་བཟོས་ཕྱི་སྐྱོད་ལག་ཁྱེར་ཞིག་དང་ངོས་འཛིན་ལག་ཁྱེར་གཞན་ཞིག་ཀྱང་ཡོད་པ་དང་། ཕྱི་ལོ་ ༢༠༠༢ ལོར་ལི་དང་ཁོའི་དགའ་རོགས་(Amanda Zhou) གཉིས་ནས་ཁེ་ན་ཌ་རུ་རྒྱལ་སྤྱིའི་སློབ་མའི་མིང་ཐོག་ནས་སློབ་སྦྱོང་བྱེད་བཞིན་པའི་སྐབས་དེར། ལིས་རང་ལོ་ ༢༡ ཡིན་པའི་དགའ་རོགས་འ་མན་ཌ་ (Amanda Zhou) བསད་ཡོད་པའི་ནག་ཉེས་འོག་འཛིན་བཟུང་བྱས་ཏེ། ཕྱི་ལོ་ ༢༠༠༤ ལོར་རྒྱ་ནག་ལ་རྩིས་སྤྲོད་བྱས་ཡོད་ཀྱང་དཔང་པོ་ཉུང་དྲགས་པའི་རྐྱེན་གྱིས་ཀློད་གྲོལ་བཏང་ཡོད་པ་རེད། དེ་ནས་ཕྱི་ལོ་ ༢༠༡༢ ཟླ་ ༩ པའི་ནང་རྒྱ་ནག་གཞུང་གིས་ལི་ཟེར་བའི་མི་དེ་སླར་ཡང་འཛིན་བཟུང་བྱས་ཏེ་ཚེ་བཙོན་གྱི་ཁྲིམས་ཐག་བཅད། ཕྱི་ལོ་ ༢༠༡༤ ལོར་པེ་ཅིན་གྱི་ཆེས་མཐོའི་ཁྲིམས་ཁང་གིས་ ལིས་རང་གི་དགའ་རོགས་ཀྲའོ་དང་མཉམ་དུ་སྔས་མགོ་གཞུ་རེས་སོགས་ཀྱི་རྩེད་མོ་རྩེ་བའི་སྐབས། གློ་བུར་དུ་རྐྱེན་ཆག་བྱུང་སྟེ་འཆི་སྐྱོན་བྱུང་བའི་ངོས་འཛིན་འོག་ལི་ལ་ལོ་ ༧ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

ལི་ཡིས་ནེའུ་ཛི་ལན་ཌིའི་(nzherald)གསར་ཁང་གི་གསར་འགོད་པར། ལོ་ངོ་ ༤ གོང་དུ་ཁོ་དང་ཁོའི་ནང་མི་རྣམས་བོད་ནང་གི་སྡུག་སྦྱོང་མནར་གཅོད་ལ་གཡོལ་ཕྱིར་ནེའུ་ཛི་ལེན་ཌི་རུ་ཡོང་བ་ཡིན་སྐོར་དང་། རྒྱ་ནག་དམར་ཤོག་གཞུང་གིས་ཁོའི་ནང་མི་རྣམས་ལ་སྡུག་སྦྱོང་མནར་གཅོད་བཏང་བ་དང་དམའ་འབེབས་བྱས་པ། དེ་བཞིན་བཙོན་འཇུག་དང་བཟང་བཙོན་སོགས་ཀྱི་དཀའ་སྡུག་མྱངས་མྱོང་ཡོད་ཚུལ་དང་། ཕྱི་ལོ་ ༢༠༠༨ ལོར་བོད་མི་རྣམས་ཀྱིས་དམངས་གཙོའི་དོན་དུ་ངོ་རྒོལ་ལས་འགུལ་སྤེལ་སྐབས། རྒྱ་ནག་གཞུང་གི་ཉེན་རྟོག་བློན་ཆེན་དང་ཁྲིམས་འཛིན་བློན་ཆེན། དམག་དཔོན་སོགས་ལ་བཀའ་བཏང་སྟེ། བོད་མི་རྣམས་སྡེབ་གསོད་བྱེད་དགོས་པའི་བཀའ་བཏང་སྐབས། ལིའི་པཱ་ལགས་ཀྱིས་བོད་མི་ངོ་རྒོལ་བ་རྣམས་ལ་དྲག་གནོན་མ་བྱས་པར་ཕར་གཞུང་ལ་འཁྲུག་རྩོད་བརྒྱབ་ཡོད་སྐོར། དེ་བཞིན་སྐབས་དེར་ཁོས་རང་གི་པ་ལགས་སུ་རོགས་པ་བྱས་སྟབས་རྒྱ་ནག་གཞུང་གིས་རང་ཉིད་འཛིན་བཟུང་བྱས་ཡོད་སྐོར་སོགས་བརྗོད་འདུག

Chinese student Wei Amanda Zhao and her boyfriend Ang Li. Photo / via AP

འོན་ཀྱང་ནེའུ་ཛི་ལན་ཌིའི་ཨོག་ལེན་ཌི་གྲོང་ཁྱེར་གྱི་བོད་རིགས་ཚོགས་པའི་ཚོགས་གཙོ་ཟུར་པ་དབང་འདུས་ཚེ་རིང་ལགས་ཀྱིས། ལི་ཟེར་བའི་རྒྱ་མི་དེར་མགྲོན་འབོད་སོགས་གང་ཡང་མེད་པའི་ཐོག་ནས་བོད་མིའི་ངོ་རྒོལ་གྱི་ལས་འགུལ་སོགས་ལ་མཉམ་ཞུགས་བྱེད་མགོ་བཙུགས་ཡོད་པ་དང་། དེ་སྔ་ང་རང་བོད་རིགས་ཚོགས་པའི་ཚོགས་གཙོ་ཡིན་པའི་སྐབས། ལིས་ང་ལ་ཁོང་དང་ཁོང་གི་ནང་མི་རྣམས་ཨོག་ལེན་ཌི་གྲོང་ཁྱེར་དུ་གནས་སྡོད་བྱེད་སླད་རྒྱབ་སྐྱོར་གྱི་ཡི་གེ་སྤྲོད་དགོས་པའི་རེ་སྐུལ་ཞུས་ཏེ། ལིའི་པ་ལགས་ལྷ་སའི་ཁུལ་གྱི་བོད་དམག་གི་དམག་དཔོན་གཞོན་པ་ཡིན་རབས་དང་བོད་དོན་ལ་སེམས་ཁུར་བྱེད་མི་ཞིག་ཡིན་ཚུལ་བརྗོད་བྱུང་། འོན་ཀྱང་། རྒྱ་མི་མང་པོ་ཞིག་བོད་པའི་སྤྱི་ཚོགས་ནང་སིམ་འཛུལ་བྱེད་ཐབས་བྱས་དང་བྱེད་མུས་ཡིན་པར་བརྟེན། སྐབས་དེ་དུས་ངས་ཁོང་གི་བཤད་པར་ཡིད་ཆེས་བྱས་མེད་ལ་རྒྱབ་སྐྱོར་ཡི་གེ་གང་ཡང་སྤྲད་མེད། ངས་ཁོའི་པཱ་ལགས་དང་འབྲེལ་བའི་གནས་ཚུལ་རྣམས་དྲ་ཐོག་ནས་འཚོལ་ཐབས་བྱས་ཀྱང་གང་ཡང་རྙེད་མ་སོང་། ཞེས་དང་། ངའི་བསམ་ཚུལ་ལ་རྒྱ་གཞུང་གིས་བོད་ནང་དུ་རྒྱ་ནག་གི་དམག་དཔོན་དང་དམག་མི་བཏང་བ་རྣམས་ནས། གལ་ཏེ་རྒྱ་ནག་གཞུང་གིས་བཀའ་ལ་བརྩི་འཇོག་མི་བྱེད་ཚེ་འཚོ་ཐབས་མེད་པ་ཞིག་རེད། འོན་ཀྱང་ལིའི་པཱ་ལགས་རྒྱ་ནག་ནང་འཚོ་གནས་བྱེད་བཞིན་ཡོད་པ་དང་། ལིས་ནེའུ་ཛི་ལན་ཌི་ཁུལ་དུ་མཁར་དངོས་སོགས་ཉོས་པར་དངུལ་གཏོང་ཐུབ་ཀྱི་ཡོད་པར་བརྟེན། ཁོས་བཤད་པའི་སྒྲུང་ལ་དོགས་པ་ཆེན་པོ་ཡོད། ཅེས་བརྗོད་འདུག

ནེའུ་ཛི་ལན་ཌིའི་ཡུལ་མི་གནས་སྤོའི་ (Immigration New Zealand) ལས་ཁུངས་ཀྱིས། རང་ལོ་ ༣༨ ཡིན་པའི་རྒྱ་མི་ལི་ (Leo Li) ཟེར་བ་དེས་ངོས་འཛིན་ལག་ཁྱེར་མི་འདྲ་བ་མང་པོ་བེད་སྤྱོད་བྱེད་ཀྱི་ཡོད་པ་དང་། ཁོ་ལ་སྐྱེས་ལོ་སྐྱེས་ཚེས་མི་འདྲ་བ་གསུམ་དང་སྐྱེས་ཡུལ་ས་ཁུལ་མི་འདྲ་བ་གཉིས་ཡོད་པར་བརྟེན། ལི་ཟེར་བའི་མི་དེའི་གཤིས་རྒྱུད་མི་བརྟན་པ་དང་། འཁྲབ་སྟོན་དང་གཡོ་ཁྲམ་བྱེད་མཁན་ཞིག་ལ་ངོས་འཛིན་བྱས་འདུག ད་ལྟ་ལི་ཡིས་ནེའུ་ཛི་ལན་ཌི་གཞུང་ལ་ཁྲིམས་གཏུགས་བྱས་ཏེ་རང་ཉིད་ལ་སྐྱབས་བཅོལ་བའི་ཐོབ་ཐང་འཐོབ་པར་རྩོད་ལེན་བྱེད་བཞིན་ཡོད་པ་དང་། ཁོས་གལ་སྲིད་ནེའུ་ཛི་ལན་ཌི་གཞུང་གིས་ཁོའི་ནང་མི་ཡོངས་རྒྱ་ནག་ཏུ་ཕྱིར་ལོག་བཏང་ཚེ། རྒྱ་གཞུང་གིས་ཁོ་ཚོར་བཙོན་འཇུག་ཁྲིམས་ཐག་དང་མནར་གཅོད་གཏོང་ངེས་ཡིན་ཚུལ་རྗོད་ཀྱིན་ཡོད་ཀྱང་། ནེའུ་ཛི་ལན་ཌི་གཞུང་གིས་གལ་སྲིད་ལིའི་ནང་མི་རྣམས་རྒྱ་ནག་ཏུ་ལོག་ཚེ་རྒྱ་ནག་གཞུང་གིས་ཉེས་ཆད་གཏོང་མི་སྲིད་པའི་མཇུག་སྡོམ་བརྒྱབ་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

New Zealand National Party leader and Prime Minister-elect Christopher Luxon speaks to supporters at a party event in Auckland, on October 14, 203. Photo Credit: AP
Mobile App

ནེའུ་ཛེ་ལན་གྱི་སྲིད་བློན་ལ་བོད་དོན་གླེང་སློང་དགོས་པའི་འབོད་སྐུལ་ཞུས།

༢༠༢༤/༠༦/༡༡

མཆན། 1

  1. རི་ཤུལ་སྙན་གྲགས། says:
    ལོ་ 3 སྔོན།

    ཧ་ཅིང་་ཡག་པོ་འདུག་བཀའ་དྲིན་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese