མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཡུ་གུར་གྱི་སིལ་སྤོལ་རུ་ཁག་རྒྱ་ནག་རྒྱལ་ཡོངས་སིལ་སྤོལ་མཐུན་ཚོགས་ནས་ཕྱིར་འཐེན།

བོད་ཀྱི་དུས་བབ།
༢༠༢༣/༠༣/༠༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་རྒྱལ་ཡོངས་སིལ་སྤོལ་མཐུན་ཚོགས་ཀྱི་ཉེས་ཆད་ལ་ངོ་རྒོལ་བྱས་ཏེ་ཡུ་གུར་མཁའ་ལྡིང་སྟག་རྒོད་རུ་ཁག་རྒྱལ་ཡོངས་ཀྱི་སིལ་སྤོལ་མཐུན་ཚོགས་ནས་ཕྱིར་འཐེན་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད་འདུག

ཡུ་གུར་གྱི་མཁའ་ལྡིང་སྟག་རྒོད་རུ་ཁག པར/Reddit 

ཉེ་ལམ་རྒྱ་ནག་རྒྱལ་ཡོངས་སིལ་སྤོལ་མཐུན་ཚོགས་(Chinese Basketball Association) ཀྱིས་རྒྱལ་ཡོངས་ཀྱི་སིལ་སྤོལ་རུ་ཁག་གྲགས་ཅན་ཡུ་གུར་མཁའ་ལྡིང་སྟག་རྒོད་རུ་ཁག་( Xinjiang Flying Tigers) དང་རྒྱ་རིགས་རྩེད་འགྲན་པ་ཀྲོའུ་ཆི་(Zhou Qi ) ཟེར་བའི་བར་རྙོག་གླེང་བྱུང་བར་ཁ་གཡར་ཏེ།  ཕྱི་ཟླ ༢ ཚེས་ ༡༧ ཉིན་རྒྱ་ནག་སིལ་སྤོལ་མཐུན་ཚོགས་ཀྱིས་ཡུ་གུར་གྱི་རུ་ཁག་དེས་ལོ་གཅིག་རིང་རྩེད་འགྲན་པ་གསར་པ་ལེན་མི་ཆོག་པའི་ཉེས་ཆད་བཅད་ཡོད་པར་བརྟེན། ཉེ་སྔོན་ཕྱི་ཟླ ༢ ཚེས་༢༨ ཉིན་ཡུ་གུར་མཁའ་ལྡིང་སྟག་རྒོད་རུ་ཁག་གིས་རྒྱ་ནག་རྒྱལ་ཡོངས་སིལ་སྤོལ་རྩེད་འགྲན་ནས་ཕྱིར་འཐེན་བྱས་ཏེ།  རྩེད་འགྲན་ལྷག་མ་རྣམས་ལ་མཉམ་ཞུགས་བྱ་རྒྱུ་མིན་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཡོད་འདུག

དེའི་ཐད་རྒྱ་ནག་རྒྱལ་ཡོངས་སིལ་སྤོལ་མཐུན་ཚོགས་ཀྱི་འགན་འཛིན་ཡའོ་མིང་(Yao Ming) གིས། དྲང་པོ་བཤད་ན་ཡུ་གུར་མཁའ་ལྡིང་སྟག་རྒོད་རུ་ཁག་གིས་འདས་པའི་ལོ་ ༢༠ ནང་རྒྱ་ནག་གི་སིལ་སྤོར་ལ་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད། ང་ཚོས་ཁོང་ཚོའི་ཐག་གཅོད་ལ་བརྩི་བཀུར་ཞུ་རྒྱུ་མ་ཟད། བློ་ཕམ་ཡང་བྱུང་ཞེས་བརྗོད་འདུག ད་ལྟ་རྒྱ་ནག་གཞུང་ཕྱོགས་ཀྱི་གསར་ལམ་ཁག་ཏུ་རྒྱ་ནག་གི་སྐྱེས་པའི་སིལ་སྤོལ་རྩེད་འགྲན་གྱི་ཁྲོད་དུ་མིང་གྲགས་ཆེ་བའི་རུ་ཁག་ཅིག་ལ་གློ་བུར་དུ་ཉེས་ཆད་དེ་འདྲ་ཞིག་བཅད་དགོས་པའི་རྒྱུ་མཚན་ཁ་གསལ་མེད་ཀྱང་། རྒྱ་ནག་རྒྱལ་ཡོངས་ཀྱི་རྩེད་འགྲན་པ་གྲགས་ཅན་རྒྱ་མི་ཀྲོའུ་ཆི་(Zhou Qi ) ཟེར་བ་དང་ཡུ་གུར་གྱི་རུ་ཁག་བར་རྩོད་རྙོག་བྱུང་རྐྱེན་ཉེས་ཆད་དེ་བཅད་ཡོད་པ་ཙམ་ལས། དེའི་རྒྱབ་ཏུ་ཆབ་སྲིད་དང་མི་རིགས་དབྱེ་འབྱེད་ཀྱི་གནད་དོན་བྱུང་ཡོད་མེད་ཐད་གསལ་ཁ་གང་ཡང་མི་འདུག

རྒྱ་ནག་སིལ་སྤོལ་མཐུན་ཚོགས་ཀྱི་ཚོགས་གཙོ་ཡའོ་མིན།

ཡུ་གུར་མཁའ་ལྡིང་སྟག་རྒོད་རུ་ཁག་གིས་དེ་འབྲེལ་བསྒྲགས་གཏམ་ནང་། ང་ཚོས་ཉེས་ཆད་མ་བཅད་པའི་གོང་ནས་རྒྱ་ནག་རྒྱལ་ཡོངས་སིལ་སྤོལ་མཐུན་ཚོགས་ལ་ཁ་པར་དང་ཡི་གེ་སོགས་བཏང་ནས། ང་ཚོའི་གནད་དོན་ལ་ལྟ་ཞིབ་ཡག་པོ་བྱ་རྒྱུའི་རེ་སྐུལ་བྱས་ཡོད་ཀྱང་། ཁོང་ཚོས་བརྡ་ལན་གང་ཡང་སྤྲད་མེད་པར་བརྟེན། དྲང་བདེན་མིན་པའི་ཐག་གཅོད་འདི་འདྲ་ཞིག་ལ་ངོས་ལེན་གཏན་ནས་མེད་ལ། སིལ་སྤོལ་རྩེད་འགྲན་ལྷག་མ་རྣམས་ནས་ཕྱིར་འཐེན་བྱ་རྒྱུ་ཡིན་པ་མ་ཟད། རྒྱ་ནག་རྒྱལ་ཡོངས་སིལ་སྤོལ་མཐུན་ཚོགས་ནས་ཕྱིར་འཐོན་རྒྱུ་ཡིན་སྐོར་བསྒྲགས་འདུག

གཞན་ཡང་། རྒྱ་ནག་གཞུང་ཕྱོགས་ཀྱི་གསར་ལམ་ཁག་ཏུ། རྒྱ་ནག་ནང་ཏོག་དབྱིབས་རིམས་ནད་གཙང་སེལ་གྱི་སྲིད་ཇུས་འོག་ནས་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཏུ་བཀག་རྒྱ་ཡུན་རིང་བསྡམས་ཡོད་ཀྱང་། ད་ལྟ་གནས་སྟངས་ཇེ་བཟང་དུ་ཕྱིན་ནས་མི་མང་གི་འགྲོ་འདུག་སོགས་ཀློད་དེ། རྒྱུན་ལྡན་བཞིན་རྩེད་རིགས་ཚུད་པའི་མི་མང་འདུ་འཛོམས་ཀྱི་བྱེད་རྣམས་སླར་ཡང་མགོ་བཙུགས་ཡོད་ཀྱང་། རྒྱ་ནག་རྒྱལ་ཡོངས་སིལ་སྤོལ་མཐུན་ཚོགས་ཀྱིས་ཡུ་གུར་མཁའ་ལྡིང་སྟག་རྒོད་རུ་ཁག་ལ་ཉེས་ཆད་དེ་འདྲ་བཅད་པ་དེ།  རྒྱ་ནག་ནང་གི་སིལ་སྤོལ་ལྟད་མོ་བ་མང་པོ་ཞིག་གི་བློ་ཡུལ་ལས་འདས་པའི་ཐག་གཅོད་ཅིག་ཡིན་སྐོར་སོགས་གསལ་འདུག

ཡུ་གུར་མཁའ་ལྡིང་སྟག་རྒོད་རུ་ཁག་( Xinjiang Flying Tigers) ནི་ཕྱི་ལོ་ ༡༩༩༩ ལོར་ཡུ་གུར་གྱི་རྒྱལ་ས་ཡུ་རུམ་ཆི་(Ürümqi)རུ་ཐོག་མར་གསར་འཛུགས་བྱས་ཤིང་།  ད་བར་རྒྱ་ནག་རྒྱལ་ཡོངས་ཀྱི་སིལ་སྤོལ་རྩེད་འགྲན་གྱི་ཁྲོད་དུ་གྲུབ་འབྲས་འབུར་དུ་ཐོན་ཡོད་འདུག ལྷག་པར་དུ་ཕྱི་ལོ ༢༠༡༧ ལོར་ཨེ་ཤ་ཡའི་ཧྥི་བྷ་རྩེད་འགྲན་(FIBA Asia Champions Cup)ཁྲོད་ཨང་དང་པོ་དང་ཕྱི་ལོ ༢༠༡༦ ལོར་ཨང་གཉིས་པ་བླངས་ཡོད་འདུག་ལ། གསར་ལམ་ཁག་ཏུ་རུ་ཁག་དེར་རྩེད་འགྲན་ལམ་སྟོན་པ་( Coach ) ཚུད་པའི་རྩེད་འགྲན་པ་མི་གྲངས ༢༣ ཡོད་པའི་ཁྲོད་དུ་ཨ་རིའི་སིལ་སྤོལ་རྩེད་འགྲན་པ་གསུམ་ཡང་ཡོད་འདུག

གསར་འགོད་པ། དཔལ་ལྡན། 

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist