མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐྱབས་བཅོལ་བའི་སྡོད་སྒར་ཆེ་ཤོས་ཤིག་ལ་མེ་སྐྱོན་ཚབས་ཆེན་བྱུང་།

བོད་ཀྱི་དུས་བབ།
༢༠༢༣/༠༣/༠༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན།  ཁ་སང་ཕྱི་ཚེས་ ༥ ཉིན་བྷང་ལ་དྷེ་ཤི་ (Bangladesh) ཡི་ཤར་ལྷོ་ཁུལ་དུ་ཡོད་པའི་འབར་མའི་སྐྱབས་བཅོལ་བའི་སྡོད་སྒར་ (Rohingya refugee camp) དུ་མེ་སྐྱོན་ཆེན་པོ་ཤོར་ཏེ་མི་གྲངས་ ༡༢,༠༠༠ ཙམ་གྱི་སྡོད་ཁང་མེད་པར་གྱུར་ཡོད་འདུག

A massive fire broke out in a Rohingya refugee camp in Cox’s Bazar, Bangladesh, on Sunday. Photograph: Reuters

ཁ་སང་ཕྱི་ཚེས་ ༥ ཉིན་ཡུལ་དེའི་ཕྱི་དྲོའི་ཆུ་ཚོད་ ༢།༤༥ ཙམ་ལ་འཛམ་གླིང་ནང་གི་སྐྱབས་བཅོལ་བའི་སྡོད་སྒར་ཆེ་ཤོས་སུ་ངོས་འཛིན་བྱེད་བཞིན་པའི་ (Rohingya refugee camp)ཞེས་པའི་སྐྱབས་བཅོལ་བའི་སྡོད་སྒར་དུ་མེ་སྐྱོན་བྱུང་སྟེ་ཆུ་ཚོད་ ༣ ལྷག་རིང་མེ་གསོད་མ་ཐུབ་པར་བརྟེན། སྡོད་ཁང་ ༢༠༠༠ ཙམ་ཚིག་ནས་མི་གྲངས་ ༡༢,༠༠༠ ཙམ་སྡོད་ས་མེད་པར་གྱུར་ཡོད་སྟབས། ས་གནས་སྲིད་གཞུང་གིས་མེ་སྐྱོན་དེ་གཏོར་རྒོལ་ངན་ཇུས་དང་འབྲེལ་བ་ཡོད་མེད་དང་འབྱུང་རྐྱེན་ཅི་ཡིན་ཐད་ཞིབ་འཇུག་བྱེད་བཞིན་ཡོད་པ་མ་ཟད། དོགས་ཡོད་མི་གཅིག་འཛིན་བཟུང་བྱས་ཡོད་འདུག

དེའི་ཐད་བྷང་ལ་དྷེ་ཤི་སྐྱབས་བཅོལ་བའི་འགན་འཛིན་མི་ཇ་ནུར་རཱ་མན་ (Mijanur Rahman) གྱིས།  མེ་འབར་བའི་རྐྱེན་གྱིས་སྡོད་སྒར་གྱི་ཁ་ཆེའི་ལྷ་ཁང་ ༣༥ དང་སྐྱབས་བཅོལ་བའི་ཤེས་ཡོན་ལྟེ་གནས་ཁང་ ༢༡ ལ་མེ་སྐྱོན་བྱུང་ཡོད་སྐོར་བཤད་འདུག་ལ། དེ་བཞིན་ཝ་ཤིང་ཊོན་ཌི་སི་དང་ནེའུ་ཡོག་ལ་ཡོད་པའི་རྒྱལ་སྤྱིའི་སྐྱབས་བཅོལ་བའི་ཚོགས་པའི་  (Refugees International) འགན་འཛིན་གཞོན་པ་ཧར་ཌིན་ (Hardin Lang) ལགས་ཀྱིས། སྡོད་གནས་མེད་པར་གྱུར་བའི་སྐྱབས་བཅོལ་བ་དེ་དག་ལ་བསྐྱར་དུ་སྡོད་གནས་འཚོལ་རྒྱུ་ཁག་པོ་ཡིན་ལ། དེ་བཞིན་སྨན་ཁང་དང་སློབ་གྲྭ་མང་པོར་མེ་སྐྱོན་བྱུང་ཡོད་སྟབས་གཞི་རྩའི་དགོས་མཁོ་དེ་དག་བསྐྱར་སྐྲུན་བྱ་རྒྱུར་དཀའ་ངལ་ཆེན་པོ་ཡོད་སྐོར་སོགས་བརྗོད་འདུག

འདི་ལོའི་ཕྱི་ཟླ་ ༢ པའི་ནང་བྷང་ལ་དྷེ་ཤིའི་ཕྱི་སྲིད་ལས་ཁུངས་ཀྱིས་སྐྱབས་བཅོལ་བའི་སྡོད་སྒར་དེའི་སྐོར་ལ་སྙན་ཐོ་ཞིག་བཏོན་པའི་ནང་། ཕྱི་ལོ་ ༢༠༢༡ ཟླ་ ༡ དང་འདས་ལོའི་ཕྱི་ཟླ་ ༡༢ བར་ལ་སྐྱབས་བཅོལ་བའི་སྡོད་སྒར་དུ་མེ་ཤོར་བའི་དོན་རྐྱེན་ཆེ་ཆུང་ ༢༢༢ བྱུང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༡ ཟླ་ ༣ པའི་ནང་སྡོད་སྒར་དེར་མེ་སྐྱོན་བྱུང་སྟེ་ཉུང་མཐར་མི་གྲངས་ ༡༢ རྐྱེན་འདས་དང་མི་གྲངས་ ༥༠,༠༠༠ ཙམ་གནས་སྤོ་དགོས་བྱུང་འདུག

ཕྱི་ལོ་ ༢༠༡༦ ཟླ་ ༡༠ ནས་ཕྱི་ལོ་ ༢༠༡༧ ཟླ་ ༡ བར་དང་། ཕྱི་ལོ་ ༢༠༡༧ ཟླ་ ༨ པ་ནས་བཟུང་འབར་མའི་ནུབ་རྒྱུད་ཀྱི་རཱ་ཁེན་ (Rakhine) མངའ་སྡེ་ནང་ཡོད་པའི་ཁ་ཆེ་རཱོ་ཧན་གྷ་གྲངས་ཉུང་མི་རིགས་ (Muslim Rohingya ethnics minority) དང་ནང་པའི་རཱ་ཁེན་གྲངས་མང་མི་རིགས་ (Buddhist Rakhine ethnics majority) བར་གྱི་སྡོད་གནས་སོགས་ཀྱི་ཐོག་འཁྲུག་རྩོད་མང་པོ་བྱུང་མཐར། ཡུལ་དེའི་དྲག་པོའི་དམག་དཔུང་གིས་ཁ་ཆེ་རཱོ་ཧན་གྷ་ (Rohingya) གྲངས་ཉུང་མི་རིགས་ཀྱི་གྲོང་ཚོ་མང་པོ་མེར་སྲེག་བཏང་བ་དང་། གྲོང་ཚོ་དེ་དག་གི་མཐའ་སྐོར་ནས་བྲོས་བྱོལ་དུ་འགྲོ་བའི་མི་མང་ནང་གང་བྱུང་མེ་མདས་བརྒྱབ་པ་སོགས་བྱས་ཏེ། རཱོ་ཧན་གྷ་ཁ་ཆེའི་མི་རིགས་དམར་གསོད་ཀྱི་སྲིད་ཇུས་ལག་བསྟར་བྱས་ཡོད་པར་བརྟེན། མི་གྲངས་ས་ཡ་ ༡ ལྷག་རྒྱལ་ཁབ་གཞན་ལ་བྲོས་བྱོལ་དུ་ཕྱིན་ཡོད་པ་དང་། སྐབས་དེར་མི་མང་ཆེ་བ་ཁྱིམ་མཚེས་རྒྱལ་ཁབ་བྷང་ལ་དྷེ་ཤིའི་ནང་སྐྱབས་བཅོལ་དུ་གནས་བཅས་ཡོད་པ་རེད། ཕྱིས་སུ་ཡུལ་གཉིས་བར་སྐྱབས་བཅོལ་བ་དེ་དག་འབར་མའི་ནང་ཕྱིར་ལོག་གཏོང་རྒྱུ་ཡིན་པའི་ཐད་གྲོས་བསྡུར་བྱས་ཡོད་ཀྱང་དོན་འབྲས་ཐོན་མེད་འདུག 

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese