མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་བཙན་དབང་འོག་ནས་བྲིས་པའི་བོད་ནང་གི་རྩོམ་ཡིག་རྣམས་ལ་ཆེ་མཐོང་སྤྲོད་དགོས། 

བོད་ཀྱི་དུས་བབ།
༢༠༢༣/༠༣/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་བཙན་བྱོལ་བོད་མི་ཚོས་བོད་ནང་གི་བོད་མིའི་མགྲིན་ཚབ་པ་བྱས་ཏེ་བཙན་གནོན་གྱི་འོག་ནས་བྲིས་པའི་རྩོམ་ཡིག་རྣམས་ལ་ཆེ་མཐོང་དང་ངོས་འཛིན་སྤྲོད་དགོས་སྐོར་གསུངས་སོང་།

ཉེ་རབས་བོད་ནང་གི་རྩོམ་རིག་རྒྱུན་སྐྱོང་དང་འགྱུར་ལྡོག དུས་བབ་ཀྱི་པར། ༢༠༢༣། ༣། ༨།

དེ་རིང་ནས་ཉིན་གྲངས་གཉིས་རིང་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག ༢༠༠༨ ནས་བཟུང་ཉེ་རབས་བོད་ནང་གི་རྩོམ་རིག་རྒྱུན་སྐྱོང་དང་འགྱུར་ལྡོག་སྐོར་གྱི་ཚོགས་འདུ་དེ་འཚོག་མགོ་བཙུགས་ཡོད་ཅིང་། ད་ལན་གྱི་ཚོགས་འདུའི་ཐོག་བཙན་བྱོལ་བོད་མིའི་མཐོ་རིམ་སློབ་གཉེར་ཁང་ཁག་གི་སློབ་དཔོན་དང་། ཉམས་ཞིབ་པ་སོགས་གཏམ་བཤད་པ་མི་གྲངས་ ༡༡ གཙོས་ཟུར་ཉན་པ་མང་པོ་ཞིག་གིས་མཉམ་ཞུགས་བྱེད་བཞིན་འདུག

མཛད་སྒོའི་ཐོག་མར་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་ཚོགས་འདུའི་ངོ་སྤྲོད་ཀྱི་གཏམ་བཤད་ནང་། སྤྱིར་ཁོང་ཆུང་དུས་རྒྱ་ཡིག་ལས་བོད་ཡིག་ཤེས་ཀྱི་མེད་ཀྱང་། རང་ལོ་ཉེར་བཞིའི་ཐོག་བོད་ནང་གི་སྦྲང་ཆར་དང་ཟླ་ཟེར། མང་ཚོགས་སྒྱུ་རྩལ་སོགས་ནས་བོད་ཡིག་རང་སྦྱོང་བྱེད་མགོ་བཙུགས་ཏེ། སྦྲང་ཆར་དང་ཟླ་ཟེར་གཉིས་ཐེངས་མང་ལྟ་ཀློག་བྱས་ནས། བོད་ཡིག་རང་སྦྱོང་བྱེད་བཞིན་པའི་སྐབས་དེར་དོན་གྲུབ་རྒྱལ་གྱི་བརྩམས་སྒྲུང་སྤྲུལ་སྐུ་ཟེར་བ་དེ་ལྟ་ཀློག་བྱས་ནས་སྦྱངས་ཡིན།  སྐབས་དེར་ཚིག་མཛོད་ལ་ཡང་ཡང་བལྟ་དགོས་པས། རྩོམ་ཡིག་དེ་ཀློག་པར་ཕལ་ཆེར་ཉིན་གྲངས་བཅུ་ནས་བཅོ་ལྔ་བར་འགོར། སྒྲུང་དེའི་ནང་ཡོད་པའི་སྤྲུལ་སྐུ་ཟེར་བ་དང་ནམ་རྒྱུན་གྱི་སྤྲུལ་སྐུའི་བར་ལ་མི་འདྲ་བ་ཞིག་ཡོད་པས།  རྗེས་སུ་སྤྲུལ་སྐུ་ཟེར་དུས་སྦྲང་ཆར་ནང་དུ་དོན་གྲུབ་རྒྱལ་གྱིས་བྲིས་པའི་སྤྲུལ་སྐུ་དེ་ཡིན་ནམ། ནམ་རྒྱུན་གྱི་སྤྲུལ་སྐུ་དེ་ཡིན་ནམ་བསམས། གང་ཡིན་ཟེར་ན། རྩོམ་པ་པོ་དང་སྙན་ངག་པ་སོགས་ཀྱིས་སྤྱི་ཚོགས་ཀྱི་འཚོ་བ་དངོས་གཞི་བྱས་ནས་བྲིས་ཏེ། སྤྱི་ཚོགས་ནང་གི་དངོས་ཡོད་ཀྱི་གནས་བབ་གསལ་སྟོན་བྱེད་ཐབས་བྱེད་ཀྱིན་ཡོད་པས། སྙན་ངག་དང་སྒྲུང་སོགས་ཀྱིས་མི་རིགས་ཤིག་གི་འདས་མ་ད་གསུམ་གྱི་གནས་བབ་ཀྱང་གསལ་སྟོན་བྱས་ཐུབ་ཀྱིན་ཡོད་པ་རེད། ཁོང་ལ་སྙན་ངག་པ་དོན་གྲུབ་རྒྱལ་གྱིས་བྲིས་པའི་རྐང་ལམ་ཕྲ་མོ་དང་སྤྲུལ་སྐུ་གཉིས་ཀྱིས་བག་ཆགས་མི་དམན་པ་ཞིག་བཞག་ཡོད། དེ་བཞིན་རྩོམ་རིག་གིས་ལོ་ཆུང་དང་གཞོན་ནུ་རྣམས་ལ་དམིགས་བསལ་གྱིས་ཚོར་བ་དང་། བག་ཆགས་ཟབ་མོ་རེ་འཇོག་ཐུབ་ཀྱི་ཡོད་ཀྱང་། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་དཔྱད་རྩོམ་དང་། ལོ་རྒྱུས་ཞིབ་འཇུག་བྱ་རྒྱུ་མ་གཏོགས། སྒྱུ་རྩལ་རྩོམ་རིག་སོགས་ཀྱི་ཐད་ལ་སློབ་སྦྱོང་སོགས་བྱེད་མཁན་ཉུང་ཉུང་ཡིན་འདུག་པས། ང་ཚོས་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་དང་། ཉམས་ཞིབ་སོགས་བྱ་དགོས་པ་མ་ཟད། བོད་རང་གི་སྒྱུ་རྩལ་རྩོམ་རིག་སོགས་ཕྱོགས་གཉིས་ཀྱི་ཐད་ནས་འབད་འབུངས་བྱ་རྒྱུ་གལ་ཆེན་ཡིན་པའི་ཁར། བོད་ཀྱི་ན་གཞོན་དང་ལོ་ཆུང་མང་པོ་ཞིག་གིས་ལོ་རྒྱུས་ཀྱི་དཔེ་དེབ་དག་ཀློག་མ་ཐུབ་ཀྱང་བོད་རང་གི་སྒྱུ་རྩལ་རྩོམ་རིག་དང་སྒྲུང་སོགས་བཀླགས་ཚེ། དེས་ཀྱང་བོད་རང་གི་ཐུན་མོང་མ་ཡིན་པའི་རྩོམ་རིག་གི་བག་ཆགས་ཟབ་མོ་ཞིག་འཇོག་ཐུབ་ཀྱི་ཡོད་སྐོར་དང་། ལྷག་པར་ཕྱི་ལོ ༢༠༠༨ ཀྱི་རྗེས་ནས་བོད་ནང་གི་གཞས་མང་པོ་ཞིག་ཏུ་བོད་ཀྱི་རི་ཆུ་ནགས་གསུམ་གྱིས་མཛེས་པ་གསལ་སྟོན་བྱས་པ་དང་། བོད་ནང་གི་གཞས་ཚིག་མང་པོ་ཞིག་ལ་བོད་རང་གི་དྲི་མ་མ་བྲལ་བ་བྱས་ཏེ། སྒྱུ་རྩལ་གྱི་ལམ་ནས་གསལ་སྟོན་བྱས་པ་ནི་ཧ་ཅང་ཡག་པོ་ཡིན་པས། ད་ལན་གྱི་ཚོགས་འདུ་འདིའི་ཐོག་ནས་མུ་མཐུད་དུ་ང་ཚོས་བོད་མི་རིགས་ཀྱི་རིག་གཞུང་དར་རྒྱས་གོང་འཕེལ་གཏོང་བར་ག་རེ་བྱ་དགོས་མིན་སོགས་ཀྱི་ཐད་ལ་གླེང་སློང་དང་གྲོས་བསྡུར་བྱ་དགོས་སྐོར་སོགས་གསུངས་སོང་།

དེའི་རྗེས་སྐུ་མགྲོན་གཙོ་བོ་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས། བོད་ཀྱི་འདས་བའི་བྱུང་རབས་ལོ་རྒྱུས་དང་། ཆོས། སྤྱི་ཚོགས་སོགས་ཀྱི་ཁྲོད་རྩོམ་རིག་ནི་སྤྱི་ཚོགས་ཤིག་གི་འདས་མ་འོངས་ད་ལྟ་གསུམ་གྱི་གནས་བབ་གསལ་སྟོན་བྱེད་མཁན་ཞིག་ཡིན་པས། རྩོམ་རིག་གི་གཞི་རྩའི་བྱེད་ལས་ནི་སྤྱི་ཚོགས་ཤིག་གི་མ་འོངས་པའི་ཁ་ཕྱོགས་ལ་སྔོན་བརྡ་དང་འཚོལ་ཞིབ་བྱེད་པར་གསལ་སྟོན་བྱེད་ཀྱི་ཡོད་པ་རེད། ལྷག་པར་དེང་གྱི་ཚན་རྩལ་ཡར་རྒྱས་འགྲོ་མུས་ཡིན་པའི་སྐབས་འདིར། གནས་ཚུལ་དང་གསར་འགྱུར་གྱི་བརྒྱུད་ལམ་མང་པོ་ཞིག་ཡོད་ཀྱང་།  རྩོམ་རིག་འབྲི་ཀློག་བྱ་རྒྱུ་དེ་ནི་བརྒྱུད་ལམ་གལ་ཆེ་ཤོས་དང་ཤུགས་ཆེ་ཤོས་ཤིག་ཏུ་ངོས་འཛིན་ཀྱིན་ཡོད་པ་རེད། ང་ཚོས་ཀྱང་ཕྱི་ལོ ༢༠༠༨ ལོ་ནི་བོད་ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་ནས་བཙན་དབང་འོག་གི་འབོད་སྒྲ་ཆེས་ཆེ་ཤོས་དེ་བསྒྲགས་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད་པས། ད་ལན་གྱི་ཚོགས་འདུར་ཕྱི་ལོ ༢༠༠༨ ཀྱི་ས་བྱི་ཞི་རྒོལ་ཆེན་མོའི་རྗེས་ཀྱི་རྩོམ་ཡིག་སོགས་ཀྱི་ཐད་ལ་གྲོས་བསྡུར་དང་ཉམས་ཞིབ་བྱས་པ་དེ་ཧ་ཅང་གལ་ཆེན་དང་གནད་འགག་ཅིག་ལ་མཐོང་གིན་ཡོད། སྤྱིར་རྒྱ་ནག་གཞུང་གིས་བོད་ས་བཙན་འཛུལ་བྱས་པ་ནས་བཟུང་། གཅིག་རྗེས་གཉིས་མཐུད་ཀྱིས་བོད་ཀྱི་ཆོས་རིག་དང་མི་རིགས་རྩ་གཏོར་གཏོང་ཐབས་དང་། བོད་མི་རིགས་ཀྱི་ངོ་བོ་དེ་རྒྱ་ནག་ཅན་ཏུ་བསྒྱུར་བར་འབད་བརྩོན་ལན་མང་བྱས་ཡོད་ཀྱང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བླ་ན་མེད་པའི་དབུ་ཁྲིད་དང་། བོད་ནང་གི་གཞིས་ལུས་རྒྱ་ཆེ་མི་མང་གི་ཆོད་སེམས་དང་སྙིང་སྟོབས་སོགས་ལ་བརྟེན་ནས། འཛམ་གླིང་ས་ཕྱོགས་གང་སར་བོད་དང་བོད་མིའི་ངོ་བོ་གནས་ཡོད། ད་ལན་གྱི་ཚོགས་འདུ་འདི་བརྒྱུད་སྤྱི་ཚོགས་དང་ཆབ་སྲིད་གུ་དོག་པོ་ཞིག་གི་འོག་ནས་བྲིས་པའི་བོད་ནང་གི་རྩོམ་ཡིག་དེ་དག་ལ་ངོས་ལེན་དང་། གུས་ཞབས་བྱ་རྒྱུ་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་།

ཡང་བཀའ་བློན་མཆོག་གིས། རྒྱ་ནག་གཞུང་གིས་ལོ་ངོ་བཅུའི་རིང་རིག་གནས་གསར་བརྗེ་ཡི་སྲིད་ཇུས་ལག་བསྟར་བྱས་ཏེ། མི་གྲངས་ས་ཡ་མང་པོ་བསད་རྗེས། རྒྱ་ནག་ཏུ་རྨས་སྐྱོན་གྱི་རྩོམ་ཡིག་མང་དག་ཅིག་བྲིས་ཡོད་པས། རྩོམ་ཡིག་དེ་དག་གི་ཁྲོད་དུ་རིག་གནས་གསར་བརྗེ་ཡི་ལོ་བཅུའི་གོད་ཆག་གི་ཁྲོད་དུ།  དམར་གསོད་བཏང་བའི་མི་གྲངས་མང་པོ་ཞིག་གི་འབོད་སྒྲ་མཚོན་ཡོད་ཀྱང་།  རྒྱ་ནག་གཞུང་གིས་བོད་བཅིངས་གྲོལ་ཟེར་བ་ཞིག་བཏང་བ་ལས། རིག་གནས་གསར་བརྗེ་སྐབས་ཀྱི་གནད་དོན་མང་པོ་ཞིག་སྦས་གསང་བྱས་པ་ནི། རྒྱ་ནག་གཞུང་གིས་རྒྱལ་ཁབ་གཅིག་ཡིན་ཟེར་ཡང་། མི་རིགས་གཉིས་ཀྱི་བར་ལ་དབྱེ་འབྱེད་བྱས་ཡོད་པ་དང་། སྨྲ་བརྗོད་རང་དབང་གི་ཐོབ་ཐང་འདྲ་མཉམ་མེད་པ། བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས་སོགས་ལ་འཁྱོག་བཤད་བྱེད་ཀྱིན་ཡོད་པ་གསལ་པོ་ཡིན་པས། བོད་ནས་བྲིས་པའི་རྩོམ་ཡིག་དེ་དག་གི་ཁྲོད་དུ་ཡིག་འབྲུ་གཅིག་པུར་གང་བྲིས་པ་ཙམ་མིན་པར། རྩོམ་ཡིག་དེའི་རྒྱབ་ལྗོངས་ཀྱི་གནད་དོན་མང་པོ་ཞིག་ལ་གནད་ཆེན་དུ་བཟུང་ནས་དོ་སྣང་བྱ་རྒྱུ་དེ་གལ་ཆེན་པོ་རེད་ལ། དེ་བཞིན་སྤྱི་ཡོངས་ནས་བོད་ནང་གི་རྩོམ་པ་པོ་དང་མི་སྣ་གྲགས་ཅན་རྣམས་ཀྱིས་ཆབ་སྲིད་ཀྱི་རྩོམ་ཡིག་སོགས་བྲིས་ཚེ། རྒྱ་ནག་གཞུང་གིས་འཛིན་བཟུང་བྱ་རྒྱུ་ཡིན་པ་ནི་སྨྲོས་མེད་རེད། འོན་ཀྱང་། བོད་ནང་གི་སྙན་ངག་པ་དང་རྩོམ་པ་པོ་སོགས་ཀྱིས་བཙན་དབང་གི་འོག་ནས། དཔེ་དེབ་བྲིས་ནས་དཔར་སྐྲུན་བྱས་པ་ནི་ཆེས་གུས་བཀུར་བྱ་འོས་པ་ཞིག་རེད་ལ། འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལོངས་སུ་སྤྱོད་མཁན་གྱི་བཙན་བྱོལ་བོད་མི་རྣམས་ཀྱིས་བོད་ནང་གི་བོད་མིའི་མགྲིན་ཚབ་བྱ་དགོས་སྐོར་སོགས་གསུངས་སོང་།

ད་ལན་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གིས་གོ་སྒྲིག་བྱས་པའི་ཚོགས་འདུའི་ཆེད། གདན་ཞུ་གཏམ་བཤད་པ་མི་གྲངས ༡༡ མགྲོན་འབོད་གནང་ཡོད་པའི་ཁྲོད། དེ་རིང་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རྩོམ་རིག་དགེ་རྒན་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་ལགས་ཀྱིས་ད་ལྟའི་བོད་ནང་གི་རྩོམ་པ་པོ་དང་རྩོམ་རིག་གི་སྐོར་དང་། ས་རཱ་མཐོ་རིམ་སློབ་གཉེར་ཁང་གི་དགེ་རྒན་བསོད་ནམས་རྒྱལ་མཚན་ལགས་ཀྱིས། ༢༠༠༨ ལོའི་སྔ་ཕྱིའི་སྦྲང་ཆར་དུས་དེབ་ནང་གི་སྒྲུང་རྩོམ་དང་སྙན་ངག་གི་སྐོར། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་་ཁང་གི་འགན་འཛིན་དང་སྨོན་ལམ་བརྡ་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་མཁན་པོ་འཇུ་བསྟན་སྐྱོང་ལགས་ཀྱིས་བདེན་པས་བསྒུལ་བའི་སྙིང་ཁམས་ཀྱི་འཕར་ལྡིང་། ཕྱི་ལོ་ ༢༠༠༨ ནས་ད་བར་གྱི་བོད་ནང་གི་རྩོམ་རིག་གི་ཁ་ཕྱོགས་གླེང་བའི་སྐོར། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་གཙུག་ལག་རབ་འབྱམས་པའི་སློབ་དཔོན་ཆེན་མོ་ཨ་འབྲུག་དཀོན་མཆོག་ལགས་ཀྱིས་སི་ཁྲོན་མེན་ཡཱང་བཙོན་ཁང་ནས་བྲིས་པའི་སྙན་ངག་གི་དཔེ་དེབ་གཉིས་ཀྱི་ཁྱད་གནད་དཔྱད་གླེང་བ་སོགས་ཀྱི་སྐོར་གཏམ་བཤད་གནང་གི་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Uncategorized

བོད་གཞུང་དགའ་ལྡན་ཕོ་བྲང་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་ཤིག་དབུ་འབྱེད་གནང་སོང་།

༢༠༢༤/༠༤/༡༨
༧སྐྱབས་རྗེ་རྡོ་བུམ་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག
Mobile App

བོད་མིའི་སྒྲིག་འཛུགས་ནས་༧སྐྱབས་རྗེ་རྡོ་བུམ་བློ་བཟང་བསྟན་འཛིན་མཆོག་དགོངས་པ་རྫོགས་པར་ཐུགས་གསོ་གནང་།

༢༠༢༤/༠༢/༠༣
ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་གསུམ་པ། ༢༠༡༤།༡།༡༠ པར་དྲ་ལམ་ནས་བླངས།
Mobile App

རྒྱ་ནག་གིས་ཚོགས་ཆེན་འཚོགས་ཀྱང་བོད་མིའི་འཚོ་བ་ལ་ཕན་ཐོགས་མི་འདུག

༢༠༢༤/༠༡/༡༡
ད་ཀྱི་མ་འོངས་དང་འབྲེལ་བའི་རྒྱ་གར་གྱི་སྲིད་ཇུས་ཞེས་པའི་ལྷན་ཚོགས་ཤིག་འཚོགས། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༣། ༡༡། ༣།
Mobile App

བོད་ཀྱི་མ་འོངས་དང་འབྲེལ་བའི་རྒྱ་གར་གྱི་སྲིད་ཇུས་ཞེས་པའི་ལྷན་ཚོགས་བསྡུས།  

༢༠༢༣/༡༡/༠༣
Mobile App

བོད་ཀྱི་ས་ཁྲའི་སྐོར་གྱི་ཞིབ་འཇུག་འགྲེམས་སྟོན་ཞིག་དབུ་འཛུགས་གནང་སོང་།

༢༠༢༣/༠༨/༠༧
ཨ་རིའི་སྐུ་ཚབ་ཚོགས་ཆུང་དང་བོད་ཁྱིམ་སློབ་ཕྲུག་ལྷན། ༢༠༢༣། ༤། ༡༣། བོད་ཁྱིམ་སློབ་གྲྭའི་པར།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་སྐུ་ཚབ་ཚོགས་ཆུང་ཞིག་དྷ་སར་ཕེབས། 

༢༠༢༣/༠༤/༡༣

མཆན། 1

  1. མཉམས says:
    ལོ་ 2 སྔོན།

    ཡག་པོ་འདུག་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese