མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་ཀྱི་ས་ཁྲའི་སྐོར་གྱི་ཞིབ་འཇུག་འགྲེམས་སྟོན་ཞིག་དབུ་འཛུགས་གནང་སོང་།

བོད་ཀྱི་དུས་བབ།
༢༠༢༣/༠༨/༠༧
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་གངས་སྐྱིད་བོད་ཀྱི་འགྲེམས་སྟོན་ཁང་དུ་ཟླ་གཉིས་ཙམ་རིང་བོད་ཀྱི་ས་ཁྲ་མི་འདྲ་བ་ ༤༢ ཙམ་འགྲེམས་སྟོན་གནང་གི་འདུག

བོད་མིའི་སྒྲིག་འཛུགས་གངས་སྐྱིད་བོད་ཀྱི་འགྲེམས་སྟོན་ཁང་དུ་བོད་ཀྱི་ས་ཁྲ་ཞིབ་འཇུག་འགྲེམས་སྟོན་གནང་གི་འདུག

དེ་རིང་སྔ་དྲོ་ཆུ་ཚོད་ ༡༠ སྟེང་གངས་སྐྱིད་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དུ། ཟླ་འདིའི་ཕྱི་ཚེས་ ༧ ནས་ཕྱི་ཟླ་ ༡༠ ཚེས་ ༥ བར་ཟླ་གཉིས་ཙམ་རིང་བོད་ཀྱི་ས་ཁྲའི་སྐོར་གྱི་དུས་ཐུང་འགྲེམས་སྟོན་ཞིག་དབུ་འབྱེད་གནང་སོང་བ་དང་། འགྲེམས་སྟོན་དབུ་འབྱེད་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་དམིགས་བསལ་སྐུ་མགྲོན་ས་ཁྲ་རིག་པའི་ཆེད་མཁས་པ་ཤ་བ་ཚེ་རིང་དབང་རྒྱལ་ལགས། དེ་བཞིན། ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་དང་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། ཕྱི་དྲིལ་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས་གཙོས་ཕྱི་དྲིལ་འགྲེམས་སྟོན་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་དང་འབྲེལ་ཡོད་ལས་བྱེད་རྣམས་དང་སྲི་ཞུའི་ལས་བྱེད་ཁག་ཅིག དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་གསར་འགོད་པ་བཅས་འཛོམས་འདུག

སྐབས་དེར་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས་ཐེངས་འདིའི་བོད་ཀྱི་ས་ཁྲའི་སྐོར་གྱི་འགྲེམས་སྟོན་དེ་གྲ་སྒྲིག་ལོ་གཅིག་དང་ཕྱེད་ཀ་ལྷག་ཙམ་རིང་བྱས་པའི་བརྒྱུད་རིམ་སོགས་ངོ་སྤྲོད་གནང་གྲུབ་མཚམས། ས་ཁྲ་རིག་པའི་ཆེད་མཁས་པ་ཤ་བ་ཚེ་རིང་དབང་རྒྱལ་ལགས་ཀྱིས། ཐེངས་འདིའི་བོད་ཀྱི་ས་ཁྲ་འགྲེམས་སྟོན་ནང་༧རྒྱལ་དབང་སྐུ་ཕྲེང་ལྔ་བའི་སྐབས་ཀྱི་བོད་ཀྱི་ས་ཁྲའི་གནས་ཚུལ་འཚོལ་ཞིབ་ནས་བཟུང་ད་བར་གྱི་བོད་ཀྱི་ས་ཁྲའི་འགྱུར་ལྡོག་སྤྱིའི་སྐོར་ངོ་སྤྲོད་དང་སྦྲགས། ད་ལྟ་བོད་ཕྱི་ནང་གཉིས་ཀྱི་གཞོན་སྐྱེས་ཚོས་ཕན་ཚུན་འབྲེལ་མཐུད་བྱ་མ་ཐུབ་པ་དང་དམིགས་བསལ་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཆ་མང་པོར་རྒྱ་ཡིག་གི་ཐོག་ནས་མིང་འདོགས་ཀྱི་ཡོད་པའི་དབང་གིས། བོད་ཀྱི་ས་མིང་མང་པོ་ཞིག་བརླག་ཉེན་ཡོད་པས། ད་ལྟ་བོད་ཀྱི་གཞོན་སྐྱེས་ཚོས་རང་རང་གི་ཕ་ཡུལ་གྱི་ས་ཆའི་མིང་ཏག་ཏག་ཤེས་རྒྱུ་གལ་ཆེ་ཞིང་། མ་འོངས་པར་གཞོན་སྐྱེས་ཚོས་མུ་མཐུད་ས་ཁྲའི་རྒྱུ་ཆ་རུ་གྱུར་བའི་ས་མིང་གི་གནས་ཚུལ་བསྡུ་རུབ་བྱས་ཏེ་རྒྱལ་སྤྱིའི་ས་ཁྲ་ཉར་ཚགས་དང་ཞིབ་འཇུག་ལྟེ་གནས་ཁང་སོགས་སུ་ཕུལ་བ་ཡིན་ན། རྗེས་མ་འཛམ་གླིང་གི་ས་ཁྲའི་གནས་ཚུལ་ནང་བོད་ཀྱི་ས་ཁྲ་ཡོང་བར་ཕན་རླབས་ཆེ་བ་མ་ཟད། མ་འོངས་བོད་ཀྱི་མི་རབས་གསར་པ་ཚོར་རང་ཉིད་ཀྱི་ཕ་ས་ཕ་ཡུལ་དང་དེའི་ཁྱབ་རྒྱ་སོགས་ངོ་སྤྲོད་བྱེད་ཐུབ་པར་ཕན་རླབས་ཆེ་སྐོར་སོགས་བརྗོད་སོང་།

ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས། སྔོན་མ་ཡི་གེ་མེད་པའི་དུས་སུ་གདོང་མའི་མི་ཡིས་བྲིས་པའི་ས་ཁྲ་ལ་དེང་སྐབས་སྤྱིའི་ཆ་ནས་འགྱུར་བ་ཕྱིན་ཡོད་པ་གཏན་འཁེལ་ཡིན་པ་དང་། སྔོན་མ་དམག་དང་ཚོང་གི་ས་ཁྲ་ནས་ཕྱིས་སུ་ཆབ་སྲིད་ཀྱི་ས་ཁྲ་སོགས་ས་ཁྲའི་རིགས་མང་པོ་ཞིག་ཐོན་ཡོད། ས་ཁྲས་རྒྱལ་ཁབ་ཅིག་གི་ངོ་བོ་མཚོན་པའི་གཞུང་དང་མངའ་དབང་དང་ས་ཁྱོན། མི་འབོར་སོགས་ཁྱབ་ཚད་རང་བཞིན་གྱི་ཐོག་ནས་ངོ་སྤྲོད་བྱེད་ཀྱི་ཡོད་པ་དང་། འཛམ་གླིང་སྤྱི་དང་རྒྱལ་ཁབ་བྱེ་བྲག་པ་རེ་རེའི་མ་འོངས་པའི་ཁ་ཕྱོགས་སོགས་ས་ཁྲའི་ཐོག་ནས་ངོས་འཛིན་ཐུབ་ཀྱི་ཡོད། འཕྲུལ་རིགས་ཀྱི་དུས་སྐབས་འདིར་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་ས་ཁྲ་རིག་པའི་སྐོར་ལ་སློབ་སྦྱོང་བྱས་པ་ཡིན་ན་དགེ་མཚན་ཆེ་བར་མཐོང་གི་ཡོད་སྐོར་སོགས་གསུངས་སོང་།

འབྲེལ་ཡོད་གསར་འགྱུར།

ཨ་རིའི་སྐུ་ཚབ་ཚོགས་ཆུང་དང་བོད་ཁྱིམ་སློབ་ཕྲུག་ལྷན། ༢༠༢༣། ༤། ༡༣། བོད་ཁྱིམ་སློབ་གྲྭའི་པར།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་སྐུ་ཚབ་ཚོགས་ཆུང་ཞིག་དྷ་སར་ཕེབས། 

༢༠༢༣/༠༤/༡༣
ཕུགས་དམིགས་ཡིག་ཆ་བོད་ཀྱི་མ་འོངས་འགན་སྲུང་ཞེས་པའི་དེབ་དབུ་འབྱེད། པར་དབང་། བོད་ཀྱི་དུས་བབ་གསར་ཁང་། ༢༠༢༣།༠༤།༡༠
Mobile App

བཀའ་ཤག་སྐབས་ ༡༦ པའི་བོད་ཀྱི་མ་འོངས་འགན་སྲུང་ཞེས་པའི་དེབ་དབུ་འབྱེད་གནང་།

༢༠༢༣/༠༤/༡༠
Mobile App

རྒྱ་ནག་གི་བཙན་དབང་འོག་ནས་བྲིས་པའི་བོད་ནང་གི་རྩོམ་ཡིག་རྣམས་ལ་ཆེ་མཐོང་སྤྲོད་དགོས། 

༢༠༢༣/༠༣/༠༨
བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཇན་ལི་བྷ་སི་ཀེ་མཆོག་སོགས། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཕྱི་དྲིལ་བཀའ་བློན་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་མཆོག་ལ་མཇལ་འཕྲད་གནང་།

༢༠༢༣/༠༣/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist