མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གསུམ་བཅུའི་དུས་དྲན་ལ་དམིགས་ནས་བོད་ནང་སྔར་ལྷག་དམ་དྲག་བྱེད་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༣/༠༨
Share on FacebookShare on TwitterShare on EmailShare on Whatsapp

གསུམ་བཅུའི་དུས་དྲན་འཐོན་ལ་ཉེ་བའི་སྐབས་འདིར་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ཕྱོགས་སུ་དམ་དྲག་བྱེད་བཞིན་འདུག

ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུད། 2023/03/08

ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་ཆོལ་ཁ་གསུམ་གྱི་བོད་མི་རྣམས་ཀྱིས་རྒྱ་ནག་གི་བཙན་འཛུལ་ལ་ངོ་རྒོལ་བྱས་ཏེ་བོད་མིའི་རང་དབང་སྒེར་ལངས་བྱུང་བ་དང་། ད་ལྟ་བོད་མིའི་རང་དབང་སྒེར་ལངས་ཐེངས་ ༦༤ པ་བསླེབ་ལ་ཉེ་བའི་སྐབས་འདིར། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ཕྱོགས་སུ་མི་མང་གི་འདུ་འཛོམས་ཀྱི་རིགས་ལ་དམ་དྲག་དང་ལྟ་རྟོག་ནན་མོ་བྱེད་བཞིན་ཡོད་པ་བོད་ནང་གི་བོད་མི་ཞིག་གིས་འགྲེལ་བརྗོད་བྱས་བྱུང་།

འབྲེལ་ཡོད་བོད་མི་ཁོང་གིས། དེང་སྐབས་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་ནག་ཆུ་སོགས་སུ་མི་མང་གི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོག་དང་བརྟག་དཔྱད་ནན་མོ་གཏོང་གི་ཡོད་པ་མ་ཟད། དམིགས་བསལ་བོད་མིའི་རང་དབང་འཐབ་རྩོད་དང་འབྲེལ་ནས་ཆབ་སྲིད་ཀྱི་ཉེས་ཆད་ཕོག་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་རིགས་ཀྱི་འགྲོ་སྐྱོད་རང་དབང་ལ་བཀག་སྡོམ་བྱེད་བཞིན་འདུག ཅེས་བརྗོད་བྱུང་།

ཡང་ཁོང་གིས། ནམ་རྒྱུན་ཡིན་ན་གཙུག་ལག་ཁང་དང་པོ་ཏ་ལཱ་སྒོ་ཕྱེ་ཡོད་པ་རེད། འོན་ཀྱང་། དེ་རིང་སྒོ་ཕྱེ་མི་འདུག ཡར་མར་འགྲོ་བར་ལྟ་རྟོག་བྱེད་མཁན་ཉེན་རྟོག་པ་མང་པོ་བཀྲམ་འདུག ཅེས་བརྗོད་བྱུང་བ་དང་། ལྷ་སའི་ཇོ་ཁང་དོ་དམ་ཚན་པ་ཟེར་བས། ཕྱི་ཚེས་ ༦ ཉིན་གསལ་བསྒྲགས་ཤིག་སྤེལ་ཏེ། ཕྱི་ཚེས་ ༡༡ གཙུག་ལག་ཁང་སྒོ་རྒྱག་གི་ཡོད་སྐོར་བསྒྲགས་ཡོད་པ་རེད།

ད་དུང་ལྷ་ས་ཉེན་རྟོག་ལས་ཁུངས་ཟེར་བའི་གསལ་བསྒྲགས་ལྟར་ན། ཕྱི་ཟླ་ ༣ ཚེས་ ༡ ཉིན་ནས་བཟུང་། ལྷ་ས་གྲོང་ཁྱེར་གྱི་སྐར་མ་དགུ་ས་དང་བྱི་རུ། གནའ་གན་ཉེན་རྟོག་ས་ཚིགས་སོགས་ཁྱོན་ཉེན་རྟོག་ས་ཚིགས་བཅུ་ལྷག་གིས། ཆུ་ཚོད་ཉེར་བཞིའི་རིང་སྐོར་སྐྱོད་དང་ས་ཚིགས་དོ་དམ། དྲ་ལམ་དོ་དམ་སོགས་ཀྱི་ཞིབ་བཤེར་བྱེད་བཞིན་ཡོད་པ་མ་ཟད། ད་དུང་ཉེན་རྟོག་པ་དང་ཉེན་རྟོག་རླངས་འཁོར་སོགས་ཕྱོགས་ཡོངས་ནས་ཇེ་མང་དུ་བཏང་ཡོད་འདུག

ལོ་རེའི་གསུམ་བཅུ་དུས་དྲན་སྐབས། རྒྱ་ནག་གཞུང་གིས་འཆར་ཅན་བོད་ནང་གི་བོད་མིའི་འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་ལ་བཀག་སྡོམ་བྱེད་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་གཞུང་གིས། རྒྱ་ནག་ནང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དང་གསུམ་བཅུའི་དུས་དྲན་གཉིས་ལ་དམིགས་ནས། མཚོ་སྔོན་དང་རྒྱལ་ས་ལྷ་སའི་ཁུལ་དུ་དམག་མི་འགྲེམ་འཇོག་གིས་བོད་ནང་དམ་དྲག་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༢༡ ལོར་བོད་ཀྱི་རྒྱལ་ས་ལྷ་ས་དང་གཞིས་ཀ་རྩེའི་ཁུལ་དུ་དམ་དྲག་ཤུགས་ཆེན་བྱས་ཏེ། བོད་མི་སྒེར་གྱི་སྐད་འཕྲིན་སྔོག་བཤེར་དང་སྐད་འཕྲིན་བརྒྱུད་ཕྱི་ཕྱོགས་སུ་འབྲེལ་བ་བྱེད་མཁན་རྣམས་ལ་ཉེས་ཆད་བཅད་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Uncategorized

དྷ་སར་གསུམ་བཅུའི་དུས་དྲན་ཐེངས་ ༦༤ པ་སྲུང་གཙི་གནང་།

༢༠༢༣/༠༣/༡༠
Mobile App

ཐའེ་པེ་རུ་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་མགོ་འཛུགས་བྱས།

༢༠༢༣/༠༣/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist