མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བློ་འཚབ་ཡོད།

བོད་ཀྱི་དུས་བབ།
༢༠༢༣/༠༣/༠༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་མཆོག་ནས་བོད་དང་ཡུ་གུར། ཧོང་ཀོང་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་བློ་འཚབ་བསྟན་པ་དང་འབྲེལ། རྒྱ་ནག་གིས་རྒྱལ་ཚོགས་ཀྱི་ལམ་སྟོན་ལག་བསྟར་བྱེད་དགོས་སྐོར་བརྗོད་འདུག

རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པའི་ནང་། ཟླ་འདིའི་ཕྱི་ཚེས་ ༦ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བསྐྱར་ཞིབ་ཀྱི་སྙན་ཐོ་ཞིག་བཏོན་པ་དང་འབྲེལ། ཕྱི་ཚེས་ ༧ ཉིན་སུད་སིའི་གྲོང་ཁྱེར་ཇི་ནི་ཝ་ (Geneva) རུ་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་གསར་པ་སྐུ་ཞབས་ཝོལ་ཀར་ (Volker Turk) ལགས་ཀྱིས་བོད་དང་ཤིན་ཅང་། ཧོང་ཀོང་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་པོ་ཡིན་པའི་ཐད་བློ་འཚབ་ཤུགས་ཆེན་བྱེད་ཀྱི་ཡོད་པས། རྒྱ་ནག་གཞུང་ནས་ས་ཁུལ་དེ་དག་གི་དངོས་ཡོད་གནས་ཚུལ་ལ་དཔག་པའི་རྒྱལ་ཚོགས་ཀྱི་ལམ་སྟོན་ཁག་ལག་བསྟར་བྱེད་དགོས་པ་ནན་སྐུལ་བྱས་འདུག

སྐུ་ཞབས་ཝོལ་ཀར་ལགས་ཀྱིས། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་རྒྱ་ནག་ནང་གི་འཁྲབ་སྟོན་པ་ཁག་དང་འབྲེལ་ལམ་བྱེད་མགོ་བརྩམས་ཏེ། བོད་དང་ཤར་ཊུ་ཀི་སི་ཐན་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱེད་བཞིན་ཡོད་པ་དང་། ཤར་ཊུ་ཀི་སི་ཐན་ནང་མི་གྲངས་འབོར་ཆེན་གང་བྱུང་འཛིན་བཟུང་དང་ནང་མི་ཁ་བྲལ་གཏོང་གི་ཡོད་སྐོར། ཕྱི་ལོ་ ༢༠༢༠ ལོར་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཟེར་བ་ལག་བསྟར་བྱས་ཏེ། ད་བར་དམངས་གཙོ་དོན་གཉེར་བ་དང་ཁྲིམས་རྩོད་པ། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་སོགས་ཀྱི་ཐོག་དྲག་གནོན་བྱས་དང་བྱེད་བཞིན་པའི་ཐད་སེམས་འཚབ་ཡོད་སྐོར་སོགས་བརྗོད་འདུག

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་བསྐྱར་ཞིབ་ཀྱི་སྙན་ཐོ་དེའི་ནང་། རྒྱ་ནག་གཞུང་གིས་དཔལ་འབྱོར་དང་སྤྱི་ཚོགས། རིག་གཞུང་ཐོབ་ཐང་བཅས་ཀྱི་ཐོག སྒྲིག་འཛུགས་ལྡན་ཞིང་དྲང་བདེན་མིན་པའི་དམ་དྲག་དང་དབྱེ་འབྱེད་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་། ལྷན་ཚོགས་ཀྱི་ངོས་ནས་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ཀྱི་སྐད་རིགས་དང་རིག་གཞུང་གི་ཐོབ་ཐང་ལ་བཙན་གནོན་བྱས་དང་བྱེད་མུས་ཡིན་པའི་ཐད་སེམས་འཚབ་ཡོད་སྐོར་བརྗོད་འདུག ད་དུང་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྩ་མེད་བཟོ་སླད་ལས་འགུལ་སྣ་མང་སྤེལ་བ་དང་། ཡུལ་གོམས་གཤིས་ལུགས་འགྱུར་ལྡོག་གི་སྲིད་ཇུས་ལག་བསྟར་འོག་གྲངས་ཉུང་མི་རིགས་ཀྱི་སྐད་རིགས་ལ་སྣང་ཆུང་བྱེད་དེ་བོད་ཀྱི་སྐད་དང་རིག་གཞུང་རྩ་མེད་བཟོས་དང་བཟོ་མུས་ཡིན་སྐོར་སོགས་བཀོད་འདུག

དེ་འབྲེལ་ཐད་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཆིན་ཀཱང་ (Qin Gang) ཟེར་བས། རྒྱལ་ཁབ་གཞན་གྱིས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་མཛུབ་མོ་བཙུགས་ཏེ་ལམ་སྟོན་བྱེད་ཐབས་བྱེད་པ་ལས། རྒྱལ་ཁབ་སོ་སོའི་ཚབས་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་གི་དཀའ་ངལ་སེལ་ཐབས་མི་བྱེད་པས་ངོས་ལེན་མེད། ཅེས་རྒྱལ་ཚོགས་ཀྱི་བསྐྱར་ཞིབ་སྙན་ཐོ་དེར་ངོས་ལེན་མེད་པའི་ལན་འདེབས་བྱས་འདུག

རྒྱལ་ཚོགས་ཀྱིས་རྒྱ་ནག་ཐོག་བསྐྱར་ཞིབ་སྙན་ཐོ་བཏོན་པར། བོད་མིའི་སྒྲིག་འཛུགས་དང་འཛམ་གླིང་ཡུ་གུར་མཐུན་ཚོགས་གཉིས་ནས་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་བར་དགའ་ཚོར་བསྟན་འདུག དེ་ཡང་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་རྒྱལ་ཚོགས་ཀྱི་བསྐྱར་ཞིབ་ཚོགས་འདུར་མཉམ་ཞུགས་ཀྱིས་བོད་དོན་སྐོར་སྙན་ཐོ་ཞིག་ཕུལ་ཏེ་རྒྱལ་ཚོགས་ཀྱི་སློབ་སྟོན་གནང་བ་ལྟར་རྒྱ་ནག་གཞུང་གིས་དུས་ཐོག་ལག་བསྟར་བྱེད་རྒྱུའི་རེ་བ་ཡོད། ཅེས་དང་། རྒྱལ་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཀྱང་སློབ་སྟོན་གནང་བ་ལྟར་རྒྱ་ནག་གཞུང་ལ་ངེས་པར་ལག་བསྟར་བྱེད་བཅུག་དགོས། ཞེས་བརྗོད་ཡོད་པ་དང་། འཛམ་གླིང་ཡུ་གུར་མཐུན་ཚོགས་ཀྱི་ཚོགས་གཙོ་ (Dolkun Isa) ལགས་ཀྱིས། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ཡུ་གུར་དང་ཊར་ཁེ་མི་མང་གི་གནས་སྟངས་ཚབས་ཆེན་ཡིན་པ་གསལ་སྟོན་བྱས་ཡོད། འདི་ནི་མཉམ་འབྲེལ་རྒྱལ་ཚོགས་ནང་རྒྱ་ནག་གཞུང་གི་མི་རིགས་རྩ་གཏོར་གྱི་སྲིད་ཇུས་ནུས་མེད་ཡིན་པའི་དཔང་རྟགས་ཤིག་རེད། ཅེས་བརྗོད་འདུག

 

འབྲེལ་ཡོད་གསར་འགྱུར།

New Zealand National Party leader and Prime Minister-elect Christopher Luxon speaks to supporters at a party event in Auckland, on October 14, 203. Photo Credit: AP
Mobile App

ནེའུ་ཛེ་ལན་གྱི་སྲིད་བློན་ལ་བོད་དོན་གླེང་སློང་དགོས་པའི་འབོད་སྐུལ་ཞུས།

༢༠༢༤/༠༦/༡༡
སུད་སི་གྲོང་ཁྱེར་ཛུ་རིག་ནས་ཇི་ནི་ཝ་བར་དུ་བོད་དོན་ཞུ་གཏུག་གི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བཞིན་པ། པར་འབྲེལ་ཡོད་ནས་མཁོ་སྤྲོད་གནང་། ༢༠༢༤།༣།༢
Mobile App

སུད་སི་རུ་ཉིན་གྲངས་བཅུའི་རིང་བོད་དོན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བཞིན་འདུག

༢༠༢༤/༠༣/༠༢
Russia's President Vladimir Putin shakes hands with North Korea's leader Kim Jong Un at a meeting at the Vostochny Сosmodrome in the far eastern Amur region, Russia, on September 13, 2023.
Mobile App

བྱང་ཀོ་རི་ཡའི་མགོ་ཁྲིད་ཀིམ་གྱིས་ང་ཚོས་དུས་རྟག་ཏུ་མཉམ་རུབ་ཐོག་བཙན་རྒྱལ་རིང་ལུགས་ལ་གདོང་ལེན་བྱ་རྒྱུ་ཡིན་སྐོར་བརྗོད།

༢༠༢༣/༠༩/༡༣
China Foreign Minister Qin Gang goes missing rumored to be due to affair with double agent Chinese Foreign Minister missing for 22 days, discussions of love with TV anchor, who is girlfriend Fu Xiaotian?
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་མཐོང་ཐོས་མེད་པར་གྱུར།

༢༠༢༣/༠༧/༢༠
US Secretary of State Antony Blinken Meets Chinese President Xi Jinping. photo: AFP .19th june 2023
Mobile App

ཨ་རིའི་ཕྱི་སྲིད་བློན་ཆེན་མཆོག་གིས་རྒྱ་ནག་གི་མགོ་འཁྲིད་ལ་བོད་དོན་གླེང་སློང་གནང་ཡོད་འདུག

༢༠༢༣/༠༦/༢༠
Mobile App

འདས་ལོ་ནི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་ཛ་དྲག་གི་ལོ་ཞིག་ཡིན།

༢༠༢༣/༠༣/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese