མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བྱང་ཀོ་རི་ཡའི་མགོ་ཁྲིད་ཀིམ་གྱིས་ང་ཚོས་དུས་རྟག་ཏུ་མཉམ་རུབ་ཐོག་བཙན་རྒྱལ་རིང་ལུགས་ལ་གདོང་ལེན་བྱ་རྒྱུ་ཡིན་སྐོར་བརྗོད།

བོད་ཀྱི་དུས་བབ།
༢༠༢༣/༠༩/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༡༢ ཉིན་བྱང་ཀོ་རི་ཡའི་མགོ་ཁྲིད་ཀིམ་ཇོང་ཨན་ (Kim Jong-un) མེ་འཁོར་ནང་བསྡད་ནས་ཨུ་རུ་སུའི་ཤར་ཕྱོགས་གྲོང་ཁྱེར་ཝ་ལ་ཌི་ཝོ་སི་ཊོག་ (Vladivostok) ཏུ་འབྱོར་བར་བརྟེན། འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་གིས་མགོ་ཁྲིད་དེ་གཉིས་ཀྱིས་ངན་པ་ལག་སྦྲེལ་གྱི་ཐོག་ནས་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ངན་པ་བཟོ་སྲིད་པའི་སེམས་འཚབ་བྱེད་བཞིན་འདུག

Russia’s President Vladimir Putin shakes hands with North Korea’s leader Kim Jong Un at a meeting at the Vostochny Сosmodrome in the far eastern Amur region, Russia, on September 13, 2023.

ཨུ་རུ་སུས་ཡུ་ཀེ་རེན་ལ་བཙན་འཛུལ་བྱས་ཏེ་ལོ་གཅིག་ལྷག་འགྲོ་བཞིན་ཡོད་པ་དང་། འཛམ་གླིང་རྒྱལ་ཁབ་གཞན་གྱིས་ཡུ་ཀེ་རེན་ལ་དྲག་ཆས་ཕོན་ཆེན་མཁོ་སྤྲོད་བྱས་པར་བརྟེན། ཨུ་རུ་སུར་མཚོན་ཆའི་དཀའ་ངལ་འཕྲད་བཞིན་པའི་སྐབས་འདིར། ད་ལན་མགོ་ཁྲིད་གཉིས་ཐུག་འཕྲད་སྐབས། བྱང་ཀོ་རི་ཡས་ཨུ་རུ་སུར་གོ་མཚོན་གྱི་མཐུན་རྐྱེན་བསྐྲུན་རྒྱུ་དང་། ཨུ་རུ་སུའི་ངོས་ནས་བྱང་ཀོ་རི་ཡར་ཟས་རིགས་དང་ནུས་ཤུགས། འཕྲུལ་རིགས་གོ་མཚོན་སོགས་ཡར་རྒྱས་གཏོང་བར་རོགས་རམ་བྱེད་དགོས་པ་ཞིག་ཆགས་ཀྱི་ཡོད་སྐོར་རྗོད་ཀྱིན་ཡོད་ཀྱང་། ཝ་ཤིང་ཊོན་ཆ་འཕྲིན་གྱིས་སྤེལ་བའི་གནས་ཚུལ་ནང་། མགོ་ཁྲིད་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་དང་། དཔལ་འབྱོར། ཚོང་འབྲེལ་སོགས་ཡར་རྒྱས་གོང་འཕེལ་གཏང་རྒྱུ་དང་། བྱང་ཀོ་རི་ཡའི་འཁོར་སྐར་ཡར་རྒྱས་གཏང་རྒྱུའི་ཐད་གླེང་སློང་བྱས་ཡོད་སྐོར་བཀོད་འདུག

ཐེངས་འདིའི་ཐུག་འཕྲད་ནི་ཏོག་དབྱིབས་གཉན་རིམས་རྗེས་ནས་བྱང་ཀོ་རི་ཡའི་མགོ་ཁྲིད་ཀིམ་ཇོང་ཨན་ཕྱིའི་རྒྱལ་ཁབ་ཏུ་ཕྱིན་པ་ཐོག་མ་ཆགས་ཀྱི་འདུག བདུན་ཕྲག་རྗེས་མའི་ནང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ (Wang Yi) ཨུ་རུ་སུར་བསྐྱོད་འཆར་ཡོད་འདུག

དེ་རིང་ཐུག་འཕྲད་སྐབས་བྱང་ཀོ་རི་ཡའི་མགོ་ཁྲིད་ཀིམ་ཇོང་ཨན་གྱིས། དུས་དེ་རིང་ནས་བཟུང་ཨུ་རུ་སུ་དང་བྱང་ཀོ་རི་ཡའི་འབྲེལ་ལམ་དེ་དགོས་གལ་ཨང་དང་པོར་འཇོག་རྒྱུ་ཡིན་པ་མ་ཟད། ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱི་ཐག་གཅོད་ཡོངས་རྫོགས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ང་ཚོས་དུས་རྟག་ཏུ་མཉམ་རུབ་ཐོག་བཙན་རྒྱལ་རིང་ལུགས་ལ་གདོང་ལེན་བྱ་རྒྱུ་ཡིན། ཞེས་བརྗོད་འདུག

ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱིས། ཨུ་རུ་སུའི་ངོས་ནས་བྱང་ཀོ་རི་ཡའི་འཁོར་སྐར་དང་བར་སྣང་ས་ཚིགས་ཀྱི་ལས་གཞི་ཡར་རྒྱས་གཏོང་རྒྱུ་རོགས་རམ་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

ཁ་སང་ཕྱི་ཚེས་ ༡༢ ཉིན་ཨ་རིའི་ཕོ་བྲང་དཀར་པོས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྲུང་ལྷན་ཁང་གིས་ཨུ་རུ་སུར་གོ་མཚོན་སྤྲོད་མི་ཆོག་པའི་གྲོས་ཆོད་གཏན་འབེབས་གཞིར་བཟུང་། བྱང་ཀོ་རི་ཡས་ཀྱང་ཨུ་རུ་སུར་གོ་མཚོན་གྱི་མཐུན་རྐྱེན་སྤྲོད་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་མ་ཟད། དེ་རིང་ཨ་རིའི་གཞུང་གིས། མེ་སྒྱོགས་དང་གོ་མཚོན་སྤྲོད་གཏན་འཁེལ་ཡོད་སྐོར་ལ་སྐྱོན་བརྗོད་བྱས་ཡོད་ཀྱང་། བྱང་ཀོ་རི་ཡ་དང་ཨུ་རུ་སུའི་ངོས་ནས་གནད་དོན་དེར་ངོས་ལེན་བྱས་མེད་པ་རེད།

ཕྱི་ལོ་ ༢༠༡༩ ཟླ་ ༤ པའི་ནང་ཨུ་རུ་སུའི་ཤར་ཕྱོགས་གྲོང་ཁྱེར་ཝ་ལ་ཌི་ཝོ་སི་ཊོག་ (Vladivostok) ཏུ་ཕྱིན་ཏེ། མགོ་ཁྲིད་གཉིས་ཀྱིས་འབྲེལ་ལམ་དང་དཔལ་འབྱོར་སོགས་ཡར་རྒྱས་གཏང་རྒྱུའི་སྐོར་ལ་གླེང་སློང་བྱས་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

China Foreign Minister Qin Gang goes missing rumored to be due to affair with double agent Chinese Foreign Minister missing for 22 days, discussions of love with TV anchor, who is girlfriend Fu Xiaotian?
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་མཐོང་ཐོས་མེད་པར་གྱུར།

༢༠༢༣/༠༧/༢༠
ཨུ་རུ་སུས་ཉེས་ཆད་བཅད་པའི་ཨ་རིའི་གནད་ཡོད་མི་སྣ་འགའ།
Mobile App

ཨ་རིའི་གནད་ཡོད་མི་སྣ་ ༥༠༠ ཨུ་རུ་སུའི་ནང་ཕེབས་མི་ཆོག་པ་བཟོས་འདུག

༢༠༢༣/༠༥/༢༠
Russian social media videos appearing to show Kremlin drone attack
Mobile App

ཨུ་རུ་སུའི་སྲིད་འཛིན་པུ་ཌིན་གྱི་སྡོད་སྒར་དུ་དྲག་རྒོལ་བྱས་ཡོད་ལུགས་བསྒྲགས། 

༢༠༢༣/༠༥/༠༤
Ukrainian President Volodymyr Zelensky (right) hoped the call with Chinese leader Xi Jinping would give impetus to relations with Beijing.
Mobile App

ཞི་ཅིན་ཕིང་དང་ཛེ་ལེན་སི་ཀི་གཉིས་ཀྱིས་ཁ་པར་ལམ་ནས་ཁ་བརྡ་བྱས།

༢༠༢༣/༠༤/༢༧
Transnational Repression report of 2022
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱས་ཡོད་པའི་སྙན་ཐོ་བཏོན།

༢༠༢༣/༠༤/༠༧
Finnish Foreign Affairs Minister Pekka Haavisto shakes hands with Secretary of State Antony Blinken in Brussels on Tuesday. NATO Secretary-General Jens Stoltenberg is between them. AFP - Getty Images
Mobile App

ཧྥིན་ལེན་ཌི་རྒྱལ་ཁབ་རྒྱལ་སྤྱིའི་ནུབ་ཆིངས་སྒྲིག་འཛུགས་སུ་ཞུགས།

༢༠༢༣/༠༤/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist