མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་འཛམ་གླིང་གི་རང་དབང་ཆེས་སྡུག་ཤོས་ཀྱི་ས་ཁུལ་ཆགས།

བོད་ཀྱི་དུས་བབ།
༢༠༢༣/༠༣/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༢༣ ལོའི་འཛམ་གླིང་རྒྱལ་ཁབ་དང་རང་སྐྱོང་ས་ཚིགས་གྲངས་ ༢༡༠ ཡི་ཁྲོད་རང་དབང་ཆེས་སྡུག་ཤོས་ཀྱི་ས་ཁུལ་བོད་ཆགས་འདུག

ཨ་རིའི་རང་དབང་ཁང་པའི་དྲ་ངོས་ནས་བླངས།

ཉེ་ལམ་ཨ་རིར་རྟེན་གཞི་བྱས་པའི་རང་དབང་ཁང་པ་  (Freedom house ) པས། ཕྱི་ལོ་ ༢༠༢༣  ལོའི་འཛམ་གླིང་གི་རང་དབང་ (Freedom in the world 2023) ཞེས་པའི་ལོ་འཁོར་སྙན་ཐོ་བཏོན་པའི་ནང་།  འདས་པའི་ལོ་གཅིག་ནང་འཛམ་གླིང་ཁྱོན་ཡོངས་ཀྱི་རྒྱལ་ཁབ་དང་ས་སྐྱོང་ས་ཚིགས་ ༢༡༠ ཡི་སྤྱི་དམངས་རང་དབང་དང་། ཆབ་སྲིད་ཁེ་དབང་གི་གནས་སྟངས་སོགས་ཀྱི་ཐད་ཉམས་ཞིབ་བྱས་ཏེ། རང་དབང་ལྡན་པའི་རྒྱལ་ཁབ་དང་། རང་དབང་ཕྱེད་ཙམ་ལྡན་པའི་རྒྱལ་ཁབ། རང་དབང་མི་ལྡན་པའི་རྒྱལ་ཁབ་བཅས་རིམ་པ་གསུམ་དུ་དབྱེ་བ་ཕྱེ་ཡོད་པའི་ཁྲོད། བོད་ནང་གི་ཆབ་སྲིད་ཀྱི་ཐོབ་ཐང་དེ་གོར་ཐིག་འོག་གི་  ༢ ལ་ཟགས་ནས་འཛམ་གླིང་གི་རང་དབང་ཆེས་སྡུག་ཤོས་ཀྱི་ས་ཁུལ་དུ་གྱུར་ཡོད་པའི་སྙན་ཐོ་བཏོན་ཡོད་འདུག

ཨ་རིའི་རང་དབང་ཁང་པའི་སྙན་ཐོ་དེའི་ནང་། རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་། རྒྱ་ནག་གཞུང་གི་གནད་ཡོད་མི་སྣ་དག་གིས་བོད་ཀྱི་རྒྱལ་ས་ལྷ་ས་ཚུད་པའི་བོད་ནང་གི་ས་ཁུལ་མང་པོ་ཞིག་ཏུ་ཆབ་སྲིད་ཀྱི་དབང་ཆ་བཟུང་ནས། མགོ་ཁྲིད་དེ་དག་གིས་རང་རང་གི་ཐོབ་ཐང་དང་གོ་གནས་སོགས་སྲ་བརྟན་སླད། བོད་ནང་གི་བོད་མིའི་འགྲོ་འདུག་ཚུད་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་ཚད་ལས་འདས་པའི་དྲག་གནོན་བྱས་དང་བྱེད་མུས་ཡིན་པ་མ་ཟད། བོད་ནང་དུ་རྒྱ་རིགས་མང་པོ་ཞིག་གནས་སྤོར་བྱེད་དུ་བཅུག་སྟེ། བོད་མི་རིགས་ཀྱི་ཆོས་རིག་དང་ངོ་བོ་རྩ་གཏོར་གཏོང་ཐབས་ལ་འབད་འབུངས་བྱེད་ཀྱི་ཡོད་སྐོར་དང་། འདས་ལོར་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་པའི་བོད་ནང་གི་ས་གནས་ཁག་ཏུ་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་འཕྲད་སྐབས། རྒྱ་ནག་གཞུང་གིས་ཏོག་དབྱིབས་འགོས་མེད་པའི་བོད་མི་མང་པོ་ཞིག་བཙན་འཁྲིད་བྱས་ཏེ། ཏོག་དབྱིབས་གཉན་རིམས་འགོས་པའི་ནད་པ་མཉམ་དུ་ཟུར་བཀག་ཏུ་བཞག་ཡོད་པའི་ཁར། ཟུར་བཀག་ཁང་དུ་བཞག་པའི་བོད་མི་རྣམས་ལ་ཟས་གོས་གནས་མལ་ཚུད་པའི་སྨན་བཅོས་ལྟ་སྐྱོང་གི་མཐུན་རྐྱེན་སྦྱོར་སྤྲོད་བྱས་མེད་སྐོར་སོགས་གསལ་འདུག

སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་དབྱེ་བགོ་བྱས་པའི་བོད་རང་སྐྱོང་ལྗོངས་ཚུད་པའི་བོད་རིགས་རང་སྐྱོང་ས་ཁུལ་ ༡༢ ནང་། གྲངས་ཉུང་མི་རིགས་ས་ཁུལ་གྱི་ས་གནས་རང་གི་མགོ་ཁྲིད་གདམ་རྒྱུ་དང་ས་གནས་སོ་སོར་ཁྲིམས་སྒྲིག་ལག་བསྟར་བྱ་རྒྱུའི་ཐོབ་ཐང་ཡོད་སྐོར་གསལ་ཡོད་ཀྱང་། རྒྱ་ནག་གཞུང་གིས་བོད་རིགས་རང་སྐྱོང་ཁུལ་ཟེར་བ་མང་པོ་ཞིག་ཏུ་རྒྱ་ནག་གཞུང་གི་བློ་ཡིད་དང་མཐུན་པའི་དཔོན་རིགས་མངག་གཏོང་བྱེད་ཀྱིན་ཡོད་པས། དཔོན་རིགས་དེ་དག་གིས་བོད་རིགས་རང་སྐྱོང་ཁུལ་ཟེར་བ་དེ་དག་གི་ཁྲོད་དུ། དབང་ཆ་གཅིག་བསྡུ་བྱས་ཏེ། གང་འདོད་དུ་བོད་རིགས་རང་སྐྱོང་ཁུལ་ཁག་གི་ཁྲིམས་སྒྲིག་སོགས་སུ་གཏན་ནས་མེད་པའི་ཁྲིམས་སྒྲིག་མང་པོ་བཞག་ནས། བོད་མི་རྣམས་ལ་དོན་གྱིས་ས་གནས་དཔོན་རིགས་གདམ་རྒྱུར་ཐོབ་ཐང་མེད་སྐོར་དང་། རྒྱ་ནག་གཞུང་གིས་བོད་ནང་ས་ཁུལ་མང་ཆེ་བའི་དཔོན་རིགས་དག་རྒྱ་རིགས་བསྐོ་ཡི་ཡོད་སྐོར་སོགས་གསལ་འདུག

ཨ་རིའི་རང་དབང་ཁང་པས། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བ་ཚུད་པའི་བོད་ནང་གི་ས་གནས་མང་པོ་ཞིག་ཏུ། རྒྱལ་སྤྱིའི་གནད་ཡོད་མི་སྣ་དང་། གསར་འགོད་པ་སོགས་འགྲོ་སྐྱོད་བྱེད་པར་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པ་དང་། བོད་མི་སྒེར་བ་དག་གིས་སྤྱི་ཚོགས་དྲ་རྒྱ་ཁག་ལྟ་བར་དམ་དྲག་དང་གསང་ལྟ་བྱེད་ཀྱི་ཡོད་པ་མ་ཟད། བོད་ནང་ཆབ་སྲིད་ཀྱི་གནས་སྟངས་གླེང་སློང་སོགས་བྱས་ཚེ། སྤྱི་ཚོགས་ཁ་བྲལ་བའི་ཉེས་མིང་གཡོགས་ནས་འཛིན་བཟུང་དང་ཉེས་ཆད་ལྕི་མོ་གཅོད་ཀྱིན་ཡོད། དེ་བཞིན་འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་བོད་ནང་གི་རྩོམ་པ་པོ་དང་བསམ་བློ་བ། སྒྱུ་རྩལ་བ་སོགས་ལ་དམིགས་བསལ་གྱིས་དྲག་གནོན་དང་འབུར་འཇོམས་བྱ་མགོ་བཙུགས་ཡོད་ཅིང་། ལྷག་པར་འདས་ལོར་རྒྱ་ནག་གཞུང་གིས་དྲ་ལམ་ཁག་ཏུ་བོད་ཀྱི་རྒྱལ་དར་བསྐུར་བ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་ཉར་ཚགས་བྱས་པ་སོགས་ཀྱིས་རྐྱེན་བྱས་ཏེ་བོད་མི་མང་པོ་འཛིན་བཟུང་བཀག་ཉར་དང་། བཙོན་འཇུག་ཁྲིམས་ཐག་ཀྱང་བཅད་ཡོད་སྐོར་སོགས་གསལ་ཡོད་འདུག

 འདི་ལོར་ཨ་རིའི་རང་དབང་ཁང་པས་འཛམ་གླིང་ཁྱོན་ཡོངས་ཀྱི་རྒྱལ་ཁབ་དང་རང་སྐྱོང་ས་ཚིགས་ ༢༡༠ ཡི་སྤྱི་དམངས་རང་དབང་དང་། ཆབ་སྲིད་ཁེ་དབང་གི་གནས་སྟངས་ཐད་ཉམས་ཞིབ་བྱས་པའི་ཁྲོད། རང་དབང་ཚད་ལྡན་ལྡན་པའི་རྒྱལ་ཁབ་གྲངས་ ༨༤ དང་རང་སྐྱོང་ས་ཚིགས་ ༡། རང་དབང་ཕྱེད་ཙམ་ལྡན་པའི་རྒྱལ་ཁབ་གྲངས་ ༥༤ དང་རང་སྐྱོང་ས་ཚིགས་ ༤། དེ་བཞིན་རང་དབང་མི་ལྡན་པའི་རྒྱལ་ཁབ་གྲངས་ ༥༧ དང་རང་སྐྱོང་ས་ཚིགས་ ༡༠ བཅས་གསལ་སྟོན་བྱས་འདུག་ལ།  ཨ་ཧྥི་རི་ཁ་ནི་གླིང་ཆེན་རིམ་པའི་ནང་ནས་རང་དབང་ཆེས་སྡུག་ཤོས་ཀྱི་གླིང་ཕྲན་དེ་ཡིན་པའི་ངོས་འཛིན་བྱས་ཡོད་ཅིང་། ཨ་ཧྥི་རི་ཁ་གླིང་ཆེན་ནང་རྒྱལ་ཁབ་གྲངས་ ༥༤ ལ་མི་གྲངས་ཐེར་འབུམ་ ༡།༤ ཡོད་པའི་ཁྲོད། མི་གྲངས་ཀྱི་བརྒྱ་ཆ་ ༡༧ ལ་རང་དབང་ཚད་ལྡན་ཡོད་པ་དང་། བརྒྱ་ཆ་ ༣༧ ལ་རང་དབང་ཕྱེད་ཙམ་ཡོད་པ། མི་གྲངས་བརྒྱ་ཆ་ ༤༦ ལ་རང་དབང་གཏན་ནས་མེད་པ་རེད་འདུག སྤྱིར་འཛམ་གླིང་ཁྱོན་ཡོངས་ལ་མི་གྲངས་ཐེར་འབུམ་  ༧།༩ ཡོད་པའི་ཁྲོད། མི་གྲངས་བརྒྱ་ཆ་ ༤༣ ལ་རང་དབང་ཚད་ལྡན་ཡོད་པ་དང་། བརྒྱ་ཆ་ ༢༨ ལ་རང་དབང་ཕྱེད་ཙམ་ཡོད་པ། བརྒྱ་ཆ་ ༢༩ ལ་རང་དབང་གཏན་ནས་མེད་པ་རེད་འདུག

 གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Under Secretary Zeya’s Remarks at a Congressional-Executive Commission on China  Hearing on China’s Global Transnational Repression Campaign. Screenshot . 15/9/23
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་བརྒལ་བའི་དྲག་གནོན་འཕྲལ་དུ་མཚམས་འཇོག་དགོས།

༢༠༢༣/༠༩/༡༥
US Secretary of State Antony Blinken at Freedom House’s annual Freedom Awards on May 9, 2023.
Mobile App

ཨ་རིའི་ཕྱི་སྲིད་བློན་ཆེན་མཆོག་ནས་བོད་མིའི་རིགས་རྫས་བསྡུ་རུབ་ལ་ཐུགས་འཚབ་ཡོད་སྐོར་གསུངས།

༢༠༢༣/༠༥/༡༡
Tourists Trekking around Mount Kailash
Mobile App

རྒྱ་ནག་གཞུང་གིས་གངས་རིན་པོ་ཆེའི་གནས་མཇལ་བར་སྔར་ལྷག་དམ་དྲག་བྱེད་ཀྱིན་འདུག 

༢༠༢༣/༠༥/༡༠
ཕོ་བྲང་པོ་ཏ་ལའི་མདུན་དུ་བོད་པའི་རྨོ་ལགས་ཤིག་གིས་སྨོན་ལམ་འདེབས་བཞིན་པ། དྲ་ལམ་གྱི་པར།
Mobile App

མི་འདི་ཚོ་ཕོ་བྲང་པོ་ཏ་ལའི་ནང་མཆོད་མཇལ་དུ་འགྲོ་ཆོག་གི་མི་འདུག

༢༠༢༣/༠༤/༢༦
Transnational Repression report of 2022
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱས་ཡོད་པའི་སྙན་ཐོ་བཏོན།

༢༠༢༣/༠༤/༠༧
Mobile App

ཨ་རིའི་གྲོས་ཚོགས་སུ་བོད་དོན་ཉན་ཞིབ་ཀྱི་ཚོགས་འདུ་འཚོགས།

༢༠༢༣/༠༣/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese