མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

མི་འདི་ཚོ་ཕོ་བྲང་པོ་ཏ་ལའི་ནང་མཆོད་མཇལ་དུ་འགྲོ་ཆོག་གི་མི་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༤/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཕོ་བྲང་པོ་ཏ་ལའི་ནང་མཆོད་མཇལ་དུ་འགྲོ་བར་ཐོབ་ཐང་ལག་ཁྱེར་གློག་གིས་བཤེར་འབེབ་གཏོང་གི་ཡོད་སྟབས་གཞུང་ཕྱོགས་ཀྱི་ལས་བྱེད་དང་བོད་ལྗོངས་སློབ་གྲྭ་ཆེན་མོ་སོགས་ཀྱི་དགེ་ལས་སློབ་ཕྲུག་རྣམས་འགྲོ་ཆོག་གི་མེད་པ་རེད།

ཕོ་བྲང་པོ་ཏ་ལའི་མདུན་དུ་བོད་པའི་རྨོ་ལགས་ཤིག་གིས་སྨོན་ལམ་འདེབས་བཞིན་པ། ༢༠༢༢།༠༨ དྲ་ལམ་གྱི་པར།

བོད་ཀྱི་རྒྱལ་ས་ལྷ་ས་གཙོ་བྱས་པའི་བོད་ཁུལ་གྱི་རྒྱ་ནག་གཞུང་གི་ལས་བྱེད་དང་། སློབ་གྲྭ་ཁག་གི་དགེ་སློབ་རྣམས་ཀྱི་ནང་ཆོས་ལ་དད་མོས་དང་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་ན་ཁྲིམས་སྒྲིག་ལ་འགལ་གྱི་ཡོད་པའི་ཉེས་འཛུགས་བྱེད་ཀྱི་ཡོད་པ་ལྟར། ལྷ་ས་རུ་ཡུལ་སྐོར་སྣེ་ཤན་གྱི་ལས་ཀ་བྱས་མྱོང་མཁན་ཞིག་དང་ཁ་བརྡ་བྱེད་སྐབས། ཕོ་བྲང་པོ་ཏ་ལའི་འཛུལ་སྒོ་རུ་གློག་གིས་དོ་བདག་གི་ཐོབ་ཐང་ལག་ཁྱེར་བཤེར་འབེབ་གཏོང་གི་ཡོད་ཅིང་། ཉེ་བའི་ལོ་ཤས་ནས་བཟུང་ལྷ་ས་ཁུལ་གྱི་སྲིད་གཞུང་གི་ལས་བྱེད་དང་། བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་ལས་སློབ་ཕྲུག་ལྟ་བུ། དེ་བཞིན་མིང་ཐོ་ནག་པོའི་ནང་ཚུད་པ་རྣམས་ཕོ་བྲང་པོ་ཏ་ལའི་ནང་མཆོད་མཇལ་དུ་ཕྱིན་པ་ཡིན་ན། གློག་གིས་ཐོབ་ཐང་ལག་ཁྱེར་བཤེར་འབེབ་གཏོང་སྐབས་འགོག་སྒྲ་བཏང་སྟེ་ནང་དུ་འཛུལ་བཅུག་གི་མེད་སྐོར་བརྗོད་བྱུང་།

ཡུལ་སྐོར་སྣེ་ཤན་པ་དེས། སྤྱིར་བོད་རིགས་ལས་བྱེད་རྣམས་སྲིད་གཞུང་གི་བྱ་བར་ཞུགས་སྐབས་དང་དམར་ཤོག་ཚོགས་པའི་ནང་དུ་འཛུལ་སྐབས། དམར་ཤོག་ཚོགས་པའི་ཁྲིམས་སྒྲིག་ལ་མཐའ་གཅིག་ཏུ་བརྩི་སྲུང་བྱ་རྒྱུ་ཡིན་པའི་ཁས་ལེན་དམ་བཅའ་འཇོག་དགོས་ཀྱི་ཡོད་པར་བརྟེན། ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་ལ་མཆོད་མཇལ་དུ་ཕྱིན་ན་ཁྲིམས་འགལ་སྒྲིག་འགལ་དུ་བརྩི་ཡི་ཡོད་པ་ཤེས་ཀྱི་ཡོད་སྐོར་དང་། རང་ཁྱིམ་དུ་༧གོང་ས་མཆོག་གི་དབུས་བོད་བརྒྱུད་ནང་བསྟན་གྱི་བླ་མ་རྣམ་པའི་སྐུ་པར་སྒྲིག་གཤོམ་དང་། ཐ་ན་རང་གི་སྐེ་ལ་སྲུང་མདུད་དང་མཚོན་སྲུང་བཏགས་ནའང་ནག་ཉེས་འཛུགས་ཀྱི་ཡོད་པའི་རྐྱེན་གྱིས། བོད་རིགས་ལས་བྱེད་མང་པོ་ཞིག་ཁུ་སིམ་སིམ་ངང་ས་གནས་གཞན་དུ་གནས་སྐོར་དང་མཆོད་མཇལ་དུ་འགྲོ་དགོས་པ་ཆགས་ཀྱི་ཡོད་སྐོར་བརྗོད་བྱུང་།

ཡང་གནས་ཚུལ་མཁོ་སྤྲོད་པ་གཞན་ཞིག་གིས་འདི་གའི་གསར་འགོད་པར། ཉེ་ལམ་བོད་ཀྱི་མདོ་སྟོད་སྨད་སོགས་ནས་ལྷ་སར་གནས་མཇལ་དུ་ཡོང་མཁན་དང་། ཚོང་པ། སློབ་མ་སོགས་ལ་ཐོང་ཐང་ལག་ཁྱེར་ཡོད་དགོས་པ་མ་ཟད། ལྷ་སར་གནས་སྐབས་སྡོད་ཆོག་པའི་ཡི་གེ། དེ་བཞིན་ལྷ་སའི་གཏན་སྡོད་པ་ཞིག་གི་ཁག་ཐེག་མཚན་རྟགས་སོགས་དགོས་ཀྱི་ཡོད་ལ། གལ་སྲིད་དེ་དག་མེད་ཚེ་ལྷ་ས་ནས་མགྲོན་ཁང་དང་སྡོད་གནས་སོགས་རག་གི་མེད་པའི་ཁར། རྒྱ་ནག་གི་ཉེན་རྟོག་པ་དང་གསང་ཉུལ་བ་སོགས་ཀྱིས་ས་གནས་གཞན་ནས་ཡོང་བའི་བོད་མི་རྣམས་ཀྱི་འགྲོ་འདུག་ལ་ལྟ་སྲུང་དང་ཞིབ་བཤེར་ནན་པོ་བྱེད་ཀྱི་ཡོད་སྐོར་བརྗོད་བྱུང་།

ཕྱི་ལོ་ ༢༠༡༩ ལོར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་བརྡ་ཐོ་ཞིག་བཏང་སྟེ། ལོ་དེའི་ཕྱི་ཟླ་ ༨ ཚེས་ ༡༨ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢།༣༠ སྔོན་དུ་འབྲེལ་ཡོད་ལས་ཁུངས་ཁག་ནས་རྒས་ཡོལ་རྣམས་ཀྱི་མིང་དང་། ཁོང་ཚོ་སྐོར་བར་འགྲོ་རྒྱུར་སྟངས་འཛིན་བྱས་ཡོད་པའི་སྙན་ཐོ་ས་གནས་ཀྱི་དམར་ཤོག་ཚོགས་པའི་རྒས་ཡོལ་ལྟ་སྐྱོང་ལས་ཁུངས་ལ་སྤྲོད་དགོས་སྐོར་བརྗོད་ཡོད་པ་མ་ཟད། དམར་ཤོག་ཚོགས་མི་རྒས་ཡོལ་དང་གཞུང་ཞབས་རྒས་ཡོལ་རྣམས་དགོན་པ་སོགས་ལ་སྐོར་བར་འགྲོ་བའི་སྣང་ཚུལ་འབྱུང་གི་ཡོད་མེད་ལ་རྟོག་ཞིབ་བྱེད་དགོས་སྐོར་བཀའ་བཏང་ཡོད་པ་རེད། འབྲེལ་ཡོད་ལས་ཁུངས་ཁག་གིས་རྒས་ཡོལ་ཞུས་ཟིན་པའི་གཞུང་ཞབས་ནང་སྐོར་བ་བྱེད་པ་ནི་གྲངས་ལས་འདས་པ་དང་རྒྱ་ཆེན་པོ་ཡིན་པ། དམར་ཤོག་ཚོགས་མི་རེ་འགས་མངོན་གསལ་དོད་པོ་དང་ཡང་རེ་འགས་དོགས་ཟོན་ངང་ (semi-openly) སྐོར་བར་འགྲོ་ཡི་ཡོད་པའི་གནས་ཚུལ་མཁོ་སྤྲོད་བྱས་ཡོད་པ་རེད།

སློབ་མཇུག་གི་རྒྱུགས་སྐར་ཤོག་བུ་དང་བཀའ་རྒྱ། ༢༠༡༨

ཕྱི་ལོ་༢༠༡༨ ལོར་ལྷ་ས་དང་མཚོ་སྔོན་ཕྱོགས་ཀྱི་སློབ་གྲྭ་ཁག་ཅིག་གི་དགུན་ཁའི་གུང་གསེང་སྐབས་སུ། ཁྱིམ་བདག་ཚོས་རང་གི་བྱིས་པ་རྣམས་གསབ་སྦྱོང་འཛིན་གྲྭ་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་གང་ལའང་ཞུགས་མི་ཆོག་པའི་ཉེན་བརྡ་སློབ་མཇུག་གི་རྒྱུགས་སྐར་ཤོག་བུ་དང་མཉམ་དུ་སྤྲད་འདུག

གསར་འགོད་པས་འདས་པའི་ལོ་གཉིས་ཙམ་རིང་གི་ཕོ་བྲང་པོ་ཏ་ལའི་སྐོར་ལ་རྒྱུས་ལོན་བྱས་པ་ལྟར་ན། རྒྱ་ནག་ཝུའུ་ཧན་ནས་འཛམ་གླིང་གང་སར་ཁྱབ་པའི་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༦ ཉིན་ནས་བཟུང་ལོ་དེའི་ཕྱི་ཟླ་ ༦ ཚེས་ ༣ བར་དུ་ཕོ་བྲང་པོ་ཏ་ལ་རྦད་དེ་སྒོ་བརྒྱབ་ཡོད་པ་དང་། ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༩ ཙམ་ནས་བསྐྱར་དུ་སྒོ་བརྒྱབ་སྟེ་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༣ ཉིན་གཞི་ནས་བསྐྱར་དུ་སྒོ་ཕྱེས་འདུག ལོ་རེའི་དགུན་དུས་སུ་ཕོ་བྲང་པོ་ཏ་ལའི་འཛིན་བྱང་རེར་རྒྱ་སྒོར་ ༡༠༠ རེ་དང་། དབྱར་དུས་སུ་རྒྱ་སྒོར་ ༢༠༠ རེ་ཡིན་པ་མ་ཟད། ཉིན་གྲངས་ ༣ སྔོན་ལ་སྒེར་གྱི་ཝེ་ཞིན་(Weixin)ཐོག་ནས་མངགས་ཉོ་བྱེད་དགོས་ཀྱི་འདུག  མཆོད་མཇལ་དུ་ཕྱིན་པའི་ཉིན་དེ་ནས་བཟུང་བདུན་ཕྲག་གཅིག་རིང་བསྐྱར་དུ་འཛིན་བྱང་ཉོ་ཆོག་གི་མེད་སྟབས། བདུན་ཕྲག་གཅིག་ནང་མཆོད་མཇལ་ཐེངས་གཅིག་དང་དུས་ཡུན་ཆུ་ཚོད་ ༡ ཏག་ཏག་ནང་མཆོད་མཇལ་ཚར་བ་བྱེད་དགོས་ཀྱི་འདུག གལ་སྲིད་སྒྲིག་གཞི་ཁག་ལ་བརྩི་སྲུང་མ་བྱས་ཏེ། དངུལ་གྱི་ཉེས་ཆད་དང་བསྐྱར་དུ་འཛིན་བྱང་ཉོ་མི་ཐུབ་པ་སོགས་ཀྱི་ཉེས་ཆད་གཅོད་ཀྱི་ཡོད་འདུག་ལ། འདས་ལོའི་ཕྱི་ཟླ་ ༨ ཚེས་ ༡ ཉིན་རྒྱ་ནག་གཞུང་འབྲེལ་གསར་ལམ་དུ། ཕོ་བྲང་པོ་ཏ་ལའི་འཛིན་བྱང་རིན་གོང་ཆེན་པོ་བྱས་ཏེ་ལྐོག་ཚོང་བྱེད་ཀྱི་ཡོད་པའི་ནག་ཉེས་འོག ལྷ་ས་གྲོང་ཁྱེར་དུ་གནས་སྡོད་གླང་སེར་ཚོགས་པ་ཞེས་པ་ཞིག་གཙང་སེལ་བྱས་ཡོད་སྐོར་བསྒྲགས་ཏེ་མི་གྲངས་ ༡༥ འཛིན་བཟུང་བྱས་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Tourists Trekking around Mount Kailash
Mobile App

རྒྱ་ནག་གཞུང་གིས་གངས་རིན་པོ་ཆེའི་གནས་མཇལ་བར་སྔར་ལྷག་དམ་དྲག་བྱེད་ཀྱིན་འདུག 

༢༠༢༣/༠༥/༡༠
The Heishanxia section of the Yellow River in China’s Ningxia Hui autonomous region. Photo: Xinhua
Mobile App

རྨ་ཆུའི་རྒྱུད་དུ་ཆུ་མཛོད་ཆེན་པོ་ཞིག་གསར་དུ་བརྒྱག་རྒྱུ་ཡིན་འདུག

༢༠༢༣/༠༥/༠༨
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་གྲགས་ཅན་པདྨ་ཚེ་བརྟན་ལགས།
Mobile App

གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་སྐུ་གྲོངས། 

༢༠༢༣/༠༥/༠༨
Mobile App

རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་ནས་མི་ལོ་ཉེར་ལྔ་འཁོར་བའི་མཛད་སྒོ་བཞུགས་སྒར་དྷ་རམ་ས་ལར་བསྡུས།

༢༠༢༣/༠༥/༠༥
༧གོང་ས་མཆོག་གིས་རཱ་མོན་མཱག་སའེ་སའེ་གཟེངས་རྟགས་ཐེབས་རྩའི་ཚོགས་མི་རྣམས་ལ་མཇལ་འཕྲད། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༣།༠༤།༢༦
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་མཇལ་རྗེས་ང་ཚོའི་སེམས་ལ་ཞི་བདེའི་ཚོར་བ་ཆེན་པོ་བྱུང་སོང་།

༢༠༢༣/༠༤/༢༧
བོད་རྒྱལ་ཐང་རྫོང་གི་སྤྱིའི་རྣམ་པ་དང་དོན་ཁོ། པར་བོད་ནས་འདི་གར་མཁོ་སྤྲོད་གནང་།
Mobile App

བོད་རྒྱལ་ཐང་རྫོང་ནས་མི་གཉིས་འཛིན་བཟུང་བྱས་འདུག  

༢༠༢༣/༠༣/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist