མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐེངས་ ༥༢ སྟེང་བོད་དོན་གླེང་སློང་གནང་།

བོད་ཀྱི་དུས་བབ།
༢༠༢༣/༠༣/༢༤
Share on FacebookShare on TwitterShare on EmailShare on Whatsapp

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐེངས་ ༥༢ སྟེང་རྒྱ་ནག་གཞུང་གིས་བོད་ཀྱི་བྱིས་པ་རྣམས་རྒྱ་ནག་གི་བཅའ་སྡོད་སློབ་གྲྭ་ཁག་ཏུ་གཏོང་མཚམས་བཞག་དགོས་པའི་རེ་སྐུལ་བྱས་ཡོད་འདུག

Room XX of the UN Human Rights Council

ཉེ་ལམ་སུད་སི་གྲོང་ཁྱེར་ཇི་ནི་ཝ་རུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༥༢ པ་དང་བསྟུན་རྒྱལ་སྤྱིའི་གནད་ཡོད་མི་སྣ་མང་པོ་ཞིག་གིས།  བོད་དང་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། རྒྱ་ནག་གཞུང་གིས་བོད་ཀྱི་ཕྲུ་གུ་རྣམས་རྒྱ་ནག་གི་བཅའ་སྡོད་སློབ་གྲྭ་ཁག་ཏུ་མངག་གཏོང་བྱེད་མུས་ཡིན་པའི་སྐོར་སོགས་ཀྱི་ཐད་ལ་གླེང་སློང་གནང་ཡོད་འདུག

དེའི་ཐད་ལྷོ་ཤར་ཨེ་ཤ་ཡའི་ཞིབ་འཇུག་གི་ཡུ་རོབ་ཐེབས་རྩའི་ (European Foundation for South Asian Studies) ཞིབ་འཇུག་པ་ཨེ་རོན་ (Aaron Magunna) ལགས་ཀྱིས། དེང་གི་འཛམ་གླིང་ནང་གྲངས་ཉུང་མི་རིགས་ལ་དབྱེ་འབྱེད་ཤུགས་ཆེན་བྱེད་ཀྱི་ཡོད་སྐོར་གྱི་སྙན་ཐོ་དང་འབྲེལ། རྒྱ་ནག་གཞུང་གིས་བོད་ནང་གི་བོད་པའི་སློབ་ཕྲུག་རྣམས་རང་གི་ཕ་མ་དང་ཁ་བྲལ་དུ་བཅུག་ནས་བཙན་གྱིས་གཏན་འཇགས་སློབ་གྲྭར་བཏང་སྟེ། བོད་ཀྱི་བྱིས་པ་རྣམས་བོད་རང་གི་སྤྱི་ཚོགས་དང་ཁ་བཀྱེད་དུ་བཅུག་པ་དང་།  བོད་མིའི་འདུ་ཤེས་དང་རིན་ཐང་ལྟ་ཚུལ་སོགས་རྩ་མེད་དུ་གཏོང་ཐབས་བྱེད་མུས་ཡིན་པ་མ་ཟད། བོད་ཀྱི་བྱིས་པ་ཚོར་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་གཏན་ནས་སློབ་མ་བཅུག་པར། བོད་ནང་གི་སྡེ་ཁག་མང་པོ་ཞིག་ཏུ་རྒྱའི་སྐད་ཡིག་སློབ་ཀྱིན་ཡོད་སྐོར་དང་།  མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གྲངས་ཉུང་མི་རིགས་གནད་དོན་ཐོག་ལ་གླེང་སློང་མ་བྱས་པའི་རྐྱེན་གྱིས། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་གི་ཡོད་པར་བརྟེན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལ་ཆེ་མཐོང་དང་གདེང་འཇོག་བྱ་དགོས་པ་མ་ཟད།  རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་དག་གི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བའི་གནད་དོན་ཐད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་ཀྱང་འགན་ཁུར་དགོས་སྐོར་སོགས་བརྗོད་ཡོད་འདུག

དེ་བཞིན་ཁ་སང་ཕྱི་ཚེས་ ༢༣ ཉིན་འཇར་མན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ཀ་ཡེ་མུ་ལར (Kai Muller) ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ཆོས་སོགས་རྩ་མེད་གཏོང་སླད་བོད་ནང་དུ་རྒྱའི་སྲིད་ཇུས་ལག་བསྟར་བྱས་ཏེ། བོད་ནང་གི་ཞིང་འབྲོག་མི་མང་རྣམས་ས་གནས་གཞན་ལ་བཙན་གྱིས་གནས་སྤོ་བྱེད་དུ་བཅུག་ཡོད་པར་སེམས་འཚབ་ཆེན་པོ་ཡོད་པས། རྒྱ་ནག་གཞུང་གིས་བོད་པའི་སློབ་ཕྲུག་རྣམས་ལ་རྒྱའི་སྐད་ཡིག་བསླབ་མཚམས་འཇོག་དགོས་པ་མ་ཟད།  བོད་ཀྱི་སྒེར་ཚུགས་སློབ་གྲྭ་བོད་པའི་སློབ་གྲྭ་འཛུགས་སྐྲུན་བྱ་བཅུག་ནས། བོད་པའི་བྱིས་པ་རྣམས་ལ་བོད་ཀྱི་སྐད་ཡིག་སྦྱང་བཙོན་བྱ་བཅུག་དགོས་སྐོར་སོགས་བརྗོད་ཡོད་འདུག

གཞན་ཡང་། ཐེངས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོང་ཐང་གི་ཚོགས་འདུ་ཐེངས་ ༥༢ པའི་ཁྲོད། དབྱིན་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་དང་རྒྱལ་ཚོགས་ཀྱི་སྐུ་ཚབ་རི་ཊ་ཧྥ་རན་ཆི་ (Rita French)  ལགས་དང་། སུ་ཝེ་ཌན་གྱི་ཨེ་ན་ (Anna Jardfelt) ལགས་སོགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་གི་བྱིས་པ་རྣམས་རྒྱ་ནག་གི་བཅའ་སྡོད་སློབ་གྲྭ་ཁག་ཏུ་མངག་གཏོང་བྱེད་མཚམས་བཞག་དགོས་པ་མ་ཟད།  བོད་ཕྲུག་ཚུད་པའི་བོད་མི་རྣམས་ཀྱི་རིགས་རྫས་བསྡུ་མཚམས་བཞག་ནས། བོད་ནང་གི་འགྲོ་མིའི་ཐོང་ཐང་གི་གནད་དོན་ལ་བརྩི་འཇོག་བྱ་དགོས་སྐོར་སོགས་བརྗོད་ཡོད་འདུག

ད་ལན་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༥༢ སྟེང་། རྒྱལ་ཁབ་མང་པོ་ཞིག་གི་བློན་ཆེན་ཁག་དང་གནད་ཡོད་མི་སྣ་མང་པོ་མཉམ་ཞུགས་གནང་སྟེ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྐོར། དེ་བཞིན་གོ་ལའི་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་ཐོག་ལ་གླེང་སློང་གནང་འདུག་པ་མ་ཟད། ད་ལན་གྱི་ཚོགས་འདུའི་སྟེང་བོད་དང་ཡུ་གུར་གྱི་འགྲོ་བ་མིའི་ཐོབ་ཐང་གི་སྐོར་ལའང་གླེང་སློང་བྱས་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
Uyghur protesters and supporters rally in front of the UN Headquarters in Geneva during the Universal Periodic Review of China's human rights record, Nov. 6, 2018.
Mobile App

འཛམ་གླིང་རྒྱལ་ཁབ་ ༥༡ གིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས།

༢༠༢༣/༡༠/༢༡
"Vocational training” programmes threaten Tibetan identity, carry risk of forced labour, say UN experts.© Unsplash/Aden Lao
Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་མི་ལས་བཟོ་བ་རྣམས་ཀྱི་ཐོབ་ཐང་གླེང་སློང་གནང་། 

༢༠༢༣/༠༩/༢༧
UN Human Right
Mobile App

བོད་མི་སྟོང་ཕྲག་མང་པོར་ཆབ་སྲིད་སློབ་གསོ་སྤྲོད་ཀྱི་ཡོད་པའི་བློ་འཚབ་བསྟན།

༢༠༢༣/༠༤/༢༨
Mumbai, one of India's biggest cities, grew by about eight million people in the past 30 years -- equivalent to the entirety of New York City's population - Copyright AFP Punit PARANJPE
Mobile App

རྒྱ་གར་འཛམ་གླིང་གི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཨང་དང་པོར་གྱུར་འདུག

༢༠༢༣/༠༤/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese