མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་གར་འཛམ་གླིང་གི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཨང་དང་པོར་གྱུར་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༤/༢༠
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་སྤྱི་ཡོངས་ལ་མི་འབོར་ཐེར་འབུམ་ ༨(༨,༠༤༥ ) ལྷག་ཡོད་པའི་ཁྲོད་རྒྱ་གར་གྱི་མི་འབོར་གྱིས་ཐེར་འབུམ་ ༡ (༡,༤༢༨,༦)ལྷག་ཟིན་ཡོད་འདུག

Mumbai, one of India’s biggest cities, grew by about eight million people in the past 30 years — equivalent to the entirety of New York City’s population – Copyright AFP Punit PARANJPE

ཁ་སང་ཕྱི་ཚེས་ ༡༩ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་མི་འབོར་སྐོར་གྱི་གསལ་བསྒྲགས་ཤིག་བྱས་པ་ལྟར་ན། འདི་ལོ་ནས་རྒྱ་གར་ལ་མི་གྲངས་ཐེར་འབུམ་ ༡ (༡,༤༢༨,༦)ལྷག་དང་། རྒྱ་ནག་ལ་མི་གྲངས་ཐེར་འབུམ་ ༡ (༡,༤༢༥,༧)ལྷག  ཨ་རིར་མི་གྲངས་དུང་ཕྱུར་ ༣,༤༠ བཅས་རྒྱ་གར་དེ་འཛམ་གླིང་གི་ཆེས་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཨང་དང་པོར་གྱུར་ཡོད་པ་མ་ཟད།  འཛམ་གླིང་སྤྱི་ཡོངས་ཀྱི་མི་འབོར་ཐེར་འབུམ་ ༨(༨,༠༤༥ )ལྷག་ཟིན་ཡོད་འདུག་ཅིང་།  ཕྱི་ལོ ༢༠༥༠ ལོར་ཐེར་འབུམ ༩,༧ དང་ ༢༠༨༠ ལོར་ཐེར་འབུམ ༡༠,༤ ཟིན་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་འབོར་ཐེབས་རྩ་(United Nations Population Fund)  ལྟར་ན། རྒྱ་གར་ལ་མི་གྲངས་ཐེར་འབུམ་༡(༡,༤༢༨)ཡོད་པའི་ཁྲོད། ལོ་ན་གཅིག་ནས་བཅུ་བཞི་བར་གྱི་མི་འབོར་གྱིས་བརྒྱ་ཆ་ ༢༥ ཟིན་ཡོད་པ་དང་། ལོ་བཅུ་ནས་བཅུ་དགུས་བརྒྱ་ཆ ༡༨། ལོ་བཅུ་ནས་ ༢༤ བར་གྱིས་བརྒྱ་ཆ་ ༢༦། ལོ་བཅོ་ལྔ་ནས་དྲུག་ཅུ་རེ་བཞི་བར་གྱིས་བརྒྱ་ཆ། ༦༨།  ལོ་དྲུག་ཅུ་རེ་ལྔ་ཡན་གྱིས་བརྒྱ་ཆ་ ༧ ཟིན་ཡོད་ཅིང་། འབྱུང་འགྱུར་མི་ལོ་སུམ་བཅུའི་ནང་ཚུད་རྒྱ་གར་གྱི་མི་འབོར་ཐེར་འབུམ་ ༡(༡,༦༥) ལྷག་ལ་འཕར་སྲིད་པའི་ཚོད་དཔག་ཀྱང་བྱེད་ཀྱི་ཡོད་འདུག དེ་བཞིན་རྒྱ་གར་གྱི་སྤྱིའི་མི་འབོར་གྱི་བརྒྱ་ཆ་ཕྱེད་ཀ་ལྷག་རང་ལོ་ ༣༠ མན་ཡིན་པས། འདས་པའི་ལོ་ཤས་རིང་རྒྱ་གར་ནི་འཛམ་གླིང་ཐོག་དཔལ་འབྱོར་འཕེལ་རྒྱས་མགྱོགས་ཤོས་འགྲོ་མཁན་ཞིག་ཡིན་པ་མ་ཟད། ཨེ་ཤ་ཡའི་ཚོང་གི་བསྟི་གནས་གསུམ་པར་གྲགས་པའི་རྒྱ་གར་གྱི་མི་འབོར་དེ་ཡུ་རོབ་གླིང་ཆེན་ཡོངས་ཀྱི་མི་གྲངས་ལས་མང་བར་གྱུར་ཡོད་འདུག

གནད་དོན་དབྱེ་ཞིབ་པ་མང་པོ་ཞིག་གིས། རྒྱ་གར་གྱི་མི་འབོར་གྱི་ཕྱེད་ཀ་ལྷག་ནི་གཞོན་སྐྱེས་ཡིན་པས་རྒྱ་གར་གཞུང་གིས་འཛུགས་སྐྲུན་ཚུད་པའི་འཕྲོད་བསྟེན་དང་། ཤེས་ཡོན་སོགས་ཡར་རྒྱས་གོང་མཐོར་མུ་མཐུད་དུ་གཏང་ནས་གཞོན་སྐྱེས་རྣམས་ལ་ལས་ཀ་སྟེར་ཐུབ་རྒྱུར་གདོང་ལེན་བྱ་དགོས་ཤིང་། དེས་འབྱུང་འགྱུར་མི་ལོ་སུམ་ཅུ་ལྷག་རིང་རྒྱ་གར་གྱི་དཔལ་འབྱོར་དང་ཚོང་འབྲེལ་གཙོས་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་རྒྱུར་རེ་བ་ཆེན་པོ་ཡོད་པའི་ཁར། ད་ལྟ་རྒྱ་གར་མི་མང་གི་ལོ་རེའི་དཔྱ་དངུལ་གཅིག་པུས་བརྒྱ་ཆ་ ༧ ལྷག་ཟིན་ཡོད་པ་མ་ཟད། དཔྱ་དངུལ་འབུལ་ཚད་དེའང་རིམ་པས་མཐོ་རུ་འགྲོ་སྲིད་པས།  དེས་རྒྱ་གར་གྱི་དཔལ་འབྱོར་དང་འཛུགས་སྐྲུན་སོགས་ཀྱི་ཐོག་ལ་ཁེ་ཕན་ཆེན་པོ་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག

ད་ལྟ་རྒྱ་ནག་ལ་མི་གྲངས་ཐེར་འབུམ ༡(༡,༤༢༥,༧)ལྷག་ཡོད་ཀྱང་ཕྱི་ལོ་ ༢༠༥༠ ལོར་རྒྱ་ནག་གི་མི་གྲངས་ཐེར་འབུམ་ ༡(༡,༣༡༣)  དང་ཕྱི་ལོ་ ༢༡༠༠ ལོར་མི་འབོར་དུང་ཕྱུར ༥,༨༧ ༡༥༧ ལ་མར་ཟག་སྲིད་པའི་ཚོད་དཔག་ཀྱང་བྱས་འདུག རྒྱ་ནག་ནང་རྒན་དར་དོ་མི་སྙོམས་པའི་དཀའ་ངལ་ཤུགས་ཆེན་འཕྲད་བཞིན་ཡོད་པར་བརྟེན། ཕྱི་ལོ་ ༢༠༡༦ ལོར་རྒྱ་ནག་གི་བྱིས་པ་སྐྱེ་ཚད་ཉུང་དྲགས་པའི་རྐྱེན་གྱིས་བྱིས་པ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་གཏན་འབེབ་བྱས་ཡོད་པ་མ་ཟད། ཕྱི་ལོ ༢༠༡༧ ལོར་ཕྲུ་གུ་གཉིས་སྐྱེས་མཁན་ལ་བྱ་དགའ་སྤྲོད་པའི་སྲིད་ཇུས་ཀྱང་གཏན་འབེབ་ལག་བསྟར་བྱས་ཡོད། ཡིན་ནའང་། སྲིད་བྱུས་དེས་ཕན་ཐོགས་མ་བྱུང་བར་བརྟེན། ཕྱི་ལོ་ ༢༠༢༡ ལོ་ནས་བཟུང་བྱིས་པ་ཅི་ཙམ་མང་པོ་སྐྱེས་ཐུབ་ན་དེ་ཚོད་ཀྱིས་ཁྱིམ་ཚང་ལ་རོགས་རམ་དང་བྱིས་པའི་སློབ་ཡོན། འཚོ་བའི་འགྲོ་གྲོན་སོགས་ཀྱི་ཐད་སྲིད་གཞུང་གིས་རོགས་རམ་བྱ་རྒྱུ་ཡིན་པ་གཏན་འབེབ་བྱས་ཡོད་ཀྱང་། ན་གཞོན་ཚོའི་ནང་གཉེན་སྒྲིག་བྱེད་མཁན་ཇེ་ཉུང་དང་། གཉེན་སྒྲིག་གི་ལོ་ཚད་བརྒལ་བ། བྱིས་པ་སྐྱེས་བར་འདོད་མོས་མེད་པ། སྐྱེས་ནའང་གཉིས་ལས་མང་བ་སྐྱེས་འདོད་མེད་པ་སོགས་ཀྱི་རྐྱེན་གྱིས། འདས་ལོ་རྒྱ་ནག་གི་མི་ལོ་ ༦༠ རིང་གི་བྱིས་པ་སྐྱེས་ཚད་ཆེས་དམའ་ཤོས་སུ་གྱུར་ཡོད་འདུག

སྤྱིར་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༧༩ ལོར་མི་འབོར་འཕེལ་ཚད་སྟངས་འཛིན་ཆེད་ཕྲུ་གུ་གཅིག་ལས་སྐྱེ་མི་ཆོག་པའི་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ། སྲིད་ཇུས་དེ་དང་འགལ་མཁན་རྣམས་ལ་ལས་གནས་ནས་ཕུད་པ་དང་། དངུལ་གྱི་ཉེས་ཆད་བཏང་ཡོད་པ་མ་ཟད། སྐྱེས་སྒོ་བཀག་པ་དང་། བཙན་གྱིས་མངལ་ཤོར་དུ་བཅུག་པ་སོགས་ཀྱི་གནད་དོན་མང་པོ་བྱུང་བར་བརྟེན། རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་དང་། རིམ་གྱིས་རྒྱ་ནག་ནང་ངལ་རྩོལ་བའི་ནུས་ཤུགས་ཉམས་ཞན་དུ་གྱུར་བ་དང་། རྒན་མང་གཞོན་ཉུང་གི་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་འབོར་འཕེལ་འགྲིབ་ཀྱི་གྲངས་མཛོད་ལྟར་ན། ཕྱི་ལོ ༡༩༥༠ ལོར་འཛམ་གླིང་ཁྱོན་ཡོངས་སུ་ཉུང་མཐར་མི་འབོར་ཐེར་འབུམ་༢(༢,༥)ལྷག་དང་། ཕྱི་ལོ ༡༩༩༨ ནས་ ༢༠༡༠ བར་མི་འབོར་ཐེར་འབུམ་གཉིས་ལྷག་འཕར་ཡོད་ཅིང་། འདས་ལོའི་ཕྱི་ཟླ་ ༡༡ དཀྱིལ་ཙམ་ནས་འཛམ་གླིང་གི་མི་འབོར་ཐེར་འབུམ་ ༨ ཟིན་ཡོད་ཅིང་། ཨེ་ཤ་ཡའི་མི་འབོར་གྱིས་བརྒྱ་ཆ་ ༥༩།༥  དང་། ཨ་ཧྥི་རི་ཁས་ ༡༧།༢ ཡུ་རོབ། ༩།༦  བྱང་ཨ་མི་རི་ཁས་ ༤།༧  ལེ་ཌན་ཨ་མི་རི་ཁ་དང་ཁེ་རི་བྷིན་(Latin America and the Carribean) གཉིས་ཀྱིས་ ༨།༤།  མཚོ་གླིང་རྒྱལ་ཕྲན་ཁག་གི་མི་འབོར་གྱིས་བརྒྱ་ཆ་ ༠།༥༦ ཟིན་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

UN Human Right
Mobile App

བོད་མི་སྟོང་ཕྲག་མང་པོར་ཆབ་སྲིད་སློབ་གསོ་སྤྲོད་ཀྱི་ཡོད་པའི་བློ་འཚབ་བསྟན།

༢༠༢༣/༠༤/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist