མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲོས་ཚོགས་ཚོགས་དུས་ལྔ་པ་མཇུག་སྒྲིལ་སོང་།

བོད་ཀྱི་དུས་བབ།
༢༠༢༣/༠༣/༢༥
Share on FacebookShare on TwitterShare on EmailShare on Whatsapp

གྲོས་ཚོགས་ཚོགས་དུས་ལྔ་པའི་སྟེང་རྩིས་ལོ་ ༢༠༢༣ དང་ ༢༠༢༤ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་སྔོན་རྩིས་ཧིན་སྒོར་ས་ཡ་ ༣༠༣༤ སྤྱི་མོས་གཏན་འབེབས་གནང་སོང་།

དེ་རིང་ཕྱི་ཚེས་ ༢༥ ཉིན་རྒྱབ་ཆུ་ཚོད་ ༢།༥༠ སྟེང་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པ་མཇུག་སྒྲིལ་སོང་བ་དང་། ཚོགས་ཐོག་ཏུ་གཙོ་བོ་རྩིས་ལོ་ ༢༠༢༣ དང་ ༢༠༢༤ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་སྔོན་རྩིས་མ་དངུལ་ནས་རྒྱུན་གྲོན་དང་དམིགས་བསལ་འགྲོ་འཆར་ཧིན་སྒོར་  ༩༨༦༧༤༩༨༨༢ དང་ཟུར་བཀོལ་རྩིས་ཁོངས་ནས་འགྲོ་འཆར་ཧིན་སྒོར་༢༠༤༧༢༥༦༡༧༣  བཅས་བསྡོམས་ཧིན་སྒོར་ ༣༠༣༤༠༠༦༠༥༥ སྤྱི་མོས་གཏན་འབེབས་གནང་སོང་།

དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་བཅུ་བའི་སྟེང་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་དང་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར། རྩིས་ལོ་གཉིས་ཀྱི་བསྐྱར་བཅོས་གཏོང་ལེན་ཁྲིམས་ཡིག་སོགས་ ༨ ཡོད་པ་ཚང་མ་མང་མོས་དང་སྤྱི་མོས་ཐོག་ནས་གཏན་འབེབས་གནང་སོང་བ་དང་། གྲོས་ཆོད་གྲོས་འཆར་དེ་དག་གི་ཁྲོད། གཅིག་ཚོགས་གཙོ་སྦྲེལ་པོས་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཆེད་ཚོགས་མི་ལྔ་ལས་གྲུབ་པའི་ཆེད་འཛུགས་ཚོགས་ཆུང་ཞིག་བསྐོ་འཛུགས་གནང་སྟེ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་ཁ་མེད་རིགས་དང་དགོས་ངེས་ཅན་གྱི་ཁྲིམས་སྒྲིག་ཁག་ལ་བསྐྱར་བཅོས་བྱས་པའི་ཟིན་བྲིས་ཤིག་གམ་སྙན་ཐོ་ཞིག་ཕྱི་ལོ་ ༢༠༢༤ ཟླ་ ༢ པའི་ཟླ་མཇུག་ཏུ་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་སུ་ཕུལ་ཟིན་པ་དགོས་པའི་གྲོས་ཆོད་ཅིག་མང་མོས་གཏན་འབེབས་དང་།  གཉིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་ཉིད་རང་སྐྱོང་ལྡན་པའི་ཁེ་གཉེར་ཁང་མིང་དོན་མཚུངས་པ་ཞིག་ཏུ་བསྒྱུར་རྒྱུའི་འཇུག་སྐྱོང་ལས་དོན་བྱེད་སྒོ་རྣམས་འཕྲལ་མྱུར་ལག་བསྟར་དགོས་རྒྱུ་དང་། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཁེ་གཉེར་ལས་དོན་ལག་བསྟར་ཞུ་སྐབས་ལོ་རེའི་ལས་བསྡོམས་འགོད་འབུལ་དང་། བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ཞིབ་ལས་ཁང་ནས་རྩིས་ཁྲར་ཞིབ་འཇུག་བྱ་དགོས་པའི་གྲོས་ཆོད་མང་མོས་གཏན་འབེབས། དེ་བཞིན་བཙན་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན། བོད་མིའི་དང་བླངས་དཔྱ་དངུལ་དང་བསྡུ་དངུལ་གཞན་དག་གི་འབུལ་འབབ་ཁྲིམས་སོགས་འདུག

མཇུག་ཏུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཚོགས་འདུ་མཇུག་སྒྲིལ་བའི་གསུང་བཤད་གནང་སྐབས། སྐབས་༡༧ བའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ ༥་བའི་ནང་དུ་སྤྱི་ཟུར་བདུད་འདུལ་སྤྲུལ་སྐུ་རིན་པོ་ཆེར་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གཅིག་དང་། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་དང་། བོད་ནང་གི་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཆེད་དང་། བོད་ཀྱི་བདེན་པའི་འཐབ་རྩོད་ཀྱི་ཁ་ཕྱོགས་མུ་མཐུད་དུ་རྒྱུན་བསྲིངས་བྱེད་ཆེད་རྒྱལ་སྤྱིའི་ཐོག་དང་། བོད་རྒྱའི་དཀའ་རྙོག་སེལ་བའི་གྲོས་ཆོད་དོན་ཚན་དྲུག་བཞག་ཡོད་ཅིང་། གྲོས་ཆོད་དེ་དག་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་བྱས་པ་དེས་བོད་གཞིས་བྱེས་གཉིས་ཀྱི་གནས་སྟངས་དང་། རྒྱལ་སྤྱིའི་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་ཡོད་མེད་ཤེས་རྟོགས་བྱུང་ཐུབ་པའི་སྐོར་སོགས་གསུངས་སོང་།

ཡང་ཚོགས་གཙོ་མཆོག་གིས། ད་རེས་གྲོས་ཚོགས་ཀྱི་དུས་ཚོད་མང་ཆེ་བ་རྩིས་ལོ་ ༢༠༢༣ དང་ ༢༠༢༤ ཡི་སྔོན་རྩིས་གཏན་འབེབས་ཐོག་རེད། དེའི་ཐོག་དཔལ་ལྡན་དཔལ་འབྱོར་བཀའ་བློན་ཆེན་མཆོག་གི་སྔོན་རྩིས་གསུང་བཤད་དང་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་རེད། ནམ་རྒྱུན་སྔོན་རྩིས་སྤྱི་ཡོངས་ཀྱི་ཐོག་སྤྱི་འཐུས་རེ་གཉིས་ལས་བགྲོ་གླེང་གནང་མཁན་མེད་ཀྱང་། ད་རེས་སྤྱི་འཐུས་མང་པོས་ཆ་ཤས་བླངས་ཏེ་དུས་ཚོད་ཀྱང་སྟངས་འཛིན་བྱེད་མི་ཐུབ་པའི་གནས་སྟངས་བྱུང་བ་དང་། དཔེར་ན་སྔོན་མ་བཀའ་དྲུང་ཡིག་ཚང་གི་ལས་དོན་བྱེད་ཕྱོགས་ཐོག་བགྲོ་གླེང་བྱེད་མཁན་མེད་ཀྱང་། ད་ལྟ་ལྷན་ཁང་གཅིག་ནང་ལྟར་གྱི་གསལ་བཤད་ལན་འདེབས་བྱས་ཏེ་འགྲོ་དགོས་པའི་གནས་སྟངས་བྱུང་གི་འདུག་པ་སོགས་ཀྱི་ཐད་ཚོགས་གཙོ་སྤྲེལ་པོ་གཉིས་ལ་ཚོད་མི་ཐིག་པའི་གནས་སྟངས་ཤིག་ཡིན་སྐོར་དང་ ད་རེས་སྔོན་རྩིས་གཏན་འབེབས་སྤྱི་ཡོངས་ཀྱི་ཐོག་ནས་སོང་གི་འབབ་ཧིན་སྒོར་ས་ཡ་ ༣༠༣༤ གཏན་འབེབས་བཀའ་འཁྲོལ་ཐོབ་པ་བཞིན། འབྲེལ་ཡོད་དཔལ་འབྱོར་བཀའ་བློན་མཆོག་གིས་སྣེ་འཁྲིད་པའི་ལྷན་ཁང་དང་ཁྱབ་ཁོངས་ལས་བྱེད་རྣམས་ནས་འགན་འཁུར་ཞུ་བཞིན་ཡོད་པ་ལྟར་ལས་དོན་གང་ཞིག་བསྒྲུབ་རུང་འགན་འགྲུབ་པ་དང་སྲི་ཚགས་བྱེད་པ་སོགས་དོན་ཕན་ལྡན་པ་ཡོང་བ་བྱེད་གལ་ཆེ་སྐོར་དང་། དེ་བཞིན་གྲོས་ཚོགས་ཀྱི་ལས་རིམ་འགྲོ་བཞིན་པའི་སྐབས་སུ། གྲོས་ཚོགས་ནང་གོ་ནོར་ཐེབས་ནས་ཚིག་མཐོ་དམན་ཤོར་གྱི་ཡོད་པ་དང་མ་འོངས་པར་གྲོས་ཚོགས་ནང་ཆ་ཤས་བཞེས་སྐབས་ཚིག་དེའི་རིགས་མི་ཡོང་བར་དགོངས་པ་བཞེས་གལ་ཆེ་བ་དང་། ལྷག་པར་དུ་སྤྱི་འཐུས་རྣམས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་ཁྲིམས་སྒྲིག་གི་ཐོག་དོ་སྣང་བྱེད་རྒྱུ་ཧ་ཅང་གལ་ཆེ་སྐོར་སོགས་གསུངས་སོང་།

༧གོང་ས་མཆོག་གི་སྐུའི་ཡང་སྲིད་དང་འབྲེལ་བའི་སྐོར་ལ་ཁོང་གིས། ༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་ནི་ཆོས་ཕྱོགས་ཀྱི་སྲོལ་རྒྱུན་ལམ་ལུགས་བཞིན་འགྲོ་དགོས་པ་མ་ཟད། ཕྱི་ལོ་༡༩༦༩ དང་ ཕྱི་ལོ་ ༢༠༡༡ ལོར་༧གོང་ས་མཆོག་ནས་ཡོངས་ཁྱབ་གསལ་བསྒྲགས་བྱས་ཅིང་།  ཡང་སྲིད་ཀྱི་ལས་དོན་ཐད་༧སྐུ་འཚོ་བཞུགས་སྐབས་སུ་གསལ་བོར་ཆགས་ངེས་ན། གཞིས་བྱེས་གཉིས་ཀྱི་བོད་མི་ཡོངས་ནས་བཀའ་དེ་བཞིན་ཐག་གཅོད་རྒྱུན་འཁྱོངས་བྱེད་དགོས་པ་གལ་ཆེན་ཡིན་པ་ལས། རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་ཉམས་ཞིབ་པ་ཚོས་ཞིབ་འཇུག་བྱས་ནས་འབྲས་བུ་ལེགས་པོ་ཞིག་འབྱུང་བར་འདོད་ཀྱི་མེད་ཀྱང་། ད་ལྟ་༧གོང་ས་མཆོག་ཞལ་བཞུགས་པའི་སྐབས་སུ་གང་གསུངས་བའི་ཐག་གཅོད་ལ་འཛམ་གླིང་སྤྱི་དང་། སྒོས་སུ་རྒྱ་བོད་ཧོར་གསུམ་གྱི་ནང་པ་ཡོངས་ནས་ཡིད་གཉིས་ཐེ་ཚོམ་མེད་པའི་ཐོག་བསྐྱོད་རྒྱུ་ལས། རྒྱ་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོར་བེད་སྤྱོད་བྱས་ཏེ་དེ་འབྲེལ་ཚོགས་ཆུང་འཛུགས་བཞིན་ཡོད་པའི་གནས་ཚུལ་ཡོད་མོད། ང་ཚོའི་ལས་དོན་བྱེད་ཕྱོགས་ཁག་བསམ་ཞིབ་གང་ལེགས་ཀྱི་ཐོག་ནས་གྲ་སྒྲིག་བྱེད་དགོས་སྐོར་གསུངས་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་མཛད་སྒོའི་ཐོག་ཆིབས་བསྒྱུར་བསྐྱངས་ཏེ་བླང་དོར་བཀའ་སློབ་བསྩལ། པར་བོད་ཀྱི་དུས་བབ། ༢༠༢༣།༡༠།༢༦
Mobile App

དབུ་དགེ་དམ་པའི་དམིགས་ཡུལ་ནང་བཞིན་སློབ་གཉེར་བ་རྣམས་ཀྱིས་སློབ་སྦྱོང་བྱས་པའི་དོན་དག་འགྲུབ་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས།

༢༠༢༣/༡༠/༢༦
བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་བཅར་འདྲིར་ལན་འདེབས་གནང་བཞིན་པ། ༢༠༢༣།༩།༢༧ དུས་བབ་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་ནས་གཞི་རིམ་མི་མང་ལས་འགུལ་བར་ཐུག་འཕྲད་གནང་།

༢༠༢༣/༠༩/༢༧
Deputy Speaker Dolma Tsering Teykhang Attends IPAC Prague Summit 2023
Mobile App

སྤྱི་འཐུས་ཚོགས་གཞོན་མཆོག་གིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ལྷན་ཚོགས་སུ་བོད་དོན་གསུང་བཤད་གནང་།  

༢༠༢༣/༠༩/༠༨
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་རྣམ་གཉིས་ནས་ཁེ་ན་ཌའི་
Mobile App

ཁེ་ན་ཌའི་ཁྲིམས་དོན་བློན་ཆེན་དང་ཁྲིམས་དོན་སྤྱི་ཁྱབ་གསར་པར་འཚམས་འདྲི་ཞུས།

༢༠༢༣/༠༧/༢༩
སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག སྤྱི་འཐུས་ལྷན་ཚོགས་ཀྱི་ཐད་གཏོང་ནས་བླངས།
Mobile App

ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ལ་རྒྱབ་སྐྱོར་ཐོབ་མ་སོང་།

༢༠༢༣/༠༣/༢༣
གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་བདུན་པའི་ཐོག་དཔལ་འབྱོར་བཀའ་བློན་མཆོག་ནས་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་བཏོན། ༢༠༢༣།༠༣།༢༢
Mobile App

བཙན་བྱོལ་བོད་མིའི་དཔྱ་དངུལ་འབུལ་ཆད་རྣམས་བརྒྱ་ཆ་ ༩༠ ཆག་ཡང་བཏང་འདུག

༢༠༢༣/༠༣/༢༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese