མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདས་ལོ་ནི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་ཛ་དྲག་གི་ལོ་ཞིག་ཡིན།

བོད་ཀྱི་དུས་བབ།
༢༠༢༣/༠༣/༢༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཕྱི་ལོ་ ༢༠༢༢ ལོ་ནི་ཉེ་དུས་ཀྱི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཆེ་ཤོས་སུ་ལྷུང་བའི་དུས་སྐབས་ཤིག་ཡིན་པའི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་ཡོད་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ལོ་འཁོར་སྙན་ཐོ་འདོན་སྤེལ་བྱས། ༢༠༢༣།༠༣།༢༨

སྙན་ཐོའི་ནང་། ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་གཞུང་གིས་རིམས་ནད་གཙང་དག་གི་སྲིད་ཇུས་ཟེར་བ་ལག་བསྟར་གྱིས་སྔར་ལས་ལྷག་པའི་དམ་དྲག་ཚོད་མེད་བྱས་ཏེ། བོད་མི་གཙོས་རྒྱ་ནག་གི་དབང་འོག་ཏུ་གནས་པའི་མི་མང་ས་ཡ་མང་པོར་དཀའ་སྡུག་ཚད་མེད་སྤྲད་པ་སོགས་ལ་བརྟེན་ནས་ལོ་དེ་ནི་ཉེ་བའི་དུས་ཀྱི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནསསྟངས་ཛ་དྲག་ཆེ་ཤོས་སུ་ལྷུང་བའི་དུས་ཚོད་ཅིག་ཏུ་གྱུར་ཡོད་སྐོར་དང་། རྒྱ་གཞུང་གིས་རང་དབང་ལུང་པ་སོགས་རྒྱལ་ཁབ་གཞན་དུ་གནས་པའི་བོད་མི་རྣམས་ཀྱི་བྱ་སྤྱོད་ལ་སྟངས་འཛིན་བྱ་བར་དམིགས་ནས་ལོ་མང་རིང་རྒྱུན་སྐྱོང་བྱས་པའི་རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན་གྱི་ལས་འགུལ་དེའི་འོག་ནས་དམར་ཤོག་ཚོགས་པའི་གདུག་རྩུབ་ཆེ་བའི་སྲིད་ཇུས་ཐེར་འདོན་བྱེད་མཁན་གྱི་བཙན་བྱོལ་བོད་མི་ལས་འགུལ་བ་མང་དག་ཅིག་ལ་གནོན་ཤུགས་སྤྲོད་བཞིན་ཡོད་པ་མ་ཟད། ལྷག་པར་དུ་བོད་ནང་དུ་ཕ་མ་དང་ཉེ་འབྲེལ་ཡོད་མཁན་ཚོར་དངོས་ཤུགས་བརྒྱུད་གསུམ་གྱི་ལམ་ནས་དམ་དྲག་བྱེད་ཐབས་བྱེད་བཞིན་ཡོད་སྐོར་དང་། བོད་ནང་གི་ཛ་དྲག་གནས་ཚུལ་རྒྱུས་ལོན་ཐུབ་མཁན་ཡག་ཤོས་ཤིག་ནི་བཙན་བྱོལ་དུ་གནས་པའི་བོད་མི་ཚོ་ཡིན་པར་བརྟེན། བོད་ནང་གི་དངོས་ཡོད་གནས་སྟངས་ཕྱིར་བསྒྲགས་མི་འགྲོ་བའི་ཆེད་དུ་རྒྱ་ནག་གཞུང་གིས་གཞིས་བྱེས་བོད་མིའི་བར་གྱི་འབྲེལ་ལམ་གཅོད་པར་འབད་བརྩོན་སྣ་ཚོགས་བྱས་དང་བྱེད་མུས་ཡིན་སྐོར་སོགས་བརྗོད་འདུག

འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ལུང་རྟོགས་ལགས་ཀྱིས། བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་སུ་རྒྱ་གཞུང་གིས་བོད་མི་སྐྱ་སེར་ཕོ་མོ་རྒན་གཞོན་དབྱེར་མེད་ས་ཡ་དུ་མའི་རིགས་རྫས་ (DNA) འདོད་མོས་ཡོད་མེད་ལ་མ་ལྟོས་པར་བཙན་གྱིས་བསྡུ་ལེན་བྱས་ཡོད་པའི་གནས་ཚུལ་གསལ་རྟོགས་བྱུང་ཡོད། རིགས་རྫས་ཕོན་ཆེན་བསྡུ་ལེན་བྱེད་པ་དེ་ནི་དུས་རྒྱུན་དྲ་ཐོག་ཏུ་སོ་ཉུལ་བྱེད་པ་དང་ས་གང་སར་གློག་མིག་བཙུགས་པ། ཁང་ཁྱིམ་དང་འགག་སྒོ་སོགས་ནས་སྔོག་བཤེར་བྱེད་པ་བཅས་ཀྱི་ལམ་ནས་མི་མང་གི་འགྲོ་འདུག་སྤྱོད་གསུམ་ཡོད་ཚད་རྒྱ་གཞུང་གི་དོ་དམ་འོག་བཅུག་ཐབས་བྱེད་པ་དང་། རྒྱ་གཞུང་ངན་ཇུས་ཐེར་འདོན་བྱེད་མཁན་གྱི་བོད་མི་ཚོར་སྔར་ལས་ལྷག་པའི་དྲག་གནོན་བྱ་བར་དམིགས་ནས་བཙུགས་པའི་དམ་དྲག་བྱེད་ཐབས་དེ་ཡི་ཆ་ཤས་གསར་པ་ཞིག་རེད། ཅེས་བརྗོད་ཡོད་འདུག

ཉམས་ཞིབ་པ་ཉི་མ་འོད་ཟེར་ལགས་ཀྱིས། རྒྱ་ནག་གིས་རྟག་ཏུ་རང་ཉིད་འཛམ་གླིང་གི་སྣེ་འདྲེན་རྒྱལ་ཁབ་ཅིག་ཡིན་པའི་སྤོབས་པ་བྱེད་ཀྱི་ཡོད་ཀྱང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་བཞིན་པའི་གནད་དོན་འདི་མ་སེལ་བར་དུ་རྒྱ་ནག་ནམ་ཡང་རྒྱལ་སྤྱིའི་སྣེ་འདྲེན་རྒྱལ་ཁབ་ཅིག་ལ་འགྱུར་ཐབས་མེད། དེར་བརྟེན་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྤྱི་ཆིངས་ཁག་གིས་བཅོལ་བའི་འོས་འགན་ལྟར་བོད་མི་ཚོ་གཙོས་པའི་དབང་འོག་གི་མི་ཐམས་ཅད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚུལ་བཞིན་འགན་སྲུང་བྱ་དགོས་ཤིང་། སྙན་ཐོ་འདིའི་བརྒྱུད་ནས་ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་དང་རྒྱ་ནག་གཞུང་གཉིས་ཀར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་ཐབས་ཀྱི་སྐུལ་འདེབས་ཞུས་ཡོད་པ་རྣམས་གང་མགྱོགས་དངོས་སུ་ལག་བསྟར་ཐུབ་པ་བྱ་དགོས། ཞེས་བརྗོད་ཡོད་འདུག

རྒྱ་གཞུང་གིས་བོད་ནང་དུ་རིག་གཞུང་བཙན་བསྒྱུར་གྱི་སྲིད་ཇུས་རྒྱ་བསྐྱེད་བྱས་པ་བརྒྱུད། བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཐོབ་ཐང་ལའང་རྩིས་མེད་རྡོག་རོལ་ཆེས་ཆེར་བཏང་ཡོད་ཅིང་། བོད་ནང་གི་ཤེས་ཡོན་གྱི་ལམ་ལུགས་ཡོངས་རྫོགས་རྒྱ་གཞུང་གི་སྟངས་འཛིན་འོག་ཏུ་བཅུག་པ་དང་། སློབ་གྲྭ་ཁག་གི་བསླབ་གཞིའི་སྐད་ཡིག་རྒྱ་ཡིག་ཏུ་བསྒྱུར་བ། བོད་ཀྱི་སྒེར་གཉེར་སློབ་གྲྭ་མང་དག་ཅིག་སྒོ་བརྒྱབ་པ་དང་། ཁ་ཤས་ཐད་ཀར་གཞུང་གི་སྟངས་འཛིན་འོག་ཏུ་བཅུག་པ་སོགས་བྱས་ཏེ་བོད་མིའི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཐོབ་ཐང་སོགས་ལ་རྡོག་རོལ་སྔར་ལས་ལྷག་པའི་བཏང་ཡོད་པ་རེད། ད་དུང་རྒྱ་གཞུང་གིས་གསར་དུ་གཏན་འབེབས་དང་ལག་བསྟར་བྱས་པའི་ཆོས་ལུགས་དང་འབྲེལ་བའི་སྒྲིག་གཞི་གསར་པས་དྲ་ལམ་གྱི་ཆོས་ལུགས་ལས་དོན་སྤེལ་བར་གཞུང་གི་ཆོག་མཆན་དགོས་པ་དང་། ཆོག་མཆན་མ་ཐོབ་པ་ཡིན་ན་ཁྲིམས་འགལ་དུ་འགྱུར་བའི་ཚད་བཀག་བཟོས་ཏེ་ཆོས་ལུགས་དད་མོས་དང་ཆོས་ལུགས་འཆད་ཁྲིད་ཀྱི་སྨྲ་བརྗོད་རང་དབང་ལ་སྔར་ལས་ལྷག་པའི་རྡོག་རོལ་བཏང་བའི་གནས་ཚུལ་གསལ་འདོན་བྱུང་ཡོད་འདུག

བོད་མི་མང་པོར་རང་གི་ཆོས་ལུགས་ཉམས་ལེན་ཚུལ་བཞིན་བྱ་རྒྱུའི་ཐོབ་ཐང་མི་སྤྲོད་པ་དང་། བོད་ཀྱི་ཤེས་ལྡན་མི་སྣར་ཉེས་མིང་འདྲ་མིན་བཀལ་ནས་བཙོན་འཇུག་ཁྲིམས་ཆད་ཤིན་ཏུ་ལྕི་མོ་གཏོང་བཞིན་འདུག རྒྱའི་བཀག་ཉར་ཁང་དང་བཙོན་ཁང་སོགས་སུ་བོད་ཀྱི་ཆབ་སྲིད་བཙོན་པ་ཚོར་རྡུང་རྡེག་མནར་གཅོད་དྲག་པོ་བཏང་བའི་རྐྱེན་གྱིས་ཚེ་སྲོག་ཤོར་བའི་གནས་ཚུལ་ཡང་མི་ཉུང་བ་ཞིག་བྱུང་ཡོད་ཅིང་། འཇུ་བཟུང་བཀག་ཉར་འོག་ཏུ་ལུས་མཁན་ཚོར་དྲང་བདེན་གྱི་ཁྲིམས་བཤེར་སོགས་བཙོན་པའི་གཞི་རྩའི་ཐོབ་ཐང་དག་ཀྱང་རག་གི་མེད་པའི་གནད་དོན་མུ་མཐུད་དུ་བྱུང་དང་འབྱུང་མུས་ཡིན་པ་རེད། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཕྱོགས་ཡོངས་ནས་ཛ་དྲག་ཇེ་ཆེར་འགྲོ་བཞིན་པར་བརྟེན། ཕྱི་ལོ་ ༢༠༢༢ ལོར་སླར་ཡང་བོད་མི་གསུམ་གྱིས་བོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་དང་ཉེ་བའི་མཚམས་སུ་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

New Zealand National Party leader and Prime Minister-elect Christopher Luxon speaks to supporters at a party event in Auckland, on October 14, 203. Photo Credit: AP
Mobile App

ནེའུ་ཛེ་ལན་གྱི་སྲིད་བློན་ལ་བོད་དོན་གླེང་སློང་དགོས་པའི་འབོད་སྐུལ་ཞུས།

༢༠༢༤/༠༦/༡༡
US Secretary of State Antony Blinken at Freedom House’s annual Freedom Awards on May 9, 2023.
Mobile App

ཨ་རིའི་ཕྱི་སྲིད་བློན་ཆེན་མཆོག་ནས་བོད་མིའི་རིགས་རྫས་བསྡུ་རུབ་ལ་ཐུགས་འཚབ་ཡོད་སྐོར་གསུངས།

༢༠༢༣/༠༥/༡༡
Mobile App

ཨ་རིའི་གྲོས་ཚོགས་སུ་བོད་དོན་ཉན་ཞིབ་ཀྱི་ཚོགས་འདུ་འཚོགས།

༢༠༢༣/༠༣/༢༩
Uncategorized

དྷ་སར་གསུམ་བཅུའི་དུས་དྲན་ཐེངས་ ༦༤ པ་སྲུང་གཙི་གནང་།

༢༠༢༣/༠༣/༡༠
Mobile App

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བློ་འཚབ་ཡོད།

༢༠༢༣/༠༣/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese