མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཨ་རིའི་གྲོས་ཚོགས་སུ་བོད་དོན་ཉན་ཞིབ་ཀྱི་ཚོགས་འདུ་འཚོགས།

བོད་ཀྱི་དུས་བབ།
༢༠༢༣/༠༣/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གྲོས་ཚོགས་སུ་བོད་དོན་ཉན་ཞིབ་ཀྱི་ཚོགས་འདུའི་སྐབས་བོད་དོན་འབྲེལ་མཐུད་པ་ལྕམ་ཨ་ཛ་ར་ཛེ་ཡ་མཆོག་གིས་ཨ་རིས་མུ་མཐུད་བོད་དོན་རྒྱབ་སྐྱོར་གནང་བའི་ཆོད་སེམས་སྔར་ལྷག་བརྟན་པོ་ཡོད་སྐོར་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་ ༢༧ ནས་ ༢༨ བར་ཉིན་གཉིས་རིང་བོད་མིའི་སྒྲིག་འཛུགས་ཀྱི་གཙོས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང་བོད་དོན་རྒྱབ་སྐྱོར་བ་དང་བོད་མི་སྒེར་བ་སོགས་ནས་ཨ་རིའི་གྲོས་ཚོགས་དང་རྒྱལ་ཡོངས་སུ་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་མུས་ཡིན་པ་ལྟར། ཁ་སང་ཕྱི་ཚེས་ ༢༨ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་དུ་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་གོ་སྒྲིག་འོག ཚོགས་ཆུང་དེའི ་ཚོགས་གཙོ་སྐུ་ཞབས་  (Jeff Merkley) ལགས་དང་ཚོགས་མི་སྐུ་ཞབས་ (Chris Smith) ལགས་ཀྱི་གཙོ་སྐྱོང་གནང་ཞིང་། ཨ་རིའི་རྒྱལ་སྲིད་ལྷན་ཁང་གི་གནད་ཡོད་མི་སྣ་སོགས་འཛོམས་པའི་ཐོག  རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་ཕྱིད་སུབ་དང་མི་རིགས་རྩ་གཏོར། ཨ་རིར་གནས་པའི་བོད་མི་རྣམས་ལ་བཙན་སྐུལ་བྱེད་བཞིན་པ་ཞེས་པའི་བརྗོད་གཞིའི་ཐོག་ཉན་ཞིབ་འཚོགས་ཡོད་པ་དང་། ཉན་ཞིབ་ཚོགས་འདུ་དེའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་རི་ཆཌ་གྷེ་རི་ (Richard Gere) ལགས། བོད་དོན་ལས་འགུལ་ལྟེ་གནས་ཁང་གི་འགན་འཛིན་ལྷ་སྒྲོན་བཀྲས་མཐོང་ལགས་དང་ཉམས་ཞིབ་པ་དང་ཇུས་སྟོན་པ་བསྟན་འཛིན་རྡོ་རྗེ་ལགས་བཅས་ནས་དཔང་མི་གནང་བ་དང་། ཉན་ཞིབ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨ་ཛ་ར་ཛེ་ཡ་མཆོག་དྲ་ལམ་བརྒྱུད་མཉམ་ཞུགས་གནང་། གཞན་ཡང་ཡུལ་དངོས་སུ་བྱང་ཨ་རི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་ལགས་དང་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་སོགས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་འཛོམས་འདུག

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨ་ཛ་ར་ཛེ་ཡ་མཆོག་གིས། ང་ཚོ་དེ་རིང་འདིར་བོད་ནང་གི་ཆེས་ཛ་དྲག་པའི་གནད་དོན་ཞིག་གི་སླད་དུ་འཛོམས་ཡོད་ཅིང་། རྒྱ་ནག་གཞུང་གིས་བོད་མི་ས་ཡ་དྲུག་རྩ་གཏོར་གཏོང་བའི་སྲིད་ཇུས་གཏིང་ནས། བོད་ཀྱི་ཆོས་ལུགས་དང་། རིག་གཞུང་། སྐད་ཡིག གནའ་ཤུལ་སོགས་རྩ་མེད་གཏོང་མུས་ཡིན་པ་རེད། ཉེ་ཆར་ཨ་རིའི་གཞུང་གིས་བཏོན་པའི་སྙན་ཐོར་གཞིགས་ན། རྒྱ་ནག་གཞུང་གིས་བོད་ཕྲུག་མང་པོ་ཞིག་རྒྱ་ནག་གི་བཅའ་སྡོད་སློབ་གྲྭར་མངག་གཏོང་དང་། བོད་མི་མང་པོ་ཞིག་གི་རིགས་རྫས་(DNA) བསྡུ་རུབ་བྱེད་ཀྱི་ཡོད་ཅིང་། སྲིད་ཇུས་དེ་དག་ནི་གྲངས་ཉུང་མི་རིགས་དང་ཆོས་ལུགས་ལ་དམིགས་འབེན་བཟུང་ཞིང་། གཞི་རྒྱ་ཆེ་བའི་རྒྱ་ནག་གི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་ཁྱད་གསོད་དང་འགྱུར་བཅོས་གཏོང་ཐབས། དེ་བཞིན་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་སོགས་ལག་བསྟར་བྱེད་ཐབས་ཀྱི་ཆ་ཤས་ཤིག་ཡིན་པ་རེད། ང་ཚོའི་འཛིན་སྐྱོང་འདིས་རྒྱ་ནག་གཞུང་དང་ལྷན་དུ་བོད་ཀྱི་གནད་དོན་ཁག་གླེང་སློང་བྱ་རྒྱུ་ཡིན་པ་མ་ཟད།  རྒྱལ་སྤྱིའི་སྲིད་གཞུང་ཁག་དང་མཉམ་ལས་རོགས་ཚོགས་ཁག་བརྒྱུད། རྒྱ་ནག་གཞུང་གིས་བོད་ནང་དང་ས་གནས་གཞན་གང་དུའང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་སོགས་ཀྱི་འགན་འཁུར་དང་ལེན་བྱེད་དུ་འཇུག་རྒྱུ་ཡིན། ང་རང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་ཡིན་པའི་ཆ་ནས།  ཨ་རིའི་གྲོས་ཚོགས་དང་གཞུང་གི་བོད་དོན་དང་འབྲེལ་བའི་ལས་དོན་སོགས་ཀྱི་ཐོག་གང་ཡོང་མཉམ་ལས་མཐུན་འགྱུར་ཞུས་ཏེ་མུ་མཐུད་བོད་དོན་ལ་རྒྱབ་སྐྱོར་དང་རོགས་འདེགས་བྱེད་པའི་ཆོད་སེམས་བརྟན་པོ་ཡོད། ཅེས་གསུངས་སོང་།

སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ལམ་སྟོན་གནང་བའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་ཐོག་ཤར་སྐྱོད་བྱེད་ཀྱི་ཡོད་ཅིང་། སྲིད་ཇུས་དེ་ནི་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་བའི་གཉིས་ཕན་གྱི་འཚེ་མེད་ཞི་བའི་ལམ་ཞིག་མོད། ཕྱི་ལོ་ ༢༠༡༠ ནས་བོད་རྒྱ་ཞི་མོལ་གྱི་འབྲེལ་བ་དེ་ཆད་ནས་ཡུན་རིང་ཕྱིན་ནའང་། ང་ཚོས་བོད་རྒྱ་ཞི་མོལ་ཐད་བཟང་ཕྱོགས་ནས་རེ་བ་བཅངས་མུས་ཡིན། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་པ་དང་། ཉམས་ཞིབ་པ་སོགས་ཀྱིས་ཞིབ་འཇུག་བྱས་པ་བརྒྱུད། རྒྱ་ནག་གཞུང་གིས་སྐད་ཡིག་གཅིག་དང་། རྒྱལ་ཁབ་གཅིག རིག་གཞུང་གཅིག ཆོས་ལུགས་གཅིག་གི་སྲིད་ཇུས་ཀྱི་འོག་ནས་བཙན་གྱིས་བོད་དང་གྲངས་ཉུང་མི་རིགས་ཀྱི་ངོ་བོ་སོགས་རྩ་མེད་གཏོང་ཐབས་བྱེད་མུས་ཡིན་པར་གསལ་སྟོན་བྱས་ཡོད་པ་མ་ཟད། རང་དབང་ཁང་པས་  (Freedom house ) ཀྱང་བོད་དེ་ཕྱི་ལོ་ ༢༠༢༣  ལོའི་འཛམ་གླིང་གི་རང་དབང་ཆེས་སྡུག་ཤོས་ཀྱི་རྒྱལ་ཁབ་ཏུ་ངོས་འཛིན་བྱས་ཡོད་ཀྱང་། ང་ཚོས་རྒྱུན་དུ་བོད་ནང་གི་དངོས་ཡོད་ཀྱི་གནས་སྟངས་ཤེས་རྟོགས་བྱུང་དཀའ་བའི་རྒྱུ་མཚན་ནི། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་རྣམས་ལ་བརྙན་མིག་སོགས་བརྒྱུད་ལྟ་སྲུང་དང་སོ་ཉུལ་བྱས་པ་དང་།  རྒྱ་ནག་གཞུང་གིས་བོད་ས་ཡོངས་ལ་སྒོ་རྒྱ་བསྡམས་ནས་ཕྱི་ནང་གི་གནས་ཚུལ་མང་པོ་ཞིག་ཤེས་རྟོགས་མེད་པར་གྱུར་ཡོད་ལ། བོད་ནང་གི་ཤེས་ཡོན་པ་དང་ཁོར་ཡུག་སྲུང་སྐྱོབ་པ། སློབ་གསོ་བ་སོགས་གང་བྱུང་འཛིན་བཟུང་བཀག་ཉར་བྱས་ཏེ། འབུར་འཇོམས་སུ་གཏོང་མུས་ཡིན་པ་མ་ཟད། ཕྱི་ལོ་ ༢༠༠༩ ནས་བཟུང་བོད་མི་ ༡༥༧ ལྷག་གིས་རང་ལུས་མེར་བསྲེགས་ནས་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་བོད་ནང་གི་དངོས་ཡོད་ཀྱི་གནས་བབ་ལ་གཟིགས་ཞིབ་དང་མྱུར་སྐྱོབ་བྱ་རྒྱུར་རེ་བ་བཅངས་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་བོད་ཀྱི་སྤྲུལ་སྐུ་ངོས་འཛིན་བྱ་རྒྱུའི་བདག་དབང་དང་ལམ་ལུགས་སོགས་བདག་བཟུང་བྱས་ཏེ། བོད་ཀྱི་སྤྲུལ་སྐུ་དང་བླ་མ་སོགས་ཀྱི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ལ་ཐེ་ཇུས་བྱེད་མགོ་བཙུགས་ཡོད་སྐོར་སོགས་གསུངས་སོང་།

ཡང་སྲིད་སྐྱོང་མཆོག་གིས། རྒྱ་ནག་གཞུང་གིས་བོད་མི་མང་པོ་ཞིག་རྒྱ་ནག་གི་རང་སྐྱོང་ས་ཚིགས་ཁག་དང་། བོད་ནང་གི་ས་གནས་ཁག་ཏུ་བཙན་གྱིས་གནས་སྤོར་བྱེད་དུ་འཇུག་གི་ཡོད་པ་དང་། ལྷག་པར་བོད་ཀྱི་ན་གཞོན་མང་པོ་ཞིག་བཙན་གྱིས་རྒྱ་ནག་ཏུ་མངག་གཏོང་བྱེད་ཀྱི་ཡོད་སྐོར་དང་། ཕྱི་ལོ་ ༢༠༠༠ ཙམ་ནས་རྒྱ་ནག་གཞུང་གིས་བོད་ཀྱི་རང་བྱུང་ཁོར་ཡུག་གཏོར་བརླག་དང་། ཚད་ལས་ལྷག་པའི་ཆུ་མཛོད་གསར་རྒྱག མེ་འཁོར་དང་གནམ་གྲུ་འབབ་ཚུགས་སོགས་གསར་འཛུགས་བྱས་ཏེ། བོད་ཀྱི་རང་བྱུང་ཁོར་ཡུག་ལ་གཏོར་བརླག་ཚད་མེད་བཏང་ཡོད་པ་དང་། ཨེ་ཤ་ཡའི་རྒྱུག་ཆུ་མང་པོ་ཞིག་བོད་མཐོ་སྒང་གི་འཁྱག་རོམ་སོགས་ལ་བརྟེན་ནས་བཞུར་གྱིན་ཡོད་སྟབས། བོད་ནི་ཨེ་ཤ་ཡའི་ཆུ་མཛོད་དང་། འཛམ་གླིང་གི་སྣེ་མོ་གསུམ་པ་ཡིན་པས། དེ་ནི་བོད་དང་བོད་མིའི་བདེ་སྡུག་ཁོ་ནར་མིན་པར། ཟས་རིགས་དང་། དཔལ་འབྱོར། བོད་མི་གྲངས་ཐེར་འབུམ་གཉིས་ཙམ་གྱིས་ལོངས་སྤྱོད་བྱེད་མུས་ཡིན་པའི་རྒྱུག་ཆུ་ཁག་གི་བདེ་འཇགས་ལ་འབྲེལ་བ་ཡོད་སྐོར། དེ་བཞིན་གྲོས་མོལ་གྱི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དེ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ནང་དུ་གཏན་འབེབས་བྱས་ཏེ། དངོས་སུ་ཨ་རིའི་ཁྲིམས་ལ་འགྱུར་ཐུབ་པའི་སྨོན་འདུན་ཞུ་ཡི་ཡོད་སྐོར་སོགས་གསུངས་སོང་།

སྐུ་ཞབས་རི་ཆཌ་གྷི་རི་ (Richard Gere)་ལགས་ཀྱིས། དེ་རིང་ང་འདིར་ཡོང་དགོས་པའི་དམིགས་ཡུལ་ནི་གསལ་བོ་ཡིན། ང་བོད་པའི་ཆེད་དུ་ཡོང་བ་དང་བོད་རིགས་གཅེན་གཅུང་དག་གི་ཆེད་དུ་ཡོང་བ་ཡིན།  ལོ་ངོ་ ༤༥ ཡར་སྔོན་དུ་ང་བལ་ཡུལ་གྱི་བོད་པའི་སྐྱབས་བཅོལ་སྒར་ཞིག་ཏུ་བསླེབས་པ་དང་། ཁོང་ཚོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱིས་ངའི་ཡིད་དབང་འཕྲོག་སོང་། ངས་ད་བར་ཁོང་ཚོར་རོགས་རམ་ཅུང་ཙམ་བྱེད་ཐུབ་པ་ནི། ཁོང་ཚོས་ང་ལ་འདས་པའི་ལོ་ངོ་ ༤༥ རིང་གནང་བའི་ཆ་ཤས་ཉུང་ཉུང་ཞིག་གི་དྲིན་ལན་མཇལ་བ་ཙམ་ཡིན། དེ་བས་ངས་དེ་རིང་འདིར་ཞུགས་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་ངོ་སྤྲོད་བྱ་རྒྱུ་ཡིན། ཞེས་བརྗོད་པ་དང་བསྟུན། ཉན་ཞིབ་ཁང་དུ་ཡོད་པའི་བོད་མི་རྣམས་ལ་གདོང་གཏད་སོང་།

ཁོང་གིས་མུ་མཐུད་གསུང་དོན། འདས་པའི་ལོ་བཅུ་ཕྲག་མང་པོའི་རིང་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཐོག་བཟུང་བའི་སྲིད་ཇུས་དག་ནི། བཀག་སྡོམ་དང་གཏོར་བཤིག ངོ་བོ་རྩ་བརླག་གཏོང་གི་ཡོད་པ་བཅས་ཡིན། རྒྱ་ནག་གཞུང་གིས་ཤར་ཊུ་ཀི་སི་ཐན་དང་ཡུ་གུར་བ་རྣམས་ཚུད་པའི་བོད་མི་རྣམས་ལ་དམིགས་བསལ་དྲག་གནོན་ཚབས་ཆེན་གཏོང་གི་ཡོད་པ་མ་ཟད། ཁོང་ཚོའི་ནང་མི་ཁ་བྲལ་དང་སྐད་ཡིག་གི་རང་དབང་འཕྲོག་པ། ཆོས་ལུགས་ཀྱི་དགོན་སྡེ་ཁག་དང་ལྟེ་གནས་ཁང་དག་གཏོར་བཤིག་བཏང་བ། རིགས་རྫས་བསྡུ་རུབ་བྱེད་བཞིན་པ། དྲ་ལམ་སོ་ལྟ་ཤུགས་ཆེན་བྱེད་བཞིན་པ་སོགས་རེད། ང་ཚོས་གསལ་བོ་ཤེས་གསལ་ལྟར། རྒྱ་ནག་གི་དྲ་ལམ་སྟངས་འཛིན་གྱི་མ་དངུལ་དམག་མིའི་མ་དངུལ་ལས་ཕོན་ཆེ་བ་ཆགས་ཡོད། ངས་བོད་མི་རིགས་ཀྱི་འཚོ་གནས་ལ་འཇིགས་སྐུལ་ཅི་ཙམ་ཐེབས་ཀྱི་ཡོད་མེད་ཉན་ཞིབ་ལྷན་ཚོགས་ལ་ཞུ་དགོས་དོན་མེད། རྒྱུ་མཚན་ནི། ཁྱེད་ཅག་གིས་ལོ་མང་རིང་རྒྱ་ནག་གི་སྲིད་ཇུས་ཁག་ལ་ཡིད་ཆེས་བྱེད་ཉན་མིན་ང་ལས་ལྷག་གི་ཉམས་མྱོང་ལྡན་པས་ཡིན། རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་ཇུས་ནི་གདུག་རྩུབ་དང་དྲག་པོ། སྲོག་ཐོག་ཁྲིམས་ཆད་སོགས་ཀྱིས་གྲུབ་ཡོད། ཅེས་དང་། ཉེ་ལམ་ཞི་ཅིན་ཕིན་བསྐྱར་དུ་རྒྱ་ནག་དམར་ཤོག་ཚོགས་པའི་མགོ་འཁྲིད་དུ་བདམས་ཐོན་བྱུང་བ་དེ་ནི། རྒྱ་ནག་དམར་ཤོག་ཚོགས་པའི་དམར་གསོད་དང་བཙན་གཡེམ། མནར་གཅོད་དང་རྡུང་རྡེག གང་བྱུང་འཛིན་བཟུང་བཀག་ཉར་དང་བཙན་འཛུལ་གནས་སྤོར་སོགས་ཀྱི་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་པ་ཙམ་མིན་པར་རྒྱ་ཆེ་ས་ནས་ལག་བསྟར་བྱ་རྒྱུ་ཡིན་པར་བསྟན་ཡོད་པ་དང་། ཞི་ཅིན་ཕིན་ཨུ་རུ་སུར་བསྐྱོད་པ་དེས་རྒྱ་ནག་གི་དབང་སྒྱུར་འོག་གནས་པའི་གྲངས་ཉུང་མི་རིགས་ཚང་མར་ཞེད་སྣང་སྐྱེ་བཅུག་ཡོད་སྐོར་དང་། ༧གོང་ས་མཆོག་གིས་ཕྱི་ལོ་ ༡༩༥༠ ཙམ་ནས་རྒྱ་ནག་གཞུང་དང་ལྷན་དུ་གྲོས་མོལ་གྱི་ལམ་ནས་དཀའ་རྙོག་སེལ་ཐབས་ཀྱི་ལམ་ཁ་རིན་ཐང་བྲལ་བ་མང་པོ་བསྟན་པ་དང་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་རག་ཐབས་གནང་བ་མ་ཟད། བོད་མི་ཚོས་རྒྱ་ནག་གི་རྩ་ཁྲིམས་དང་བསྟུན་པའི་གྲོས་མོལ་བྱེད་ཐབས་བྱས་ཀྱང་རྒྱ་མིའི་ཕྱོགས་ནས་ངོས་ལེན་བྱས་མེད་སྐོར། བོད་མི་ཚོས་རང་ཐག་རང་གཅོད་ཀྱི་ལམ་ཁ་ཞིག་འཚོལ་བ་དང་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་བར་ལོ་ངོ་བཅུ་ལྷག་གི་ཡར་སྔོན་ནས་ཆད་པའི་བོད་རྒྱ་གྲོས་མོལ་མུ་མཐུད་བྱ་རྒྱུ་གལ་ཆེན་ཡིན་སྐོར་སོགས་བརྗོད་སོང་།

ལྷ་སྒྲོན་བཀྲས་མཐོང་ལགས་ཀྱིས། དེང་སྐབས་བོད་ཕྱི་ནང་གཉིས་སུ་བོད་མི་གྲངས་ས་ཡ་བདུན་ཙམ་ཡོད་ཀྱང་། རྒྱ་ནག་གཞུང་གིས་བོད་དུ་བོད་མི་གྲངས་ས་ཡ་ ༣།༢  ལས་མེད་པའི་དྲིལ་བསྒྲགས་བྱེད་ཀྱིན་ཡོད་ཅིང་། དེ་ནི་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་བོད་མི་གཅིག་པུའི་གྲངས་འབོར་ལས་ཤོད་ཀྱི་མེད་པ་རེད། བོད་རང་སྐྱོང་ལྗོངས་ནི་བོད་ཀྱི་དབུས་དང་ནུབ་ཕྱོགས་གཅིག་པུ་རེད། རྒྱ་ནག་གཞུང་གིས་བོད་ཀྱི་ཤར་ཕྱོགས་ས་ཆ་ཚང་མར་བཙན་བཟུང་བྱས་ཏེ། རྒྱ་ནག་གི་ཞིང་ཆེན་བཞི་དང་། བོད་རིགས་རང་སྐྱོང་ས་ཚིགས་བཅུ་གཉིས་ཀྱི་ཁོངས་སུ་བཅུག་པ་རེད། མི་ལོ་བདུན་ཅུ་ཙམ་ཞིག་ཏུ་རྒྱ་ནག་གཞུང་གི་མགོ་ཁྲིད་ཚོས། དྲང་བདེན། དངོས་ཡོད་སོགས་ལ་རྒྱབ་འགལ་བྱེད་ཀྱི་ཡོད་པ་མ་ཟད།  ལོ་ངོ་སྟོང་ཕྲག་དུ་མའི་གོང་ནས་ཡོད་པའི་བོད་བརྒྱུད་ནང་བསྟན་སོགས་རྩ་གཏོར་གཏོང་ཐབས་བྱེད་མུས་དང་། འདས་པའི་མི་ལོ་འདི་དག་གི་རིང་ལ་རྒྱ་ནག་གཞུང་གིས་ཐབས་ཇུས་སྣ་མང་བཏོན་ནས། བོད་མི་རྣམས་ལ་ཚད་ལས་འདས་པའི་དྲག་རྒོལ་དང་གཉའ་གནོན་སོགས་བྱས་མཐར། ཞི་ཅིན་ཕིན་གྱིས་བོད་དེ་རྩ་མེད་གཏོང་ཐབས་ཆེས་ཡག་ཤོས་ནི་བོད་པའི་བྱིས་པ་རྣམས་རྨེག་མེད་བཟོ་རྒྱུ་ཡིན་པ་རྟོགས་ཏེ། རྒྱ་ནག་དམར་ཤོག་ཚོགས་པས་བོད་ནང་གི་བྱིས་པ་མང་དག་ཅིག་རང་གི་ཕ་མ་དང་ཁ་བྲལ་དུ་བཅུག་ནས། རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་མངག་གཏོང་བྱས་ཏེ། རིག་གཞུང་གསར་པ་དང་སྐད་ཡིག་གསར་པ། ཆོས་ལུགས་གསར་པ་ཞིག་གི་ནང་དུ་སིམ་བཅུག་གི་ཡོད་པའི་སྐོར་དང་། མི་ལོ་གཅིག་གི་གོང་དུ་བོད་དོན་ལས་འགུལ་བསྟི་གནས་ཁང་གི་སྙན་ཐོ་བཏོན་པའི་ནང་། ཉུང་མཐར་བོད་མདོ་དབུས་ཁམས་གསུམ་གྱི་བྱིས་པ་ཁྲི་བརྒྱད་ཙམ་རྒྱ་ནག་གི་དམའ་འབྲིང་དང་མཐོ་འབྲིང་གི་བཅའ་སྡོད་སློབ་གྲྭ་ཁག་ཏུ་བཅུག་ཡོད་སྐོར་སོགས་བརྗོད་སོང་།

ཡང་ཁོང་གིས། རྒྱ་ནག་དམར་ཤོག་ཚོགས་པས་བོད་ཕྲུག་མང་པོ་ཞིག་ཕ་མ་དང་ཁ་བྲལ་དུ་བཅུག་ནས་བཅའ་སྡོད་སློབ་གྲྭ་ཁག་ཏུ་མངག་གཏོང་བྱས་ཏེ། བོད་ཀྱི་ཆོས་དང་རིག་གཞུང་སོགས་ལ་སྦྱང་བརྩོན་བྱེད་པར་དམ་དྲག་དང་བཀག་སྡོམ་ནན་མོ་བྱེད་ཀྱི་ཡོད་ཀྱང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིར་བོད་ནང་གི་བོད་ཕྲུག་རྣམས་ལ་དེང་རབས་དང་མཐུན་པའི་སློབ་སྦྱོང་རག་གི་ཡོད་པའི་ཆབ་སྲིད་ཀྱི་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་རེད།  ཉེ་ལམ་རྒྱ་ནག་གཞུང་གིས་རང་ལོ་བཞི་ནས་དྲུག་བར་གྱི་བྱིས་པ་མང་པོ་ཞིག་རྒྱ་ནག་གི་བཅའ་སྡོད་སློབ་གྲྭ་ཁག་ཏུ་བཙན་གྱིས་བཅུག་ནས། བོད་ཕྲུག་རྣམས་ལ་བྱིས་དུས་ནས་རྒྱའི་སྐད་ཡིག་དང་། རིག་གཞུང་བརྒྱུད་ལ་འཇགས་ཐབས་བྱེད་ཀྱི་ཡོད་པའི་ཁར། བྱིས་པ་དེ་དག་གིས་སློབ་གྲྭར་རྒྱ་ནག་གི་དམག་ཆས་ཀྱང་་གྱོན་དགོས་པ་རེད། བྱིས་པ་རང་ལོ་བཞི་ནས་བདུན་བར་ལ་མཚོན་ན། ཕ་མ་དང་མཉམ་དུ་སྡོད་དགོས་པའི་མུར། ཕ་མའི་བརྩེ་འདང་སོགས་ནི་བྱིས་པ་དག་གི་འཚར་ལོངས་ཀྱི་བརྒྱུད་རིམ་ལ་འབྲེལ་བ་ཡོད་ཀྱང་། རྒྱ་ནག་གཞུང་གིས་བོད་པའི་བྱིས་པ་རྣམས་ལ་བཙན་གྱིས་ཕ་མ་དང་ཁ་བྲལ་དུ་བཅུག་ནས། བོད་ཀྱི་གཉུག་མའི་གོམས་གཤིས་དང་ཀུན་སྤྱོད་སོགས་བརླག་བཅུག་གི་ཡོད་སྐོར་སོགས་འགྲེལ་བརྗོད་གནང་སོང་།

བསྟན་འཛིན་རྡོ་རྗེ་ལགས་ཀྱིས། དེ་རིང་འདིར་བོད་དོན་ལས་འགུལ་བ་མང་པོ་ཞིག་འཛོམས་ཡོད་ཅིང་། དམིགས་བསལ་བོད་དོན་ལས་འགུལ་བ་ངག་དབང་བསམ་འགྲུབ་འདིར་ཕེབས་ཡོད། ཁོང་གིས་རྒྱ་ནག་གི་ཆབ་སྲིད་ལ་འཚེ་མེད་ཞི་བའི་ཐོག་ནས་བོད་དོན་འཐབ་རྩོད་བྱས་ནས་མི་ངོ་ ༣༠ ཙམ་འགྲོ་བཞིན་ཡོད། ང་ཚོས་བཙན་བྱོལ་ནང་དུ་སེམས་ཚོར་དང་། ཆོས་ལུགས། འགྲོ་བ་མི་གཅིག་པ་ཡིན་པའི་རང་དབང་གི་ཐོབ་ཐང་ལོངས་སྤྱོད་བྱེད་ཐུབ་ཀྱི་ཡོད་ལ། སྔོན་མ་བོད་ནང་དུའང་རང་དབང་འདི་དག་ལོངས་སྤྱོད་བྱས་ཆོག་གི་ཡོད། འོན་ཀྱང་། འདས་པའི་ལོ་ངོ་བཅུ་ཕྲག་མང་པོ་ནས་བཟུང་བོད་ཀྱི་རང་དབང་ཐོབ་ཐང་ལ་རྒྱ་ནག་གཞུང་གིས་བཙན་འཛུལ་བྱས་ཡོད་པ་མ་ཟད། རྒྱ་ནག་གིས་དངོས་ཤུགས་བརྒྱུད་གསུམ་དང་དེང་རབས་ཚན་རྩལ་གྱི་ཐོག་ནས་བལ་ཡུལ་དང་རྒྱ་གར། ཁ་ན་ཌ། ཨ་རི་སོགས་ཀྱི་ནང་དུ་བོད་དོན་འཐབ་རྩོད་ལྷིང་འཇགས་བཟོ་བའི་གནོན་ཤུགས་སྤྲོད་ཀྱི་ཡོད། རྒྱ་ནག་གིས་ཐབས་ཤེས་ཡོད་དགུ་བཏོན་ནས་བོད་དོན་གཏིང་བརྗེད་དུ་གཏོང་བའི་ཐབས་ཤེས་སྣ་ཚོགས་བྱེད་བཞིན་པའི་གནས་སྟངས་ང་ཚོས་ཤེས་དགོས་པ་མ་ཟད།  རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ལ་གདོང་ལེན་བྱེད་སྟངས་ཡག་ཤོས་ནི་བོད་དང་། ཡུ་གུར། ཧོང་ཀོང་སོགས་ཀྱི་མི་མང་གི་རང་ཐག་རང་གཅོད་དང་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་ཡིན།

གསར་འགོད་པ། བྱམས་པ་ཚེ་རིང་དང་དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

His Holiness the Dalai Lama speaking to more than 500 graduates and students of the Nalanda Master and Diploma Course at the Main Tibetan Temple in Dharmsala, HP, India on June 2, 2023. Photo by Tenzin Choejor
༸གོང་ས་མཆོག གསར་འགྱུར།

ལྡི་ལི་བོད་ཁང་གི་ནཱ་ལེནྡྲའི་རིག་གཞུང་སློབ་གཉེར་བ་ཁག་ཅིག་ལ་བཀའ་ཆོས་བསྩལ།

ཆུ་ཚོད་ ༡༩ སྔོན་ལ།
༧གོང་ས་མཆོག་ནས་ལི་ཌི་ཝ་ཡའི་སྲིད་འཛིན་གསར་པར་འཚམས་འདྲི་མཛད།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཚམས་འདྲི་མཛད་འདུག

ཆུ་ཚོད་ ༢༣ སྔོན་ལ།
Vice President of Czech Senate Hon’ble Jiri Ruzicka and Senator Rabas, Chairman of Czech Senate Parliamentary Group for Tibet hoisting Tibetan National Flag on the Senate parliament, marking the Tibetan National Uprising Day on 10 March
Mobile App

ཅེག་གྲོས་ཚོགས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་ཅིག་གཏན་འབེབས་བྱས།

ཆུ་ཚོད་ ༢༤ སྔོན་ལ།
པར་གནས་ཚུལ་མཁོ་སྤྲོད་པས་འདི་གར་བདག་སྤྲོད་གནང་།
Mobile App

ཉག་ཆུའི་ནགས་ཚལ་ཞིག་ལ་མེ་སྐྱོན་ཚབས་ཆེན་བྱུང་།

༢༠༢༣/༠༦/༠༡
Opening ceremony prayers. Photo Courtesy: Tibet.net
Mobile App

མོན་གྷོ་འདོད་རྒུ་གླིང་ནས་ཁྱིམ་ཚང་ ༤༠ ལ་སྡོད་ཁང་མཁོ་སྤྲོད་བྱས་འདུག

༢༠༢༣/༠༥/༣༡
Director-General of the World Health Organisation (WHO) Dr. Tedros Adhanom Ghebreyesus attends the World Health Assembly at the United Nations in Geneva, Switzerland, May 21, 2023. (REUTERS/Denis Balibouse)
Mobile App

འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ཐེངས་ ༧༦ པ་མཇུག་སྒྲིལ། 

༢༠༢༣/༠༥/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist