མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྕམ་ཨང་སན་སུའུ་སྐྱིད་ཀྱི་སྲིད་དོན་ཚོགས་པ་མེད་པར་བཟོས།

བོད་ཀྱི་དུས་བབ།
༢༠༢༣/༠༣/༢༩
Share on FacebookShare on TwitterShare on EmailShare on Whatsapp

འབར་མའི་དྲག་དམག་སྲིད་གཞུང་གིས་ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱི་རྒྱལ་ཡོངས་དམངས་གཙོ་ཡར་ཐོན་ཚོགས་པ་གཙོ་བྱས་པའི་རྒྱལ་ཡོངས་དང་ས་གནས་རིམ་པའི་འབར་མའི་སྲིད་དོན་ཚོགས་པ་ ༤༠ རྩིས་མེད་དུ་བཏང་འདུག

Then-Myanmar State Counselor Aung San Suu Kyi in Beijing on August 18, 2016.

རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་དང་དེ་རིང་འབར་མའི་དྲག་དམག་སྲིད་གཞུང་གིས་ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱི་རྒྱལ་ཡོངས་དམངས་གཙོ་ཡར་ཐོན་ཚོགས་པ་གཙོས་རྒྱལ་ཡོངས་དང་ས་གནས་རིམ་པའི་སྲིད་དོན་ཚོགས་པ ༤༠ ཡིས་ཐོ་འགོད་བྱེད་ཕྱོགས་ལ་ནོར་འཁྲུལ་ཤོར་ཡོད་པའི་སྐྱོན་བརྗོད་འོག་མེད་པར་བཟོས་པ་ཡོངས་བསྒྲགས་བྱས་འདུག

འབར་མའི་དྲག་དམག་སྲིད་གཞུང་གིས། ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱི་སྲིད་དོན་ཚོགས་པ་ས་དུས་ཐོག་ཏུ་ཐོ་འགོད་བྱས་མེད་པས་འོས་བསྡུ་ནས་ཕྱིར་ཕུད་བཏང་ཡོད། ཅེས་བརྗོད་འདུག་པ་དང་། དེ་འབྲེལ་ཐད་རྒྱལ་ཡོངས་དམངས་གཙོ་ཡར་ཐོན་ཚོགས་པའི་ཚོགས་མི་ཊན་མེན་ཊི་ (Tun Myint) ལགས་ཀྱིས། ཚོགས་པ་དེའི་ཚོགས་མི་མང་པོ་ཞིག་གསར་བརྗེ་ཡི་རྐྱེན་བྱས་ཏེ་བཙོན་ཁང་དུ་ཡོད་པར་བརྟེན། འོས་བསྡུའི་ནང་མཉམ་ཞུགས་བྱེད་ཀྱི་མིན། འོན་ཀྱང་། དྲག་དམག་གཞུང་གིས། རྒྱལ་ཡོངས་དམངས་གཙོ་ཡར་ཐོན་ཚོགས་པ་དེ་ཡོད་མེད་ཅི་འདྲ་ཞིག་བསྒྲགས་རུང་། ང་ཚོ་མི་མང་གི་རྒྱབ་སྐྱོར་དང་ལྷན་དུ་ལངས་ནས་བསྡད་ཡོད་ཅེས་ལན་འདེབས་བྱས་པ་མ་ཟད། རྒྱལ་ཁབ་གཞན་གྱི་ནང་སྐྱབས་བཅོལ་དུ་ཡོད་པའི་དམངས་གཙོ་ཡར་ཐོན་ཚོགས་པའི་ཚོགས་མི་འགས། སྲིད་དོན་ཚོགས་པ་དེ་ཉིད་དམག་གཞུང་གི་ཁྲིམས་གསར་འོག་ཐོ་འགོད་བྱེད་མི་ཉན་པའི་རྣམ་འགྱུར་ཡང་བསྟན་ཡོད་འདུག

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཨེན་ཊོ་ནིའོ་གུ་ཊེ་རེ་སི་ (Antonio Guterres) ལགས་ཀྱིས། རྒྱལ་ཡོངས་དམངས་གཙོ་ཡར་ཐོན་ཚོགས་པ་མེད་པར་བཟོས་པ་ནི་ང་ཚོ་འགྲོ་འདོད་མེད་པའི་ཁ་ཕྱོགས་ཤིག་ཏུ་གོམ་པ་སྤོ་ཡི་ཡོད་པས། ཨང་སན་སུའུ་སྐྱིད་ཀློད་གྲོལ་གཏོང་དགོས། ཞེས་དྲག་དམག་སྲིད་གཞུང་གི་ཐག་གཅོད་དེར་ངོས་ལེན་པའི་རྣམ་པ་བསྟན་འདུག རྒྱལ་སྤྱིའི་དཀའ་ཉེན་ཚོགས་པའི་ (The International Crisis Group) སློབ་སྟོན་པ་རྒན་པ་རི་ཆར་ཌི་ཧོར་སེ་ (Richard Horsey) ལགས་ཀྱིས། རྒྱལ་ཁབ་དེའི་མི་མང་ཕལ་མོ་ཆེས་དྲག་དམག་སྲིད་གཞུང་གིས་དབང་སྒྱུར་བྱས་པར་རྒྱབ་སྐྱོར་མེད་སྟབས་འོས་བསྡུའི་ནང་མཉམ་ཞུགས་བྱེད་ཀྱི་མེད་པ་དང་། ད་ལན་འབར་མའི་ནང་བཙན་དབང་གིས་འོས་བསྡུ་བྱས་ཚེ་ཉེན་ཚབས་ཆེན་པོ་ཞིག་ལ་འགྱུར་རྒྱུ་ཡིན་སྐོར་བརྗོད་འདུག

འབར་མའི་དྲག་དམག་སྲིད་གཞུང་གིས། ཕྱི་ལོ་ ༢༠༢༠ ལོའི་འབར་མའི་རྒྱལ་ཡོངས་འོས་བསྡུའི་ཁྲོད་ལྕམ་ཨང་སན་སུའུ་སྐྱིད་ཀྱི་དམངས་གཙོ་ཡར་ཐོན་ཚོགས་པར་རྒྱལ་ཁ་ཐོབ་ཡོད་ཀྱང་། སྐབས་དེར་འབར་མའི་དྲག་དམག་སྲིད་གཞུང་གིས་དམངས་གཙོ་ཡར་ཐོན་ཚོགས་པས་འོས་བསྡུའི་གྲུབ་འབྲས་རྫུན་བཟོ་བྱས་ཚུལ་བརྗོད་དེ། ཨང་སན་སུའུ་སྐྱིད་ལགས་ཀྱིས་སྣེ་འཁྲིད་པའི་འབར་མའི་དམངས་གཙོ་ཡར་ཐོན་ཚོགས་པའི་དབང་ཆ་རྩ་མེད་གཏོང་ཐབས་དང་། ཕྱི་ལོ་ ༢༠༢༡ ཟླ་ ༢ པའི་ནང་ལྕམ་ཨང་སན་སུའུ་སྐྱིད་ལགས་རྒྱལ་ཁབ་ཀྱི་སློབ་སྟོན་པའི་གོ་གནས་ནས་ཕྱིར་ཕུད་བཏང་རྗེས་རང་ཁྱིམ་དུ་བཟང་བཙོན་འོག་བཅུག་ཡོད་པ་དང་། དྲག་དམག་སྲིད་གཞུང་གིས་ད་བར་མི་གྲངས་ ༢༠,༠༠༠ ལྷག་འཛིན་བཟུང་དང་མི་གྲངས་ ༣༡༠༠ ཙམ་གྲོངས་ཡོད་འདུག ཕྱི་ལོ་ ༢༠༡༥ ལོའི་འབར་མའི་འོས་བསྡུ་ཆེན་མོའི་ཁྲོད་འབར་མའི་རྒྱལ་ཡོངས་དམངས་གཙོ་ཡར་ཐོན་ཚོགས་པར་གྲོས་ཚོགས་ཀྱི་རྐུབ་སྟེགས་ལས་བརྒྱ་ཆ་ ༨༠ ཐོབ་སྟེ། འབར་མ་དམག་གཞུང་གི་ལོ་ངོ་ ༥༠ ལྷག་གི་དབང་བསྒྱུར་མཇུག་བསྡུས་ཡོད་པ་དང་། ཕྱི་ལོ་ ༡༩༤༨ ལོར་དབྱིན་ཇིའི་བཙན་བཟུང་འོག་ནས་འབར་མར་རང་བཙན་ཐོབ་རྗེས། མི་མང་གིས་བདམས་པའི་མགོ་ཁྲིད་ཅིག་ལ་ཞི་བའི་ངང་སྲིད་དབང་རྩིས་སྤྲོད་བྱས་པ་ཐོག་མ་དེ་ཆགས་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Tibetan Children at China’s Colonial Boarding School in Nagchu area, Tibet
Mobile App

ཡུ་རོབ་གྲོས་ཚོགས་སུ་བོད་ནང་གི་གཏན་འཇགས་སློབ་གྲྭ་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབ་གནང་།

༢༠༢༣/༡༢/༡༥
སུའུ་ཏན་གྱི་དམག་དཔུང་གཉིས་ཀྱི་དམག་དཔོན།
Mobile App

སུའུ་ཏན་གྱི་དམག་དཔུང་བར་འཁྲུག་རྩོད་བྱུང་སྟེ་མི་མང་པོར་ཤི་རྨས་བྱུང་།

༢༠༢༣/༠༤/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese