མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སུའུ་ཏན་གྱི་དམག་དཔུང་བར་འཁྲུག་རྩོད་བྱུང་སྟེ་མི་མང་པོར་ཤི་རྨས་བྱུང་།

བོད་ཀྱི་དུས་བབ།
༢༠༢༣/༠༤/༡༧
Share on FacebookShare on TwitterShare on EmailShare on Whatsapp

སུའུ་ཏན་གྱི་གཏན་འཇགས་དམག་དཔུང་དང་གཞོགས་འདེགས་དམག་དཔུང་གི་དམག་དཔོན་བར་གོ་དབང་འཐབ་རྩོད་བྱུང་བའི་རྐྱེན་གྱིས་དམག་འཁྲུག་བྱུང་སྟེ་མི་གྲངས་ ༩༠༠ ལྷག་ལ་རྨས་སྐྱོན་དང་མི་ ༡༠༠ མ་ཟིན་ཙམ་གྱི་ཚེ་སྲོག་ཤོར་འདུག

The violence erupted Saturday after weeks of power struggles between Sudan’s army chief Abdel Fattah Al-Burhan and his deputy, Mohamed Hamdan Daglo. (AFP)

ཟླ་འདིའི་ཕྱི་ཚེས་ ༡༥ ནས་བཟུང་བྱང་ཨ་ཧྥི་རི་ཀའི་ནང་ཡོད་པའི་སུའུ་ཏན་(Sudan) རྒྱལ་ཁབ་ཀྱི་རྒྱལ་ས་ཁར་ཏོམ་ (Khartoum) རུ། གཏན་འཇགས་དཔུང་དམག་དང་གཞོགས་འདེགས་དཔུང་དམག་གཉིས་བར་དམག་འཁྲུག་བྱུང་སྟེ། ཡུལ་མི་དང་དམག་མི་ཚུད་པའི་མི་གྲངས་ ༩༤༢ ཙམ་ལ་རྨས་སྐྱོན་ཕོག་པ་དང་མི་ ༩༧ ཙམ་གྱི་ཚེ་སྲོག་ཤོར་ཡོད་འདུག་ལ། ད་ལྟ་མུ་མཐུད་ནས་འཁྲུག་རྩོད་འབྱུང་བཞིན་ཡོད་འདུག

རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། སུའུ་ཏན་གཞུང་གི་གཏན་འཇགས་དམག་དཔོན་ཨབ་དྷལ་ (Abdel Fattah al-Burhan) དང་། གཞོགས་འདེགས་དམག་དཔུང་བཀོད་འདོམས་པ་དང་དམག་དཔོན་གཞོན་པ་མོ་ཧཱ་མ་ཌི་ (Mohamed Hamdan Daglo) གཉིས་བར་གོ་དབང་འཐབ་རྩོད་བྱུང་སྟེ་དམག་འཁྲུག་བསླངས་ཡོད་པ་དང་། ཡུལ་དེའི་ནུབ་ཕྱོགས་སུ་ཡོད་པའི་དྷར་ཧྥུར་ (Darfur) ཁུལ་དང་ཤར་ཕྱོགས་ས་མཚམས་ཀྱི་ཀ་ས་ལ་ (Kassala) མངའ་སྡེ་སོགས་ལ་འཁྲུག་རྩོད་ཤུགས་ཆེན་བྱུང་སྟེ། མེ་སྒྱོགས་དང་འབར་རྫས་གཡུགས་པ་སོགས་བྱས་ཏེ་མི་རྒྱུ་གཉིས་ལ་གནོད་འཚེ་ཚབས་ཆེན་ཕོག་ཡོད་པ་མ་ཟད། ད་ལྟ་བར་དུ་མི་གྲངས་ ༩༧ ཙམ་གྱི་ཚེ་སྲོག་ཤོར་ཡོད་འདུག་ལ། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་རྨས་སྐྱོན་ཕོག་མཁན་མང་དྲགས་ཏེ་ཁྲག་དང་ཁྲག་གསབ་ཡོ་ཆས་སོགས་སྨན་བཅོས་ཀྱི་མཐུན་རྐྱེན་རྫོགས་པའི་དཀའ་ངལ་འཕྲད་ཀྱི་ཡོད་པའི་ཉེན་བརྡ་ཡང་བཏང་འདུག

སུའུ་ཏན་གྱི་དམག་དཔུང་གཉིས་ཀྱི་དམག་དཔོན།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཨེན་ཊོ་ནིའོ་གུ་ཊེ་རེ་སི་ (Antonio Guterres) ལགས་ཀྱིས། འཁྲུག་རྩོད་ཇེ་མང་དུ་བྱུང་བའི་རྐྱེན་གྱིས་ངེས་གཏན་མེད་པའི་འགྲོ་བ་མིའི་གནས་སྟངས་དེ་ཉེན་ཚབས་ཆེ་རུ་འགྲོ་བའི་ཉེན་བརྡ་བཏང་ཡོད་འདུག གཞན་ཡང་ཨ་རིའི་ཕྱི་སྲིད་བློན་ཆེན་ཨེན་ཊོ་ནི་བྷི་ལི་ཀན་ (Antony Blinken) མཆོག་གིས། ཕྱོགས་གཉིས་ཀྱིས་འཕྲལ་དུ་འཁྲུག་རྩོད་མཚམས་འཇོག་བྱེད་པར་གྲོས་མོལ་བྱ་དགོས་པའི་འབོད་སྐུལ་གནང་འདུག་ལ། དེ་བཞིན་ཨ་ཧྥེ་རི་ཀའི་མཐུན་གྲོགས་དང་ཨ་རབ་མཐུན་ཚོགས། དེ་བཞིན་ཤར་ཨ་ཧྥེ་རི་ཀའི་ཤོག་ཁག་དང་འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་གིས་འཁྲུག་རྩོད་དེ་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་བཞིན་འདུག་ཀྱང་།  དམག་དཔོན་གཉིས་ཀྱིས་ཕན་ཚུན་སྐྱོན་འཛུགས་བྱས་ཏེ། གྲོས་མོལ་བྱ་འདོད་མེད་པའི་རྣམ་འགྱུར་བསྟན་ཡོད་པ་མ་ཟད། སྲིད་འཛིན་གྱི་བཞུགས་སྒར་དང་བཀོད་འདོམས་ལྟེ་གནས་ཁང་། གནམ་དམག་ལྟེ་གནས་སོགས་སྟངས་འཛིན་བྱ་རྒྱུའི་ཐོབ་ཐང་རྩོད་ལེན་བྱེད་བཞིན་ཡོད་འདུག

སུའུ་ཏན་གྱི་གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས་དེ་སྔ་ཡུལ་དེའི་མི་སེར་ནང་འཁྲུག་དང་གློ་བུར་གྱེན་ལངས་སོགས་ཐེངས་མང་བྱུང་ཡོད་ཀྱང་།ད་ལྟའི་ཆར་སུའུ་ཏན་གྱི་རྒྱལ་ས་ཁར་ཏོམ་ནང་སྔོན་ཆད་བྱུང་མ་མྱོང་བའི་འཁྲུག་རྩོད་ཤུགས་ཆེན་འབྱུང་བཞིན་ཡོད་སྐོར་དང་།ཡུལ་མི་རྣམས་ལ་སྲུང་སྐྱོབ་མི་བྱེད་པར་སྤྱི་ཡོངས་ཀྱི་དབང་སྒྱུར་བྱ་རྒྱུ་གལ་ཆེན་དུ་རྩི་ཡི་ཡོད་སྐོར་བརྗོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

US Secretary of State Antony Blinken at Freedom House’s annual Freedom Awards on May 9, 2023.
Mobile App

ཨ་རིའི་ཕྱི་སྲིད་བློན་ཆེན་མཆོག་ནས་བོད་མིའི་རིགས་རྫས་བསྡུ་རུབ་ལ་ཐུགས་འཚབ་ཡོད་སྐོར་གསུངས།

༢༠༢༣/༠༥/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist