མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐའེ་ཝན་གྱི་སྲིད་འཛིན་ཚའེ་ཡེན་ཝིན་མཆོག་ཨ་རིར་ཕེབས།

བོད་ཀྱི་དུས་བབ།
༢༠༢༣/༠༣/༣༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གི་གནོན་ཤུགས་ལ་མ་ལྟོས་པར་ཐའེ་ཝན་གྱི་སྲིད་འཛིན་ཚའེ་ཡེན་ཝན་མཆོག་ཨ་རིར་ཕེབས་ཡོད་འདུག

Taiwan’s President Tsai Ing-wen waves near the boarding gate as she departs for a 10-day international trip on March 29, 2023.

ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཡེན་ཝིན་མཆོག་གིས་དབུས་ཨ་མི་རི་ཁའི་ཁུལ་དུ་ཉིན་གྲངས་ ༡༠ ཡི་གཞུང་འབྲེལ་འཚམས་གཟིགས་མགོ་འཛུགས་གནང་སྟེ་ཁ་སང་ཕྱི་ཚེས་ ༢༩ ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་འབྱོར་ཡོད་འདུག་ཅིང་། དེ་ནི་ཕྱི་ལོ་ ༢༠༡༩ རྗེས་སུ་ཐའེ་ཝན་གྱི་ཆེས་མཐོའི་དབུ་འཁྲིད་ཅིག་ཨ་རིར་ཕེབས་པ་ཐེངས་དང་པོ་ཡིན་འདུག འཚམས་གཟིགས་སྐབས་རྒྱ་ནག་གཞུང་གིས་ཐའེ་ཝན་གཞུང་མང་གཉིས་ལ་འཇིགས་སྐུལ་མཚམས་མ་ཆད་པར་བྱེད་བཞིན་པའི་གནད་དོན་ཐེར་འདོན་དང་། དབུས་ཨ་མི་རི་ཁའི་ཁུལ་གྱི་རྒྱལ་ཁབ་རྣམས་དང་འབྲེལ་བ་སྲ་བརྟན་དུ་གཏོང་ཐབས་གནང་གི་ཡོད་འདུག

དེའི་ཐད་ལྕམ་ཚའེ་ཡེན་ཝིན་མཆོག་གིས། རྒྱ་ནག་གི་ཚད་ལས་འདས་པའི་གནོན་ཤུགས་དེས་ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ནང་མདུན་སྐྱོད་བྱེད་པའི་ཆོད་སེམས་དེ་ནམ་ཡང་རྩ་མེད་དུ་གཏོང་མི་སྲིད། ང་ཚོ་ནི་ཞི་འཇམ་དང་། གདེང་སྤོབས་ཅན། རང་ཤེད་ཅན། ནམ་ཡང་གཉའ་ཆག་མཁན་ཞིག་མིན། ཞེས་གསུངས་འདུག་ལ། ཡང་ཁོང་མོས་སྒེར་གྱི་ཊི་ཝེ་ཊར་དུ་ཨ་རི་དང་ཤར་ཕྱོགས་ཀྱི་མཚོ་ངོགས་སུ་ཡོད་པའི་གྲོགས་པོ་ཚོ། ངས་ཁྱེད་ཅག་གི་འབོད་སྒྲ་གོ་འདོད་འདུག ཁྱེད་ཅག་གིས་ཞབས་མཆན་བྲིས་ནས་ཐའེ་ཝན་ལ་རྒྱབ་སྐྱོར་བྱོས། ཞེས་གསུངས་འདུག

ཁ་སང་ཕྱི་ཚེས་ ༢༩ ཉིན་གྱི་རྒྱུན་ལྡན་གྱི་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་མའོ་ཉིང་(Mao Ning) གིས། རྒྱ་ནག་གཞུང་གིས་རང་ཚུགས་བརྟན་པོའི་ཐོག་ནས་ཨ་རི་དང་ཐའེ་ཝན་གཉིས་ཀྱི་མགོ་ཁྲིད་ཚོས་ཐུག་འཕྲད་བྱ་བར་ཁ་གཏད་དུ་ལངས་ཀྱི་ཡོད་ལ། ཐའེ་ཝན་གྱི་མགོ་ཁྲིད་སུ་ཡིན་ནའང་ཨ་རི་སོགས་སུ་བསྐྱོད་པར་བཀག་སྡོམ་བྱེད་ཀྱི་ཡོད་སྐོར་དང་། ཐའེ་ཝན་རང་བཙན་རྩོད་པའི་གནད་དོན་དེ་རྒྱ་ནག་ལ་ཧ་ལས་དགོས་པའི་གནད་དོན་ཞིག་མིན་ཡང་། ཨ་རིས་ཐའེ་ཝན་གྱི་ཁ་བྲལ་རིང་ལུགས་པ་ཚོར་རྒྱབ་སྐྱོར་བྱེད་མཚམས་འཇོག་དགོས་སྐོར་གྱི་ཉེན་བརྡའང་བཏང་ཡོད་འདུག དེ་བཞིན་ཨ་རིའི་ནང་གི་རྒྱ་ནག་གཞུང་ཚབ་པ་ཞུ་ཞེ་ཡོན་ (Xu Xueyuan) གྱིས་ཀྱང་། ཨ་རིས་ཐའེ་ཝན་གྱི་ཁ་བྲལ་རིང་ལུགས་པའི་ཕྱོགས་ཁག་དག་ཨ་རིར་ཡོང་བཅུག་པ་ནི་ཆེས་ནོར་འཁྲུལ་ཞིག་ཡིན་པ་མ་ཟད། རྒྱ་ནག་གཅིག་གི་སྲིད་ཇུས་ལ་གཏོར་སྐྱོན་བཏང་ཡོད་ལུགས་བཤད་ཡོད་འདུག

ད་ལྟ་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ལྕམ་ཚའེ་ཡེན་ཝན་མཆོག་གི་འཚམས་གཟིགས་དང་བསྟུན་ནས་མི་སྣ་སུ་དང་སུར་མཇལ་འཕྲད་གནང་རྒྱུ་ཡིན་པ་སོགས་ཀྱི་གནས་ཚུལ་ཁ་གསལ་མེད་ཀྱང་། རྒྱ་ནག་གཞུང་གིས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་མེག་ཁར་ཐི (McCarthy) མཆོག་གིས། ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་གཙོ་བོར་དམིགས་ནས་ལྕམ་ཚའེ་ཡེན་ཝིན་མཆོག་དང་མཇལ་འཕྲད་གནང་མི་ཆོག་པའི་འཇིགས་སྐུལ་བྱས་ཏེ་འགོག་རྒོལ་དང་མྱུལ་ཞིབ་ནན་པོ་བྱེད་མུས་ཡིན་པའི་ཁར། གནད་དོན་དབྱེ་ཞིབ་པ་དག་གིས། འདི་ལོའི་ཕྱི་ཟླ་ ༢ པའི་ནང་ཨ་རིའི་ཕྱི་སྲིད་བློན་ཆེན་ཨེན་ཊོ་ནི་བྷི་ལིན་ཀན་མཆོག་རྒྱ་ནག་ནང་དུ་ཕེབས་འཆར་ཡོད་པ་གློ་བུར་དུ་ཕྱིར་འགྱངས་གནང་སྟེ་ཡུལ་གཉིས་བར་གྱི་འབྲེལ་བ་སྔར་ལས་ཇེ་སྡུག་ཏུ་ཕྱིན་པའི་སྐབས་འདིར། ལྕམ་སྐུ་ཁོང་ཨ་རིར་ཕེབས་པ་དེས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་འབྱུང་སྲིད་པའི་ཚོད་དཔག་ཀྱང་གནང་འདུག

འདས་པའི་ལོ་ཤས་རིང་ལྕམ་ཚའེ་ཡེན་ཝིན་མཆོག་གིས་རྒྱལ་ཁབ་མང་དག་ཅིག་ལ་འབྲེལ་ལམ་བཙུགས་ཏེ། རྒྱ་ནག་གཞུང་གིས་གང་བྱུང་ཐའེ་ཝན་མཚོ་འགག་ཏུ་དམག་དོན་བཙན་འཛུལ་བྱེད་བཞིན་པ་ལས་སྐྱོབ་དགོས་པའི་རེ་སྐུལ་ཡང་ཡང་ཞུ་ཡི་ཡོད་ནའང་།  དབུས་ཨ་མི་རི་ཁ་དང་ཨེ་ཤ་ཡའི་ཁུལ་གྱི་རྒྱལ་ཁབ་ཆུང་ཁག་གིས་རྒྱ་ནག་གི་དམག་དོན་དང་ཚོང་འབྲེལ་སོགས་ལ་དམིགས་ནས་ཐའེ་ཝན་ལ་རྒྱང་ཐག་འཛིན་བཞིན་ཡོད་པ་རེད། ད་ལྟའི་ཆར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་འཛིན་ཐོབ་པའི་རྒྱལ་ཁབ་ ༡༩༣ གྱི་ནང་ནས་ཕྱི་འབྲེལ་ཆ་ཚང་ལྡན་པའི་རྒྱལ་ཁབ་ཁག་ ༡༣ མ་གཏོགས་ལྷག་མེད་པ་རེད།

རྒྱ་ནག་གཞུང་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དབང་ཤུགས་སྐྱེད་ནས་ཐའེ་ཝན་ལ་གནམ་མཚོ་གཉིས་ཀྱི་ཐོག་ནས་ཡང་ཡང་སིམ་འཛུལ་དང་འཇིགས་སྐུལ་ཡང་ཡང་བྱས་ཏེ་དཀའ་རྙོག་རྒྱུན་མ་ཆད་པར་འབྱུང་བཞིན་ཡོད་པ་དང་། ཨ་རིའི་གཞུང་གིས་ཐའེ་ཝན་མཚོ་གླིང་གི་བདེ་འཇགས་སྲུང་སྐྱོབ་ཐད་དྲག་པོའི་མཚོན་ཆ་སོགས་ཀྱི་མཐུན་འགྱུར་ཤུགས་ཆེན་གནང་བཞིན་ཡོད་པ་མ་ཟད།  འདས་ལོའི་ཕྱི་ཟླ་ ༨ པའི་ནང་རྒྱ་ནག་གཞུང་གིས་འཇིགས་སྐུལ་ཅི་ཙམ་བྱས་ཀྱང་སྣང་མེད་དུ་བཏང་སྟེ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནན་སི་པེ་ལོ་སི་ (Nancy Pelosi) མཆོག་ཐའེ་ཝན་ནང་དངོས་སུ་ཕེབས་པ་སོགས་ཨ་རིའི་མཐོ་རིམ་དཔོན་རིགས་ཁག་ཅིག་སྔ་རྗེས་སུ་ཐའེ་ཝན་ནང་ཕེབས་ཡོད་པ་དང་། ལྷག་པར་དུ་ཨ་རིའི་སྲིད་འཛིན་ལས་ཐོག་རྗོ་བྷའེ་ཌན་མཆོག་གིས་ཀྱང་། རྒྱ་ནག་གཞུང་གིས་བཙན་ཚུགས་ཀྱིས་ཐའེ་ཝན་གྱི་མཚོ་འགག་ཁག་ཏུ་བཙན་འཛུལ་བྱས་ཚེ། ཨ་རིའི་གཞུང་གིས་ཐའེ་ཝན་གྱི་མཚོ་འགག་བདེ་སྲུང་གི་ཐད་ལ་རོགས་འདེགས་བྱས་ཏེ། ཨ་ཐའེ་གཉིས་ཀྱི་གཅིག་སྒྲིལ་གྱི་ནུས་པ་གོང་མཐོར་གཏང་རྒྱུ་ཡིན་སྐོར་སོགས་ཀྱང་གསུངས་ཡོད་པ་རེད།

ཕྱི་ལོ ༢༠༡༩ ལོར་ལྕམ་སྐུ་མཆོག་ཨ་རིར་ཐེངས་དང་པོར་ཕེབས་ཡོད་ཅིང་། སྐབས་དེར་རྒྱ་ནག་གཞུང་གིས་ཐའེ་ཝན་མཚོ་འགག་ཁུལ་དུ་དམག་དོན་གྱི་ལས་འགུལ་རྒྱ་ཆེར་སྤེལ་ནས། ཁོང་ཉིད་ཨ་རིར་ཕེབས་པར་ངོ་རྒོལ་དྲག་པོ་བྱས་ཡོད་འདུག སྤྱིར་བཏང་ཕྱི་ལོ་ ༢༠༡༦ ལོར་ལྕམ་ཚའེ་ཡེན་ཝིན་མཆོག་ཐའེ་ཝན་གྱི་སྲིད་འཛིན་དུ་འདེམས་ཐོན་རྗེས་སྔ་གཞུག་ཏུ་ཐེངས་དྲུག་ལ་ཨ་རིའི་ནང་ཕེབས་ཐབས་གནང་ཡོད་ཀྱང་ཕེབས་ཐུབ་མེད་པ་རེད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་གཏན་འབེབས་གནང་།
Mobile App

ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་གཏན་འབེབས་གནང་།

༢༠༢༤/༠༢/༡༦
Military and Security Developments Involving the People’s Republic of China A Report to Congress. Photo: Screenshot
Mobile App

ཨ་རིའི་རྒྱལ་སྲུང་ལས་ཁུངས་ཀྱིས་རྒྱ་ནག་དང་འབྲེལ་བའི་སྙན་ཐོ་ཞིག་བཏོན། 

༢༠༢༣/༡༠/༢༡
Uyghur Scholar Rahile Dawut [Photo: Uyghur Human Rights Project]
Mobile App

ཡུ་གུར་གྱི་སློབ་དཔོན་ཆེན་མོ་ཞིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད།

༢༠༢༣/༠༩/༢༥
རྒྱ་ནག་གཞུང་གིས་མགོ་ལོག་ཁུལ་རྨ་སྟོད་རྫོང་ཁོངས་སུ་བཙུགས་པའི་གཏན་འཇགས་སློབ་གྲྭ་ཞིག་གི་འཛིན་ཁང་། ༢༠༢༢།༠༥ པར་བོད་ནས་འདི་གར་མཁོ་སྤྲོད་བྱས།
Mobile App

བོད་ལྗོངས་ཀྱི་གོང་འཕེལ་གླེང་སྟེགས་ཟེར་བའི་ཐོག་རྒྱ་ནག་གཞུང་གིས་འཁྱོག་བརྗོད་ཆེན་པོ་བྱས།

༢༠༢༣/༠༥/༢༥
17 thousand soldiers of US-Philippines will be involved in the biggest drill, there will be live fire in South-China Sea. China US Taiwan | US Philippines Joint Military Drills At South China Sea
Mobile App

ཨ་རི་དང་ཧྥི་ལི་པིན་སི་གཉིས་ཀྱིས་མཉམ་འབྲེལ་དམག་སྦྱོང་སྤེལ།

༢༠༢༣/༠༤/༡༡
GETTY IMAGES
Mobile App

ཨ་ཐའེ་གཉིས་ཀྱི་མགོ་ཁྲིད་ཐུག་འཕྲད་ཀྱིས་རྒྱ་ནག་ལ་སུན་པོ་བཟོས།

༢༠༢༣/༠༤/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese