མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ལྗོངས་ཀྱི་གོང་འཕེལ་གླེང་སྟེགས་ཟེར་བའི་ཐོག་རྒྱ་ནག་གཞུང་གིས་འཁྱོག་བརྗོད་ཆེན་པོ་བྱས།

བོད་ཀྱི་དུས་བབ།
༢༠༢༣/༠༥/༢༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་ནང་ཆོས་དང་སྐད་ཡིག་རིག་གཞུང་སྦྱོང་བའི་ཁོར་ཡུག་ཚད་ལྡན་བསྐྲུན་ཡོད་ཚུལ་བརྗོད་དེ་བོད་ཁུལ་གྱི་བྱིས་པ་ས་ཡ་གཅིག་ཙམ་བཙན་གྱིས་གཏན་འཇགས་སློབ་གྲྭར་བཅུག་སྟེ་རྒྱ་སྒྱུར་སློབ་གསོ་སྤེལ་བཞིན་པ་འགེབ་ཐབས་བྱས་འདུག

2023 Forum on the Development of Tibet, which kicks off in Beijing on May 23, 2023. Photo: Zhang Han/ GT

འདི་ལོར་རྒྱ་ནག་དམར་གཞུང་གིས་བཙན་དབང་གི་ཐོག་ནས་བོད་ལ་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཞག་བཅུག་ནས་མི་ལོ་ ༧༢ འགྲོ་ཡི་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ། རྒྱལ་སྲིད་སྤྱི་ཁྱབ་གཞུང་ལས་ཁང་དང་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་ཟེར་བ་གཉིས་ཀྱི་གོ་སྒྲིག་འོག ཕྱི་ལོ་ ༢༠༢༣ ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་འཕེལ་རྒྱས་གླེང་སྟེགས་ (2023 forum on the Development of Xizang )ཟེར་བ་ཞིག་བསྡུས་ནས་བོད་ནང་ཆོས་དང་སྐད་ཡིག་རིག་གཞུང་སྦྱོང་བའི་ཁོར་ཡུག་ཚད་ལྡན་བསྐྲུན་ཡོད་སྐོར་སོགས་དྲིལ་བསྒྲགས་བྱས་ཏེ། ཉེ་སྔོན་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རིའི་གཞུང་ནས་བོད་ཀྱི་ཆོས་དང་སྐད་ཡིག་རིག་གཞུང་གི་ཛ་དྲག་གནས་སྟངས་སྐོར་གྱི་སྙན་ཐོར་ཁ་གཏད་དུ་ལངས་ཐབས་བྱས་འདུག

ལྷན་ཚོགས་དེ་དང་འབྲེལ་ནས་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གིས་འཚམས་འདྲིའི་འཕྲིན་ཡིག་ཅིག་བསྐུར་བའི་ནང་། མི་མང་གི་བདེ་སྐྱིད་ནི་འགྲོ་བ་མིའི་ཐོབ་ཐང་ཆེ་ཤོས་དེ་ཡིན་ཞིང་། རྒྱ་ནག་གཞུང་གིས་བོད་བཅིངས་གྲོལ་ཟེར་བ་ཞིག་བཏང་སྟེ་བོད་མི་མང་དག་ཅིག་དབུལ་ཕོངས་ཀྱི་གནས་ལས་བྲལ་བཅུག་ཡོད་པ་མ་ཟད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་། བོད་ནང་དུ་དུས་རབས་དང་མཐུན་པའི་འཛུགས་སྐྲུན་གྱི་ལས་གཞི་མང་དག་ཅིག་སྤེལ་ནས་བོད་མི་ཚོས་བློ་འདོད་ཁེངས་པའི་འཚོ་བ་ཞིག་རོལ་མུས་ཡིན་ཚུལ་སོགས་བརྗོད་འདུག

རྒྱ་ནག་གཞུང་ཕྱོགས་ཀྱི་དེ་འབྲེལ་གསར་འགྱུར་ནང་། ལྷན་ཚོགས་དེའི་ཐོག་རྒྱལ་ཁབ་ ༡༥༠ ལྷག་གིས་མཉམ་ཞུགས་བྱས་ཡོད་ལུགས་དང་། འཐུས་མི་དེ་དག་གིས་དུས་སྐབས་གསར་པ་དང་། བོད་གསར་པ། འགྲུལ་བཞུད་གསར་པ་ཟེར་བ་ཞིག་གི་འོག་ནས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་སྔར་ལས་ལྷག་པའི་འཛུགས་སྐྲུན་གྱི་ལས་གཞི་སྤེལ་རྒྱུ་ཡིན་ཚུལ་སོགས་བརྗོད་དེ། བོད་ནང་གི་ལས་བྱེད་གཙོས་མི་མང་རྒྱ་ནག་གཞུང་ལ་བརྩེ་ཞེན་ཟབ་ལུགས་དང་། རྒྱ་ནག་གཞུང་གིས་བོད་རང་ལྗོངས་ཟེར་བའི་ནང་གི་བཅའ་སྡོད་སློབ་གྲྭ་ཁག་ཏུའང་བོད་ཀྱི་ཆོས་རིག་གཙོས་སྐད་ཡིག་སྦྱོང་སྤྱོད་ཀྱི་ཁོར་ཡུག་ཚད་ལྡན་བསྐྲུན་གྱི་ཡོད་ལུགས་སོགས་དྲིལ་བསྒྲགས་བྱས་འདུག འོན་ཀྱང་། ཟླ་འདིའི་ཕྱི་ཚེས་ ༡ ཉིན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གིས་ཕྱི་ལོ་ ༢༠༢༣ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གནས་སྟངས་སྐོར་གྱི་སྙན་ཐོའི་ནང་།  རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་ཚབས་ཆེ་བའི་དྲག་གནོན་བྱེད་བཞིན་ཡོད་པ་མ་ཟད། དམིགས་བསལ་བོད་མི་རྣམས་དུས་ཆེན་སོགས་ཀྱི་སྐབས་སུ་དགོན་པ་དང་ལྷ་ཁང་སོགས་སུ་མཆོད་མཇལ་བྱེད་དུའང་གཏོང་གི་མེད་པ་མ་ཟད། དགོན་པ་དང་ལྷ་ཁང་། མཆོད་རྟེན་སོགས་གཏོར་བཤིག་བཏང་བ་དང་། གྲྭ་བཙུན་རྣམས་སློབ་གསོ་བསྒྱུར་བཀོད་ཁང་དུ་འཁྲིད་ནས་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་ཀྱི་ཡོད་སྐོར་དང་། བོད་ནང་གི་བོད་མི་མང་དག་ཅིག་ལ་ནག་ཉེས་སྣ་ཚོགས་གཡོགས་ནས་འཛིན་བཟུང་བཀག་ཉར་བྱས་ཡོད་སྐོར་གསལ་ཡོད།

རྒྱ་ནག་གཞུང་གིས་མགོ་ལོག་ཁུལ་རྨ་སྟོད་རྫོང་ཁོངས་སུ་བཙུགས་པའི་གཏན་འཇགས་སློབ་གྲྭ་ཞིག་གི་འཛིན་ཁང་། ༢༠༢༢།༠༥ པར་བོད་ནས་འདི་གར་མཁོ་སྤྲོད་བྱས།

དེ་བཞིན་ཕྱི་ལོ ༢༠༢༢ ལོའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་བོད་པའི་སློབ་ཕྲུག་བརྒྱ་ཆ་བདུན་ཅུ་ལྷག་དང་། བོད་པའི་སློབ་མ་བཞིའི་ནང་གི་སློབ་མ་གསུམ་བཙན་གྱིས་རྒྱ་ནག་གི་བཅའ་སྡོད་སློབ་གྲྭ་ཁག་ཏུ་འཇུག་གི་ཡོད་པ་དང་། ད་སྔ་བར་ལོ་ ༦ ནས་ ༡༨ བར་ཡིན་པའི་བོད་པའི་སློབ་མ་ཁྱོན་འབུམ་ ༨ ནས་ ༩ བར་དབང་སྒྱུར་ལམ་ལུགས་ཀྱི་བཅའ་སྡོད་སློབ་གྲྭའི་ནང་གཏན་སྡོད་བྱེད་མུས་ཡིན་པ་དང་། བྱིས་པ་ལོ་བཞི་དང་ལྔ་ཅན་ཡང་སློབ་གྲྭ་དེ་དག་གི་ནང་བཙན་གྱིས་འཇུག་གི་ཡོད་སྐོར་གསལ་ཡོད་ལ། ཕྱི་ལོ ༢༠༢༢ ལོའི་ཨ་རིའི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོང་ཐང་ལྷན་ཁང་ལ་སྙན་ཞུ་ཞིག་ཕུལ་བའི་ནང་། རྒྱ་ནག་གཞུང་གིས་བོད་ནང་གི་བྱིས་པ་རྣམས་ཁྱིམ་མི་དང་ཁ་བྲལ་དུ་བཅུག་པའི་སྲིད་ཇུས་དེ་ནི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་རྩ་གཏོར་གཏོང་བའི་ཉེན་ཚབས་ཆེ་བའི་གནད་དོན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ལ། རྒྱལ་ཚོགས་ནས་ཞིབ་འཇུག་ནན་མོ་བྱ་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད།

རྒྱ་ནག་གཞུང་གི་ལྷན་ཚོགས་དེ་དང་བསྟུན་རྒྱ་ནག་ཕྱོགས་ཀྱི་གསར་ཁང་རྒྱ་ནག་ཉིན་རེའི་གསར་ཁང་ (China Daily) དང་། གོ་ལའི་དུས་བབ། རྒྱ་ནག་སི་ཨེན་ (china .org. cn) སོགས་ཀྱིས་གནས་ཚུལ་དྲུག་ལྷག་སྤེལ་ཡོད་པའི་ཁྲོད། བོད་རང་སྐྱོང་ལྗོངས་ཟེར་བར་བོད་ (Tibet) ཀྱི་ཚབ་ཏུ་ཤི་ཙང་(西藏)ཞེས་བྲིས་ཏེ་བོད་ཀྱི་མངའ་ཁོངས་ཁྱབ་ཚད་དང་ཡོངས་ཁྱབ་ངོས་འཛིན་ལ་རིམ་གྱིས་ཁ་ལོ་བསྒྱུར་ཐབས་བྱེད་ཀྱི་ཡོད་ཅིང་། ཤི་ཙང་(西藏)ཞེས་པ་ནི་རྒྱ་ནག་གཞུང་གིས་དབྱེ་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཟེར་བ་ཁོ་ནར་གོ་དགོས་ཀྱི་ཡོད་སྟབས། མདོ་སྟོད་སྨད་སོགས་བོད་ཁུལ་གྱི་ས་ཆ་མང་པོ་ཞིག་ཚུད་ཀྱི་མེད་པ་རེད།

ཕྱི་ལོ ༢༠༢༠ ལོར་ཨ་རིའི་གྲོས་ཚོགས་འོག་མའི་ནང་བཏོན་པའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་ནང་བོད་རང་སྐྱོང་ལྗོངས་དེ་རྒྱ་ནག་ལས་ཐ་དད་པའི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་དང་ཡང་ན། ངོས་འཛིན་གཞན་ཞིག་ཡིན་སྐོར་གསལ་ཡོད་པར་བརྟེན། བོད་མིའི་སྒྲིག་འཛུགས་བཀའ་ཤག་དང་། གཞུང་ཁོངས་མ་ཡིན་པའི་ཚོགས་པ་ཁག་བཅས་ནས་སྔ་རྗེས་སུ་བོད་ནི་རྒྱ་ནག་གཞུང་གིས་བརྗོད་བཞིན་པའི་བོད་རང་སྐྱོང་ལྗོངས་ཟེར་བ་ཁོ་ན་མ་ཡིན་པར་བོད་ཆོལ་ཁ་གསུམ་བཅས་བོད་ཁུལ་ཡོངས་ལ་ཁྱབ་ཀྱི་ཡོད་སྟབས། ཨ་རིའི་གཞུང་ནས་དེ་བཞིན་ངོས་འཛིན་དང་བསྐྱར་བཅོས་ཡོང་བའི་རེ་སྐུལ་ཞུས་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ།

༢༠༢༦/༠༩/༠༥
མ་རྩོམ་ཐོག་འཁོད་པའི་རྩོམ་པ་པོའི་པར།
Mobile App

ཞི་ཅིན་ཕིང་གི་དུས་སྐབས་ཀྱི་བོད་ནང་གི་གཉའ་གནོན་ནི་མུན་ནག་གི་ས་མཚམས་ཤིག་ཡིན།

༢༠༢༦/༠༨/༢༩
བོད་ཀྱི་རྒྱལ་ས་ལྷ་སར་སློབ་གསོའི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཟེར་བ་ཞིག་འཚོག་སྐབས། དྲ་ལམ་གྱི་པར།
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་ཟེར་བ་ལག་བསྟར་དང་དྲིལ་བསྒྲགས་ཀྱི་ཚ་རླབས།

༢༠༢༦/༠༨/༢༤
Mobile App

དབྱིན་ཡུལ་གྲོས་ཚོགས་འོག་མས་རྒྱ་ནག་ཉིན་རེའི་ཚགས་པར་འགྲེམས་སྤེལ་བཀག་འགོག་གནང་།

༢༠༢༥/༠༨/༠༢
འདས་པའི་ཟླ་ ༣ ནང་གནས་དབྱུང་བཏང་བའི་བོད་ཁུལ་གྱི་མཐོ་རིམ་དཔོན་རིགས་གཉིས། དྲ་ལམ་གྱི་པར།
Mobile App

ལོ་གཉིས་ལྷག་ནང་ཉུང་མཐར་བོད་ཁུལ་གྱི་མཐོ་རིམ་དཔོན་རིགས་ ༡༥ ཙམ་ཞིབ་བཤེར་གནས་དབྱུང་བཏང་།

༢༠༢༥/༠༢/༡༨
ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་གཏན་འབེབས་གནང་།
Mobile App

ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་གཏན་འབེབས་གནང་།

༢༠༢༤/༠༢/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese