མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་དང་འབྲེལ་བའི་དངོས་བྱུང་གློག་བརྙན་ཞིག་དབྱིན་ཡུལ་དུ་གཟིགས་འབུལ་ཞུས།

བོད་ཀྱི་དུས་བབ།
༢༠༢༣/༠༤/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༡༩༥༩ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་པའི་སྐོར་སོགས་དང་འབྲེལ་བའི་དངོས་བྱུང་གློག་བརྙན་བོད་ནམ་ཡང་མ་བརྗེད་ཅེས་པ་དེ་དབྱིན་ཡུལ་དུ་གཟིགས་འབུལ་ཞུས་ཡོད་འདུག

དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་ཀྱིས་གློག་བརྙན་དང་འབྲེལ་བའི་གཏམ་བཤད་གནང་། བོད་མིའི་སྒྲིག་འཛུགས་ཀྱི་པར།

ཉིན་ཤས་གོང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཙན་བྱོལ་ནང་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་དངོས་བྱུང་གློག་བརྙན་བོད་ནམ་ཡང་མ་བརྗེད་ཅེས་པ་དེ་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་དུ་གཟིགས་འབུལ་བྱས་ཡོད་ཅིང་། གློག་བརྙན་གཟིགས་འབུལ་གྱི་མཛད་སྒོའི་ཐོག སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་དང་། དམིགས་བསལ་སྐུ་མགྲོན་དྷི་པཀ་ཅོབ་ར་(Deepak Chopra) ལགས། གློག་བརྙན་འཁྲབ་ཁྲིད་པ་སྐུ་ཞབས་ཇེན་པོལ་མར་ཊི་ནེསི་(Jean-Paul Martinez)ལགས་བཅས་མཉམ་ཞུགས་གནང་ཡོད་འདུག 

སྐབས་དེར་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་ཀྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་འགྲོ་བ་མིའི་རིགས་གཅིག་གྱུར་གྱི་འདུ་ཤེས་གོང་མཐོར་གཏོང་བའི་དགོངས་བཞེད་ཀྱི་སྐོར་དང་། མགོན་པོ་གང་ཉིད་ཀྱིས་རྒྱུན་དུ་ནས་འགྲོ་བ་མིའི་རིགས་ཁྱིམ་ཚང་གཅིག་གི་གཅེན་གཅུང་ལྟ་བུ་ཞིག་ཡིན་པས། ཚང་མས་གཅིག་གྱུར་གྱི་བསམ་བློའི་འདུ་ཤེས་གོང་མཐོར་གཏོང་བ་དང་། དམག་འཁྲུག་སོགས་འཚེ་བའི་རིགས་ནི་ཤེས་རིག་གི་དཔལ་ཡོན་དར་མེད་པའི་གདོད་མའི་ཆ་ལུགས་ཤིག་ཡིན་པའི་ཁར། ད་ལྟ་དམག་འཁྲུག་གི་དུས་ཡུན་འདས་ཟིན་པས། འགྲོ་བ་མིའི་རིགས་ཚང་མར་འཛམ་གླིང་ཞི་བདེ་དང་། བདེ་སྐྱིད་བསྐྲུན་རྒྱུར་འགན་འཁྲི་ཡོད་སྐོར་གྱི་བཀའ་སློབ་སྩལ་བཞིན་ཡོད་པ་སོགས་གསུངས་ཡོད་འདུག 

དབྱིན་ཡུལ་དུ་བོད་ནམ་ཡང་མ་བརྗེད་ཅེས་པའི་གློག་བརྙན་གཟིགས་འབུལ་ཞུས། བོད་མིའི་སྒྲིག་འཛུགས་ཀྱི་པར།

དམིགས་བསལ་སྐུ་མགྲོན་དྷི་པཀ་ཅོབ་ར་(Deepak Chopra) ལགས་ཀྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་འཛམ་གླིང་ཞི་བདེ་དང་། བྱམས་བརྩེ། ཤེས་རབ་ཀྱི་ཕོ་ཉ་ཞིག་ཡིན་ལ། བྱམས་བརྩེ་དང་། གཞན་ཕན། སྙིང་རྗེ་སོགས་ཀྱི་རང་གཟུགས་ཁོ་ན་དེ་ཡིན་པས། སེམས་ཅན་ཀུན་ལ་ཉེ་རིང་མེད་པར་བྱམས་བརྩེས་སྐྱོང་གི་ཡོད་པ་མ་ཟད། མགོན་པོ་གང་ཉིད་ནི་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་སྲུང་སྐྱོབ། ཆོས་ལུགས་མཐུན་སྒྲིལ། འཚེ་བ་མེད་པའི་དེད་དཔོན་ཆེན་པོ་ཞིག་རེད། ཅེས་གསུངས་ཡོད་འདུག 

ཨ་རིའི་ཁྱབ་རྒྱ་ཆེ་བའི་ཧྥ་ཐོམ་ཨི་ཝེན་སི(Fathom events)གློག་བརྙན་དྲ་ཚིགས་སུ། བོད་ནམ་ཡང་མ་བརྗེད་ཅེས་པའི་དངོས་བྱུང་གློག་བརྙན་དེ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་བྱང་ཤར་ཁུལ་གྱི་མཐའ་མཚམས་གཞུང་འཛིན་པ་སྐུ་ཞབས་ཧར་མན་དྷིར་སིང་(Har Mander Singh)ལགས་རྣམ་གཉིས་ཀྱིས། རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་རྗེས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཙན་བྱོལ་དུ་ཕེབས་དགོས་བྱུང་བའི་སྐོར་གསུངས་པའི་དངོས་བྱུང་གློག་བརྙན་ཐོག་མ་དེ་ཡིན་པ་དང་། དེ་བཞིན་དེའི་ནང་། ལོ་རྒྱུས་རང་བཞིན་ལྡན་པའི་དངོས་བྱུང་གློག་བརྙན་དེས་འཛམ་གླིང་གི་ལོ་རྒྱུས་དང་། སྒྱུ་རྩལ། རིག་གཞུང་། བོད་བརྒྱུད་ནང་བསྟན་བཅས་ཀྱི་སྙིང་བཅུད་ལ་འཚོལ་ཞིབ་དང་གསལ་སྟོན་བྱས་ཡོད་སྟབས།  བྱམས་དང་སྙིང་རྗེའི་ལམ་ནས་འཛམ་གླིང་གཅིག་གྱུར་ཡོང་བར་ཕན་ནུས་ལྡན་ཡོད་སྐོར་སོགས་འཁོད་འདུག  

འདས་ལོའི་ཕྱི་ཟླ་ ༣ ཚེས་ ༣༡ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་ནས་མི་ལོ་ ༦༣ འཁོར་བ་དང་བསྟུན་དངོས་བྱུང་གློག་བརྙན་དེ་ཨ་རི་དང་ཁེ་ན་ཌའི་གློག་བརྙན་ཁང་ ༨༠༠ ལྷག་ནང་གཟིགས་འབུལ་ཞུ་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད་པ་སོགས་མུ་མཐུད་ཡུལ་ལུང་གང་སར་གཟིགས་འབུལ་ཞུ་ཡི་ཡོད་འདུག དངོས་བྱུང་གློག་བརྙན་དེའི་འཁྲབ་ཁྲིད་པ་ནི་ཇེན་པོལ་མར་ཊི་ནེསི་(JeanPaul Mertinez)ལགས་ཡིན་ཞིང་།  ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དངོས་བྱུང་གློག་བརྙན་དེ་ནི་ཁོང་གི་ལེགས་གྲུབ་བྱུང་བའི་གློག་བརྙན་བརྩམས་ཆོས་ཐོག་མ་དེ་ཡིན་འདུག  གློག་བརྙན་དེའི་རོལ་མོ་བ་ཨེ་ནོ་ཤི་ཀ་ཤང་ཀར་ལགས་(Anouska Shankar)ལགས་ནི།  རྒྱ་གར་གྱི་སྙན་གྲགས་ཆེ་བའི་རོལ་མོ་བ་རཱ་བི་ཤན་ཀར་(Sri Ravi Shankar)གྱི་བུ་མོ་ཡིན་པ་རེད།

གསར་འགོད་པ། དཔལ་ལྡན། 

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist