མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་རིགས་དམག་མི་ཞིག་འཛིན་བཟུང་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༤/༠༤
Share on FacebookShare on TwitterShare on EmailShare on Whatsapp

བོད་སེར་ཤུལ་རྫོང་ནས་ཡིན་པའི་དམག་མི་ཚེ་དཔལ་ཞེས་པ་ཞིག་གིས་རྒྱ་རིགས་དམག་མི་ཞིག་བསད་པའི་ནག་ཉེས་འོག་འཛིན་བཟུང་བྱས་འདུག

བོད་རིགས་དམག་མི་ཚེ་དཔལ་ལགས་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས། པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་བྱས།

འདི་ག་བོད་ཀྱི་དུས་བབ་གསར་ཁང་ལ་བོད་ནས་གནས་ཚུལ་ཁུངས་ལྡན་འབྱོར་བ་ལྟར་ན། འདས་ལོའི་ཕྱི་ཟླ་ ༩ པའི་ནང་བོད་སེར་ཤུལ་རྫོང་ཁོངས་ནས་ཡིན་པའི་ཚེ་དཔལ་ཞེས་པ་ཞིག་དམག་ཁོངས་ནས་ཕྱིར་རང་ཁྱིམ་དུ་གུང་སེང་ལ་ཡོང་ཡོད་པ་དང་། ཉིན་བཅུ་གྲངས་ཤིག་ཕྱིན་རྗེས་ཀྱི་ཕྱི་དྲོ་ཞིག་ལ། ཁོང་གཅིག་པུར་ཁྲོམ་ལ་ཅ་ལག་ཅིག་ཉོ་རུ་ཕྱིན་སྐབས། ཤ་སྲེག་བཙོང་ས་ཞིག་ཏུ་རྒྱའི་དམག་མི་གཉིས་ཀྱིས་བོད་མི་སློང་མོ་བ་ཞིག་ལ་ཕར་རྒྱུག་ཟེར་ནས་ཕུད་རྒྱག་བཏང་སྟེ་ས་ལ་འགྱེལ་སོང་བ་སོགས་བརྙས་བཅོས་བྱེད་ཀྱི་ཡོད་པ་མཐོང་སྐབས། ཁོང་གིས་ལམ་སང་རྒྱ་དམག་གཉིས་ལ་སྤྲོད་རྒྱུ་མེད་ནའང་། ཉམ་ཆུང་ཞིག་ལ་བརྙས་བཅོས་ག་རེ་བྱས་ནས་གཏོང་གི་ཡོད་ཅེས་བཤད་པ་ན། བོད་པ་འདི་ཚོ་སེམས་ཅན་དང་གཅིག་པ་རེད་འདུག་ཅེས་ཡང་བསྐྱར་སློང་མོ་བ་དེར་རྡུང་རྩིས་བྱེད་སྐབས། ཚེ་དཔལ་ལགས་ཁོང་ཁྲོ་ལངས་ནས་འཛིང་རིས་བྱས་ཏེ་དམག་མི་གཅིག་བསད་པ་དང་། གཞན་དེ་བྲོས་ཕྱིན་ཡོད་འདུག དེ་མ་ཐག་ཉེན་རྟོག་པ་བསླེབས་ནས་ཚེ་དཔལ་ལགས་འཛིན་བཟུང་བྱས་ཡོད་པ་དང་། ཁྲོམ་གཞུང་དུ་མི་མང་པོ་འཛོམས་ནས་ཚེ་དཔལ་ལགས་ལ་ཕོ་རྒོད་པོ་རེད་ཅེས་བསྟོད་བསྔགས་ཀྱང་བྱས་ཡོད་འདུག

ཚེ་དཔལ་འཛིན་བཟུང་བྱས་ནས་ཉིན་གསུམ་འགོར་རྗེས། ཉེན་རྟོག་ཁང་གིས་ཁོང་གི་ཁྱིམ་མི་རྣམས་སྐད་བཏང་ནས་གནས་ཚུལ་དེའི་སྐོར་སུ་གཅིག་ལའང་བཤད་མི་ཆོག་པ་དང་། གལ་སྲིད་བཤད་པ་ཡིན་ན་ཉེས་ཆད་གཅོད་རྒྱུ་ཡིན་ལུགས་ཉེན་བརྡ་བཏང་ཡོད་འདུག ད་ལྟའི་ཆར་ཚེ་དཔལ་ལགས་དཀར་མཛེས་ཁུལ་ཐོག་གི་བཀག་ཉར་ཁང་ཞིག་ཏུ་བཅུག་སྟེ། ཁྱིམ་མི་ཚོ་ལའང་འབྲེལ་གཏུག་བྱེད་དུ་མ་བཅུག་པར་ཟླ་ལྔ་ལྷག་འགྲོ་བཞིན་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་འདི་གའི་གསར་འགོད་པར། ཚེ་དཔལ་གྱིས་བསད་པའི་དམག་མི་དེ་དམག་དཔོན་ཆུང་གྲས་ཤིག་ཡིན་པ་དང་། ཁྱིམ་མི་ཚོར་ཁྲིམས་རྩོད་པ་གླ་བའི་ཐོབ་ཐང་མ་སྤྲད་པར་ཐག་གཅོད་བྱས་པ་ཡིན་ན། ལོ་ ༡༦ ནས་ ༡༨ བར་གྱི་བཙོན་འཇུག་ཁྲིམས་ཐག་གཅོད་ཉེན་ཡོད་སྐོར་བརྗོད་བྱུང་།

རང་ལོ་ ༢༡ ཙམ་ཡིན་པའི་ཚེ་དཔལ་ལགས་ཀྱི་ཨ་མ་སྔ་མོ་ནས་འདས་གྲོངས་སུ་ཕྱིན་ཡོད་པ་དང་། པ་ལགས་པདྨ་རྡོ་རྗེས་གསོ་སྐྱོང་བྱས་ཏེ་ཁོང་རང་ལོ་ ༥ ཙམ་ནས་སེར་ཤུལ་རྫོང་གི་སློབ་ཆུང་ཞིག་ཏུ་བཏང་ཡོད་པ་དང་། ཕྱི་ལོ་ ༢༠༢༢ ཟླ་ ༣ ཙམ་ནང་དམག་ཁོངས་སུ་ཞུགས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

No Content Available

མཆན། 1

  1. Ten RD says:
    ཟླ་བ། 2 སྔོན།

    དཔའ་བོ་རེད་ད་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist