མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡང་རྒྱ་ནག་གཞུང་གིས་ཧིན་བོད་མཐའ་མཚམས་སུ་རྩོད་རྙོག་བསླངས་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༤/༠༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་མཚོ་སྣ་རྫོང་དང་ལྷུན་རྩེ་རྫོང་། རྫ་ཡུལ་རྫོང་། མེ་ཏོག་རྫོང་བཅས་ཀྱི་ཁོངས་སུ་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ས་ཁུལ་དང་རི་ཆུ་ཁག་ཅིག་བཙུད་པར་བརྟེན་རྒྱ་གར་གཞུང་ཕྱོགས་ཀྱིས་རྒོལ་གཏམ་བསྒྲགས་འདུག

རྒྱ་ནག་གཞུང་གིས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ས་ཁུལ་དང་རི་ཆུ་ཁག་ཅིག་བོད་ཁོངས་སུ་བཙུད།

 ཉེ་སྔོན་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་ས་མིང་དོ་དམ་ལྷན་ཁང་ཟེར་བས་བོད་ལྷོ་རྒྱུད་ཁུལ་གྱི་ས་ཁུལ་ཁག་ཅིག་ལ་མིང་བཏགས་ནས་ཁ་གསབ་བྱས་ཡོད་ཅེས་ཐོ་གཞུང་ཞིག་ཕྱིར་བསྒྲགས་བྱས་འདུག་ལ། ཐོ་གཞུང་དེའི་ནང་དུ་བོད་མེ་ཏོག་རྫོང་ཁོངས་སུ་མ་ནི་སྒང་དང་། གུ་མིང་ཤིང་རྩེ་རི། གཤེན་གཡོག་མོ་ཆུ། ཏུ་ཏིང་། མིག་ཕན། རྟ་གདོང་། ཆེན་པོ་རི། མདུང་རྩེ་རི་བཅས་དང་། རྫ་ཡུལ་རྫོང་ཁོངས་སུ་མགོ་གླིང་དང་། གཏམས་པ། ཏུ་ལན་ཆུ། དགེ་སྡེའུ་ཆུ། མགོ་ཡུལ་ཐང་། ཉི་མ་སྒང་། དེ་བཞིན་ལྷུན་རྩེ་རྫོང་ཁོངས་སུ་མེ་ལྕག་དང་། ལྕུག་སྨྱུག་རྩེ་གངས་རི། མཚོ་སྣ་རྫོང་ཁོངས་སུ་སེངྒེ་རྫོང་དང་། སྟག་ལུང་རྫོང་། གཟེ་ལ། ཝ་མོ་རི། མདེའུ་རི། ལྷུན་གྲུབ་རི། སྤང་ཆེན། རྒྱང་མཁར་རྫོང་། ལོ་གཟུགས་རི། གཏེ་པོ་རི་བཅས་ཁ་གསབ་བྱས་ཡོད་ལུགས་བརྗོད་དེ། རྒྱ་གར་བྱང་ཤར་ཁུལ་གྱི་ས་གནས་མང་པོ་ཞིག་བོད་མཚོ་སྣ་རྫོང་དང་ལྷུན་རྩེ་རྫོང་། རྫ་ཡུལ་རྫོང་། མེ་ཏོག་རྫོང་བཅས་ཀྱི་ཁོངས་སུ་བཙུད་ཡོད་འདུག

ད་ལན་རྒྱ་གཞུང་གིས་བསྒྲགས་པའི་ས་ཁུལ་དང་རི་ཆུ་དེ་དག་ལས་མང་པོ་ཞིག་རྒྱ་གར་ཨ་རུ་ནཱ་ཅལ་གྱི་མངའ་ཁོངས་སུ་ཡོད་པར་བརྟེན། རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་སྐུ་ཞབས་ཨ་རིན་དྷམ་བྷག་ཆི་ (Arindam Bagchi) ལགས་ཀྱིས། ད་ལན་རྒྱ་ནག་གཞུང་གིས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་ཁུལ་གྱི་ས་གནས་ཁག་ལ་མིང་འདོགས་བྱས་པ་ཐེངས་དང་པོ་མིན་པར། ཕྱི་ལོ་ ༢༠༡༧ ལོ་ལའང་ཁྲིམས་འགལ་གྱི་ཐོག་ནས་ཨ་རུ་ནཱ་ཅལ་མངའ་སྡེ་ཁུལ་གྱི་ས་གནས་ཁག་ཅིག་ལ་མིང་གསར་པ་བཏགས་ཡོད་སྐོར་དང་། དེ་བཞིན་པེ་ཅིང་གཞུང་གིས་མིང་བསྒྱུར་གྱི་ལས་གཞི་འདིའི་ཁྲོད་ནས། ཨ་རུ་ནཱ་ཅལ་དེ་རྒྱ་གར་གྱི་མངའ་ཁོངས་ཡིན་པའི་དངོས་ཡོད་ཀྱི་གནད་དོན་དེར་འགྱུར་བ་གཏོང་ཐུབ་ཀྱི་མེད་སྐོར་དང་། དེ་བཞིན་རྒྱ་གར་གཞུང་ཕྱོགས་ཀྱི་འབྲེལ་ཡོད་ཀྱིས་ཀྱང་། རྒྱ་ནག་གཞུང་གིས་རྒྱ་གར་བྱང་ཤར་གྱི་ས་ཁུལ་ཁག་ལ་མིང་ག་ཚོད་བཏགས་ཐབས་བྱས་ཀྱང་། དེས་རྒྱ་གར་གྱི་ས་ཁོངས་ཁག་གི་ས་མིང་གཏན་ནས་བརྗེ་མི་ཐུབ་ཅིང་། རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེ་ནི་རྒྱ་གར་གྱི་ས་ཁོངས་ཡིན་པ་བརྗོད་མི་དགོས་པ་ཞིག་ཡིན་སྐོར་སོགས་བརྗོད་འདུག

 ཡང་རྒྱལ་སྤྱིའི་གོ་ལའི་དུས་བབ་སྟེང་རྒྱ་ནག་གི་མཐའ་མཚམས་སྐོར་གྱི་ཉམས་ཞིབ་པ་ཀྲང་ཡོང་པན་ (Zhang Yongpan)ཟེར་བ་ཞིག་གིས།  ལོ་རྒྱུས་ཀྱི་ཁྲོད་དུའང་བོད་ཀྱི་ལྷོ་རྒྱུད་གྱི་ས་ཁུལ་དེ་དག་ལ་དབུས་གཞུང་དང་ས་གནས་སྲིད་གཞུང་། དེ་བཞིན་ཁུལ་དེར་གནས་སྡོད་བོད་པ་དང་། མོན་པ། གློ་བ་སོགས་ཀྱིས་མིང་འདོགས་ཀྱིན་ཡོད་ཀྱང་། རྒྱ་གར་གཞུང་གིས་བོད་ཀྱི་ལྷོ་རྒྱུད་ས་ཁུལ་ལ་བཙན་འཛུལ་བྱས་རྗེས། རྒྱ་གར་གཞུང་གིས་ཁྲིམས་མཐུན་མིན་པའི་ཐོག་ནས་ས་ཁུལ་དེ་དག་ལ་གང་འདོད་དུ་མིང་བཏགས་ཡོད་པས།  ད་ལྟ་རྒྱ་ནག་གཞུང་ལ་ས་ཁུལ་དེ་དག་ལ་མིང་འདོགས་པ་དང་ལྟ་སྲུང་བྱེད་པའི་ཐོབ་ཐང་དགོས་ལུགས་དང་། རྒྱ་ནག་གཞུང་གིས་རྒྱ་ནག་གི་མཐའ་མཚམས་དང་རྒྱལ་སྲུང་བདེ་འཇགས་སླད་བོད་ཀྱི་ལྷོ་རྒྱུད་ཀྱི་ས་ཁུལ་དེ་དག་སྲུང་སྐྱོབ་བྱ་དགོས་སྐོར་སོགས་ཀྱང་བརྗོད་འདུག

 འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༥  ནས་ཉིན་གྲངས་གཉིས་རིང་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་རྒྱལ་ས་ཨི་ཊ་ནཱ་གྷར་ (Itanagar) དུ་འཚོགས་པའི་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ ༢༠ ཡི་ཚོགས་ཆེན་ཐོག་རྒྱ་ནག་གི་འཐུས་མི་མཉམ་ཞུགས་བྱས་མི་འདུག་ལ། ཕྱི་ལོ་ ༢༠༡༧  ཟླ་ ༤ ཚེས་  ༡༩ ཉིན་རྒྱ་ནག་གཞུང་གིས་ཨ་རུ་ནཱ་ཅལ་ཁུལ་གྱི་ཨོ་རྒྱན་གླིང་དང་མི་ལ་རི། མཆོད་རྟེན་དཀར་པོ་རི། སྨན་ཆུ་ཁ། པུས་མོའི་ལ། ནམ་མཁའ་ཕུབ་རི་བཅས་ཀྱང་རྒྱ་ནག་གི་མངའ་ཁོངས་ཡིན་ལུགས་ཀྱི་དྲིལ་བསྒྲགས་བྱས་ཡོད་པ་མ་ཟད། གྷོ་གྷུལ་ (Google) སོགས་སུའང་ནང་འཇུག་བྱས་འདུག

 གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

A Chinese security official looks back at rows of journalists covering a plenary session of the National People's Congress in Beijing in March 2013. (Ng Han Guan/AP)
Mobile App

རྒྱ་ནག་ནང་རྒྱ་གར་གྱི་གསར་འགོད་པ་གཅིག་ཡོད་པ་དེའང་ཕྱིར་འབུད་གཏོང་འཆར་འདུག

༢༠༢༣/༠༦/༡༣
China stays away from G20 meet in Arunachal Pradesh. Photo :Times Of India .
Mobile App

རྒྱ་ནག་གིས་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་ལ་མཉམ་ཞུགས་བྱས་མེད་པ་རེད།

༢༠༢༣/༠༣/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese