མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་ནག་ནང་རྒྱ་གར་གྱི་གསར་འགོད་པ་གཅིག་ཡོད་པ་དེའང་ཕྱིར་འབུད་གཏོང་འཆར་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༦/༡༣
Share on FacebookShare on TwitterShare on EmailShare on Whatsapp

 ཟླ་འདིའི་ཟླ་མཇུག་ཏུ་རྒྱ་ནག་ནང་ཡོད་པའི་རྒྱ་གར་གྱི་གསར་འགོད་པ་མཐའ་མ་དེ་གསར་ཁང་(Press Trust of India)གི་ས་གནས་གསར་འགོད་པའང་རྒྱ་ནག་ནས་ཕྱིར་ལོག་དགོས་པའི་བཀའ་བཏང་འདུག

A Chinese security official looks back at rows of journalists covering a plenary session of the National People’s Congress in Beijing in March 2013. (Ng Han Guan/AP)

དྷི་ཧིན་རྡུ་གསར་ཁང་གིས་དེའི་སྐོར་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་ལོ་མགོར་རྒྱ་ནག་ནང་རྒྱ་གར་གྱི་གསར་འགོད་པ་ ༤ ཡོད་ཀྱང་། ཕྱི་ཟླ་ ༤ པའི་ནང་རྒྱ་གར་གྱི་གསར་འགོད་པ་གཉིས་ཀྱི་ཐོངས་མཆན་བཀག་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ཧིན་རྡུ་དུས་བབ་ཀྱི་གསར་འགོད་པའི་ཐོངས་མཆན་རྫོགས་པར་བརྟེན་བསྐྱར་དུ་འཕར་འགྱང་མ་ཐུབ་པར་རྒྱ་ནག་ནས་ཐོན་དགོས་བྱུང་ཡོད་འདུག

ཁ་སང་ཕྱི་ཚེས་ ༡༢ ཉིན་དེའི་ཐད་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཝང་ཝིན་པིན་ (Wang Wenbin) གྱིས། རྒྱ་གར་ནང་གི་རྒྱ་ནག་གི་གསར་འགོད་པ་རྣམས་ལ་དྲང་བདེན་གྱི་ལྟ་སྐྱོང་བྱེད་ཀྱི་མེད་པ་དང་། དབྱེ་འབྱེད་བྱེད་ཀྱི་ཡོད་ཚུལ་སྐྱོན་བརྗོད་བྱས་པ་དང་སྦྲགས། ཕྱི་ལོ་ ༢༠༢༠ ལོ་ནས་བཟུང་རྒྱ་ནག་གི་གསར་འགོད་པ་རྣམས་རྒྱ་གར་ནང་ཡོང་བར་ཐོངས་མཆན་གསར་པ་སྤྲོད་ཀྱི་མེད་པར་བརྟེན། རྒྱ་གར་ནང་རྒྱ་ནག་གི་གསར་འགོད་པ་ ༡༤ ཡོད་པ་ནས་ ༡ མ་གཏོགས་ལྷག་མེད་སྐོར་དང་། རྒྱ་ནག་གིས་རྒྱ་གར་དང་ལྷན་དུ་འདྲ་མཉམ་དང་ཐུན་མོང་གི་ཁེ་ཕན་ཐོག་ནས་ལས་ཀ་བྱ་རྒྱུའི་གྲ་སྒྲིག་ཡོད་ལ། རྒྱ་གར་གྱིས་ཀྱང་དེ་ལྟར་བྱ་རྒྱུའི་རེ་བ་ཡོད་སྐོར་བརྗོད་འདུག

ཁ་སང་ཕྱི་ཚེས་ ༡༢ ཉིན་རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཨ་རིན་དྷམ་བྷག་ཆི་ (Arindam Bagchi) ལགས་ཀྱིས། རྒྱ་ནག་གི་གསར་འགོད་པ་རྣམས་ལ་ཚད་བཀག་དང་དཀའ་ངལ་གཅིག་ཀྱང་མེད་པའི་ཐོག་ནས་རྒྱལ་ཁབ་ཏུ་གནས་ཚུལ་མཁོ་སྒྲུབ་བྱས་དང་བྱེད་མུས་ཡིན་ཡང་། རྒྱ་ནག་ནང་ཡོད་པའི་རྒྱ་གར་གྱི་གསར་འགོད་པ་རྣམས་ལ་ཐོབ་ཐང་ཡག་པོ་སྤྲད་ཀྱི་མེད་སྐོར་དང་། རྒྱ་གར་གྱིས་ཕྱིའི་གསར་འགོད་པ་རྣམས་ལ་གནས་ཚུལ་མཁོ་སྒྲུབ་སོགས་བྱེད་འཇུག་གི་ཡོད་པ་དང་། རྒྱ་ནག་གཞུང་གིས་རྒྱ་གར་གྱི་གསར་འགོད་པ་རྣམས་ལ་གནས་ཚུལ་མཁོ་སྒྲུབ་བྱེད་པའི་ཐོབ་ཐང་སྤྲད་རྒྱུའི་རེ་བ་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་འདུག

ཕྱི་ལོ་ ༢༠༢༠ ལོ་ནས་རྒྱ་དཀར་ནག་བར་མཐའ་མཚམས་རྩོད་རྙོག་སྔར་ལས་ཤུགས་ཆེ་རུ་ཕྱིན་ཏེ་ཕྱོགས་གཉིས་ཀྱི་གདོང་ཐུག་ཁྲོད་དམག་མི་ ༢༤ རྐྱེན་འདས་སུ་ཕྱིན་པར་བརྟེན། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུཕྱིན་པ་མ་ཟད། རྒྱ་གར་གཞུང་གིས་ས་མཚམས་ཀྱི་རྩོད་རྙོག་མ་སེལ་བར་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་དེ་སྔ་ལྟར་ཡག་པོ་ཡོང་ཐུབ་ཀྱི་མེད་སྐོར་བརྗོད་ཀྱི་ཡོད་པ་རེད།

བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། འདི་ལོའི་ཕྱི་ཟླ་ ༥ པའི་ཚེས་ ༤ དང་ ༥ ཉིན་རྒྱ་གར་ནང་བསྡུས་པའི་ཧྲང་ཧེ་ཕྱི་འབྲེལ་བློན་ཆེན་གྱི་མཉམ་བྲེལ་ལྷན་ཚོགས་སྐབས་རྒྱ་ནག་གི་གསར་འགོད་པར་གནས་སྐབས་རིང་གི་ཐོངས་མཆན་རེ་སྤྲད་ཡོད་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

US Secretary of State Antony Blinken at Freedom House’s annual Freedom Awards on May 9, 2023.
Mobile App

ཨ་རིའི་ཕྱི་སྲིད་བློན་ཆེན་མཆོག་ནས་བོད་མིའི་རིགས་རྫས་བསྡུ་རུབ་ལ་ཐུགས་འཚབ་ཡོད་སྐོར་གསུངས།

༢༠༢༣/༠༥/༡༡
རྒྱ་ནག་གཞུང་གིས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ས་ཁུལ་དང་རི་ཆུ་ཁག་ཅིག་བོད་ཁོངས་སུ་བཙུད།
Mobile App

ཡང་རྒྱ་ནག་གཞུང་གིས་ཧིན་བོད་མཐའ་མཚམས་སུ་རྩོད་རྙོག་བསླངས་འདུག

༢༠༢༣/༠༤/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist