མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ནས་བོད་རྒྱ་ཧོར་གསུམ་ནང་སངས་རྒྱས་བསྟན་པར་ཞབས་འདེགས་གང་འཚམ་སྒྲུབ་ཐུབ་པའི་གདེང་སྤོབས་ཡོད་ཅེས་གསུངས།

བོད་ཀྱི་དུས་བབ།
༢༠༢༣/༠༤/༠༥
Share on FacebookShare on TwitterShare on EmailShare on Whatsapp

མ་སུ་རི་གཏན་སློབ་དང་བོད་ཁྱིམ་དགེ་ལས་སློབ་ཕྲུག་དང་སློབ་ཟུར། པན་ཆ་མ་རི་གཏན་སློབ་དང་ལག་ཤེས་སྦྱོང་བརྡར་ལྟེ་གནས་ཁང་གི་སློབ་ཟུར་བཅས་ཐུན་མོང་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ལྔ་པ་ཆེན་མོའི་དག་སྣང་ཚེ་དཔག་མེད་དྭངས་མའི་བཅུད་འདྲེན་གྱི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་ཆིབས་བསྒྱུར་མཛད་པ། ༢༠༢༣།༠༤།༠༥ དུས་བབ་ཀྱི་པར།

དེ་རིང་ཕྱི་ཚེས་ ༥ ཉིན་གྱི་ཞོགས་པའི་ཆུ་ཚོོད་ ༨།༠༠ ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། མ་སུ་རི་གཏན་སློབ་དང་བོད་ཁྱིམ་དགེ་ལས་སློབ་ཕྲུག་དང་སློབ་ཟུར། པན་ཆ་མ་རི་གཏན་སློབ་དང་ལག་ཤེས་སྦྱོང་བརྡར་ལྟེ་གནས་ཁང་གི་སློབ་ཟུར་བཅས་ཀྱི་གོ་སྒྲིག་འོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་༧གོང་ས་ལྔ་པ་ཆེན་པོའི་དག་སྣང་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་། ༧གོང་ས་མཆོག་ནས་བརྟན་བཞུགས་དང་འབྲེལ་བའི་བཀའ་སློབ་གནང་སྐབས། དེ་རིང་འདིར་བརྟན་བཞུགས་ཤིག་གནང་བཞིན་ཡོད་པ་རེད།  འདིར་ལུས་པོ་ཡོད་བསྡད་པ་བཙན་བྱོལ་བ་ཉུང་ཤས་ཤིག་ཆགས་བསྡད་ཡོད། ཡིན་ནའང་བསམ་བློའི་ཐོག་ནས་བོད་ཆོལ་ཁ་གསུམ་གྱི་བོད་མི་ས་ཡ་དྲུག་གིས་ངོས་ལ་བློ་སེམས་གཏད་བཞིན་ཡོད། བོད་རྒྱ་ཧོར་གསུམ་གྱི་ས་ཁུལ་ནང་དུ་༧རྒྱལ་བ་རིན་པོ་ཆེ་ལ་དགའ་མོས་བྱེད་མཁན་དང་། ཚེ་རིང་པོ་ཡོང་བར་གསོལ་བ་འདེབས་ཀྱི་ཡོད་ཅིང་། སྔོན་ཆད་བོད་རྒྱ་ཧོར་གསུམ་གྱི་ནང་དུ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་། བར་སྐབས་ཏོག་ཙམ་ཉམས་ཆག་སོང་ཡོད་པར་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་བྱུང་བའི་རེ་བ་རྩེ་གཅིག་བྱེད་ཀྱི་ཡོད། ཧི་མ་ལ་ཡའི་རི་རྒྱུད་ནང་དུའང་ངོས་ལ་དད་མོས་དང་དགའ་ཞེན་རྩེ་གཅིག་ཏུ་བྱེད་མཁན་མང་པོ་འདུག ཅེས་གསུངས་སོང་།

ངོས་ལ་ཆ་བཞག་ན་བྱང་ཆུབ་ཀྱི་སེམས་སྒོམ་གྱི་ཡོད། བྱང་ཆུབ་ཀྱི་སེམས་སྒོམ་གྱི་ཡོད་དུས། བྱང་ཆུབ་ཀྱི་སེམས་ཀྱིས་ཁ་ཡོད་ལག་ཡོད་ཐོག་མི་ལ་ཕན་ཐོགས་བྱེད་པ་དེར་དད་པ་དང་དམ་ཚིག་ཡོད་པའི་མི་མང་དང་འབྲེལ་བ་ཆགས་ཡོད། ཁྱེད་ཚོས་ཀྱང་ལྷག་བསམ་རྣམ་དག་གིས་བརྟན་བཞུགས་གནང་པ་རེད་ལ། ངོས་ལ་ཆ་བཞག་ནའང་བོད་རྒྱ་ཧོར་གསུམ་གྱི་ཆོས་དད་ཡོད་པ་གཙོ་བོ་ཡིན་པའི་ཐོག ད་སྔ་སངས་རྒྱས་ཀྱི་ཆོས་དང་འབྲེལ་བ་མེད་པའི་མི་མང་པོ་ཞིག་གིས་ངོས་ལ་དགའ་བོ་བྱེད་པ་དང་། ཚན་རིག་པའི་ནང་ནས་ཀྱང་དགའ་བོ་བྱེད་མཁན་ཞེ་དྲགས་ཡོང་གི་འདུག རྒྱ་ནག་ལ་ཆ་བཞག་ན་རྒྱ་མི་གུང་ཁྲན་ཏང་ཡོན་གྱི་ནང་ནས་ངོས་ལ་དགའ་མོས་བྱེད་མཁན་ཤུགས་ཆེན་པོ་འདུག ཅེས་གསུངས་སོང་།

བོད་པའི་སློབ་གྲྭ་ཁག་ཅིག་ནས་བརྟན་བཞུགས་བསྟར་འབུལ་ཞུས། ༢༠༢༣།༠༤།༠༥

ཡང་༧གོང་ས་མཆོག་ནས་ངོས་རང་འཚོ་རྒྱུ་ངོས་གཅིག་པོའི་ཆེད་དུ་མ་ཡིན་པར་བོད་ཆོལ་ཁ་གསུམ་གྱི་རྒྱ་ཆེ་མི་མང་དང་། འཛམ་གླིང་གི་མི་མང་པོས་དགའ་བོ་བྱས་ནས་བློ་སེམས་གཏད་ས་བྱེད་ཀྱི་ཡོད་པས། ངོས་ཀྱིས་ཚེ་རིང་པོ་བསྡད་ཐུབ་པའི་སྨོན་ལམ་རྒྱག་བཞིན་ཡོད་ལ། དེ་རིང་འདིར་ཚེ་མཆོག་གནང་བཞིན་ཡོད་པ་དང་། ཁྱེད་ཚོས་ཀྱང་ཐུགས་སྨོན་སྐྱབས་འཇུག་རྒྱ་ཆེར་གནོངས་དང་། ངོས་ཀྱིས་ཀྱང་ལོ་བརྒྱ་དང་བཅུ་ལྷག་བསྡད་ཐུབ་པའི་སེམས་ཤུགས་ཡོད་ལ་སྨོན་ལམ་ཡང་རྒྱག་བཞིན་ཡོད། གང་ལྟར་བསྟན་པ་དང་འགྲོ་བའི་ཆེད་དུ་ཕྱོགས་གང་ཅིའི་ཐོག་ལ་ཕན་ཐོགས་ཡོང་ཐུབ་བའི་སེམས་ཤུགས་ཡོད། ངོས་ཀྱི་གཟུགས་པོར་ཆ་བཞག་ནའང་བདེ་ཐག་ཆོད་ཡོད། མ་བདེ་བ་གང་ཡང་མི་འདུག པུས་མོ་ཏོག་ཙམ་ཁག་པ་མ་གཏོགས། ཨབ་ཏང་(གཡུག་རེས་ཤུགས་ཚད་འགྲན་པ)རྩེད་ཐུབ་པ་ཡོད། འདིར་དངོས་སུ་ཡོད་པའི་བརྟན་བཞུགས་ཕུལ་མཁན་དང་། ཆོལ་ཁ་གསུམ་གྱི་གཞིས་ལུས་བོད་རྒྱ་ཆེའི་མི་མང་དང་། རྒྱ་རིགས་མི་མང་། དེ་བཞིན་འཛམ་གླིང་སྟེང་གི་ཆོས་ཙམ་མིན་པར་སེམས་པ་བཟང་པོའི་ཐོག་ནས་མི་ཚེ་བསྐྱལ་བའི་བསམ་བློ་ཡོད་མཁན་གྱི་མི་མང་པོས་ངོས་ལ་དགའ་མོས་བྱེད་ཀྱི་ཡོད་པས། ངོས་ཀྱི་ཚེ་རིང་དུ་བསྡད་ཐུབ་བྱུང་ན་མི་མང་པོ་ཞིག་ལ་ཕན་ཐོགས་འབྱུང་བ་ཞིག་དངོས་སུ་མཐོང་གི་འདུག རང་གཞན་དོན་ནི་རབ་སྒྲུབ་ཕྱིར།། བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི།། བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས།། སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར།། བྱང་ཆུབ་སྤྱོད་མཆོག་ཡིད་འོང་བསྐྱེད་པར་བགྱི།། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། ཅེས་པའི་སེམས་བསྐྱེད་ངོས་ཀྱིས་ཉིན་རེ་བཞིན་འདོན་གྱི་ཡོད་པ་མ་ཟད་སྒོམ་བཞིན་ཡོད། དེ་རིང་འདིར་དངོས་སུ་འདུས་ཡོད་པ་ཁྱེད་ཚོས་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་རིང་པོ་བཞུགས་ཐུབ་པའི་དམ་ཚིག་ཟུང་ཁ་གཅིག་སྒྲིལ་གྱིས་སྨོན་ལམ་རྒྱག་གི་ཡོད་པ་རེད། གཞིས་ལུས་རྒྱ་ཆེ་མི་མང་གིས་ཀྱང་དེ་བཞིན་སྨོན་ལམ་རྒྱག་གི་ཡོད་པ་རེད། འཛམ་གླིང་གི་མི་མང་པོར་ཕན་ཐོགས་ཀྱི་ཡོད་པ་ངོས་ཀྱིས་མཐོང་གི་འདུག ཅེས་སོགས་གསུངས་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག་གིས་རཱ་མོན་མཱག་སའེ་སའེ་གཟེངས་རྟགས་ཐེབས་རྩའི་ཚོགས་མི་རྣམས་ལ་མཇལ་འཕྲད། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༣།༠༤།༢༦
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་མཇལ་རྗེས་ང་ཚོའི་སེམས་ལ་ཞི་བདེའི་ཚོར་བ་ཆེན་པོ་བྱུང་སོང་།

༢༠༢༣/༠༤/༢༧
༧གོང་ས་མཆོག་གིས་ཧྤ་རན་སི་སྐུ་ཚབ་ཚོགས་ཆུང་དང་མཇལ་འཕྲད་གནང་བ། ༢༠༢༣།༤།༢༤ ཉིན། དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཧྥ་རན་སིའི་སྐུ་ཚབ་ཚོགས་ཆུང་ཞིག་གིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༣/༠༤/༢༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་གོ་ལའི་ནང་པའི་ཚོགས་མགོན་དུ་བཀའ་སློབ་བསྩལ།

༢༠༢༣/༠༤/༢༡
ལ་དྭགས་ཀྱི་རྩིས་ལོ་ ༢༠༢༣་་༢༤ ལོའི་སྔོན་རྩིས་གྲོས་ཚོགས་ཚོགས་དུས། ལ་དྭགས་བང་ཆེན་གྱི་དྲ་ལམ་ནས་བླངས།
Mobile App

རྒྱ་གར་གྱི་གསར་ཁང་རེ་ཟུང་ལ་དྭགས་སུ་བཀག་སྡོམ་གནང་རྒྱུ་སྤྱི་མོས་གཏན་འབེབས་བྱུང་།

༢༠༢༣/༠༤/༡༩
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལྡི་ལི་རུ་ཞབས་སོར་བདེ་བར་བཀོད། ༢༠༢༣།༠༤།༡༩ བོད་མིའི་སྒྲིག་འཛུགས་ཀྱི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས།

༢༠༢༣/༠༤/༡༩
His Holiness the Dalai Lama and the Chief Minister Prem Singh Tamang share a hearty laugh during their meeting at His Holiness’ residence, Dharamshala. Photo/OHHDL 8/11/2019
Mobile App

ཧི་མ་ལ་ཡའི་རི་རྒྱུད་ཀྱི་གནད་ཡོད་མི་སྣས་གཞི་མེད་མཚན་སྨོད་ཞུ་མཁན་ལ་ངོ་རྒོལ་གྱི་བསྒྲགས་གཏམ་སྤེལ།

༢༠༢༣/༠༤/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist