མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཐེངས་བཞི་པ་འཚོག་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༤/༠༧
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བཞི་པ་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ཉིན་གྲངས་གསུམ་རིང་འཚོག་བཞིན་འདུག

ནོར་གླིང་དུ་བོད་རྒྱ་འབྲེལ་མོལ་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་བཞི་པ་བསྡུས། བོད་མིའི་སྒྲིག་འཛུགས་ཀྱི་པར།

ཕྱི་ཟླ་ ༤ ཚེས་ ༦ ནས་ཉིན་གྲངས་གསུམ་རིང་བཞུགས་སྒར་དྷ་སའི་ཉེ་འཁྲིས་ཀྱི་ནོར་བུ་གླིང་ཁ་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་ཐེངས་བཞི་པ་འཚོག་བཞིན་ཡོད་པ་དང་། ཐེངས་འདིའི་ཚོགས་ཐོག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་དབུས་ཐབས་ཇུས་ཚོགས་ཆུང་གི་སློབ་སྟོན་པ་གསུམ་སྟེ། བཀའ་ཟུར་བསྟན་པ་ཚེ་རིང་ལགས། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས། ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་བཅས་དང་། དེ་བཞིན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག  གཏན་འཇགས་ཐབས་ཇུས་ཚོགས་ཆུང་གི་ཚོགས་མི་བཀའ་དྲུང་ཡིག་ཚང་གི་ཆབ་སྲིད་དྲུང་ཆེ་བཀྲ་ཤིས་རྒྱ་མཚོ་ལགས་དང་། བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་ལགས། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་བཅས་འཛོམས་འདུག

ཚོགས་འདུའི་ཐོག་གཏན་འཇགས་ཚོགས་ཆུང་གི་ཐོག་མའི་དམིགས་འདུན་བཞིན་མ་འོངས་པའི་ལས་དོན་གནང་ཕྱོགས་དང་ད་སྔ་བར་གྱི་ཚོགས་འདུ་ཐེངས་གསུམ་རིང་གི་ལས་དོན་ཁག་ལ་བསྐྱར་ཞིབ་དང་བོད་རྒྱ་འབྲེལ་མོལ་གྱི་ཐབས་ཇུས་སོགས་ཀྱི་སྐོར་ལ་གོ་བསྡུར་གནང་གི་ཡོད་འདུག

ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༡༣ ཉིན་སྐབས་བཅུ་དྲུག་པའི་བཀའ་ཤག་གིས་བོད་རྒྱ་འབྲེལ་མོལ་ཐབས་བྱུས་འཆར་འགོད་ཚོགས་ཆུང་གསར་འཛུགས་གནང་སྟེ། ཕྱི་ལོ ༢༠༢༡ ཟླ་ ༡༡ ཚེས་ ༡༦ ནས་ ༡༨ བར་ཉིན་གསུམ་རིང་བཞུགས་སྒར་དྷ་སའི་ཉེ་འཁྲིས་ནོར་གླིང་གི་རྒྱ་གར་གྱི་ (Imperial Heights) གསོལ་མགྲོན་ཁང་དུ་བོད་རྒྱ་འབྲེལ་མོལ་གྱི་གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་ཚོགས་ཡོད་པ་དང་། ཕྱི་ལོ ༢༠༢༢ ཟླ་ ༧ ཚེས་ ༢༧ ནས་ ༢༩ བར་ཉིན་གསུམ་རིང་བཞུགས་སྒར་དྷ་སར་ཡོད་པའི་ཨེ་ཤ་ཡའི་གསོལ་མགྲོན་ཁང་ (Asia Health Resort) དུ་ཚོགས་འདུ་ཐེངས་གཉིས་པ་ཚོགས། དེ་བཞིན་འདས་ལོའི་ཕྱི་ཟླ ༡༡ ་ཚེས་ ༢༥ ནས་ ༢༧ བར་ཉིན་གྲངས་གསུམ་རིང་བཞུགས་སྒར་ཉེ་འཁྲིས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ལྟེ་གནས་ཁང་དུ་ཚོགས་ཆུང་གི་ཚོགས་འདུ་ཐེངས་གསུམ་པ་ཚོགས་ཡོད་པ་རེད།

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Sikyong Penpa Tsering met with Councillor Robert Aldridge, Rt. Hon. Lord Provost of the City of Edinburgh and Councillor Cammy Day, Leader of the Edinburgh Council, at the City Chambers today on 27 April 2023.
Mobile App

སྲིད་སྐྱོང་མཆོག་གིས་སི་ཀོ་ཊ་ལན་ཌིའི་གྲོས་ཚོགས་འཐུས་མིར་མཇལ་འཕྲད་གནང་།

༢༠༢༣/༠༤/༢༨
སྲིད་སྐྱོང་མཆོག་ནས་རྒྱ་ནག་གིས་མི་ངོ་༧༢ རིང་བོད་་དུ་མི་སེར་སྤེལ་བའི་དབང་བསྒྱུར་བྱས་པའི་བརྗོད་གཞིའི་ཐོག་དྲ་ལམ་གསུང་བཤད་གནང་བ། ༢༠༢༣།༠༤།༢༤
Mobile App

སྲིད་སྐྱོང་མཆོག་གིས་ཡུ་རོབ་རྒྱལ་ཁབ་བཞིའི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པ།

༢༠༢༣/༠༤/༢༥
ཧྥ་རན་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོས་དབུས་སྐུ་ཚབ་ཚོགས་ཆུང་གིས་སྲིད་སྐྱོང་མཆོག་དང་མཇལ་འཕྲད་གནང་། ༢༠༢༣།༠༤།༢༠ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཧྥ་རན་སིའི་སྐུ་ཚབ་ཚོགས་ཆུང་ཞིག་དྷ་སར་གཟིགས་སྐོར་དུ་ཕེབས་འདུག

༢༠༢༣/༠༤/༢༡
Mobile App

༧གོང་ས་མཆོག་གིས་ཕྲུ་གུ་ཞིག་ལ་མཇལ་ཁ་གནང་བའི་སྐོར་ལ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་གསལ་བཤད།

༢༠༢༣/༠༤/༡༥
CTA Sikyong Penpa Tsering at The Foreign Correspondents’ Club of South Asia, New Delhi, 2023 April 13.
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་མཚན་ཤས་བཟོ་མཁན་ཚོར་ཆབ་སྲིད་ཀྱི་དམིགས་འབེན་ཡོད་སྐོར་གསུངས།

༢༠༢༣/༠༤/༡༤
ཨ་རིའི་སྐུ་ཚབ་ཚོགས་ཆུང་དང་བོད་ཁྱིམ་སློབ་ཕྲུག་ལྷན། ༢༠༢༣། ༤། ༡༣། བོད་ཁྱིམ་སློབ་གྲྭའི་པར།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་སྐུ་ཚབ་ཚོགས་ཆུང་ཞིག་དྷ་སར་ཕེབས། 

༢༠༢༣/༠༤/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist