མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་ཐའེ་གཉིས་ཀྱི་མགོ་ཁྲིད་ཐུག་འཕྲད་ཀྱིས་རྒྱ་ནག་ལ་སུན་པོ་བཟོས།

བོད་ཀྱི་དུས་བབ།
༢༠༢༣/༠༤/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཨ་རི་དང་ཐའེ་ཝན་གྱི་མགོ་ཁྲིད་ཐུག་འཕྲད་དང་འབྲེལ་རྒྱ་ནག་གིས་ཨ་རིའི་སློབ་གསོའི་ལྟེ་གནས་ཁང་གཉིས་ལ་ཉེས་ཆད་བཏང་ཡོད་འདུག

GETTY IMAGES

རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། ད་ལྟའི་ཆར་ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཡེ་ཝན་ལགས་དབུས་ཨ་མེ་རི་ཁའི་རྒྱལ་ཁབ་ཅིག་ཏུ་གཞུང་འབྲེལ་ཕྱོགས་སྐྱོད་བྱེད་བཞིན་པ་དང་བསྟུན། ཟླ་འདིའི་ཕྱི་ཚེས་ ༥ ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཁོང་མོར་མགོ་ཁྲིད་ཀྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་པ་དང་སྟབས་བསྟུན། ལྕམ་ཚའེ་ཡེ་ཝན་དང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ཀེ་ཝིན་མཱག་ཁ་ཐེ་ (Kevin McCarthy) གཉིས་ཐུག་འཕྲད་བྱས་པའི་ཐད། ཁ་སང་དང་དེ་རིང་ད་དུང་རྒྱ་ནག་གཞུང་གིས། ཐའེ་ཝན་མཚོ་འགོག་ཏུ་དམག་འཐབ་མཚོ་གྲུ་གསུམ་མངག་གཏོང་བྱས་ཏེ། འཐབ་འཁྲུག་གནམ་གྲུ་ཆེད་དུ་ཐའེ་ཝན་གྱི་རྒྱལ་སྲུང་མཁའ་ལམ་དུ་འཛུལ་ནས་ཐའེ་ཝན་ལ་འཇིགས་སྐུལ་བྱས་དང་བྱེད་བཞིན་ཡོད་འདུག

ཡང་། ཁ་སང་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཐའེ་ཝན་ནང་གཞུང་འབྲེལ་ཕྱོགས་སྐྱོད་སླད་འབྱོར་ཡོད་པ་དང་། ཚོགས་ཆུང་དེའི་ནང་དུ་ཡོད་པའི་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་  (Michael McCaul) ལགས་ཀྱིས། ང་ཚོ་འདིར་ཡོང་དོན་ནི་ཨ་རིས་ཐའེ་ཝན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མཚོན་པ་མ་ཟད། ང་ཚོས་ཐའེ་ཝན་ལ་བཟུང་བའི་སྲིད་ཇུས་ཇེ་བརྟན་དུ་གཏོང་བ་དང་ལྷན་དུ། རྒྱ་ནག་གཞུང་ནས་ཐའེ་ཝན་ལ་བཙན་འཛུལ་བྱ་རྒྱུར་བསམ་བློ་བསྐྱར་དུ་གཏོང་དགོས་པའི་བརྡ་ལན་ཀྱང་གཏོང་གི་ཡོད། ཅེས་བརྗོད་འདུག

ད་ལྟ་ཨ་རི་དང་ཐའེ་ཝན་གཉིས་ཀྱི་འབྲེལ་ལམ་གོང་འཕེལ་དུ་འགྲོ་བཞིན་པ་དང་འབྲེལ། དེ་རིང་རྒྱ་ནག་གཞུང་འབྲེལ་གསར་ཁང་གོ་ལའི་དུས་བབ་ཟེར་བའི་སྟེང་།  ཚོགས་གཙོ་སྐུ་ཞབས་ཀེ་ཝིན་མཱག་ཁ་ཐེ་དང་ལྕམ་ཚའེ་ཡེ་ཝན་གཉིས་ཐུག་འཕྲད་བྱས་པའི་ཐད།  རྒྱ་ནག་གཞུང་གིས་ད་ནས་བཟུང་རྒྱ་ནག་གི་སློབ་གསོ་ལྟེ་ཁང་དང་སློབ་གྲྭ་ཆེན་མོ། དེ་བཞིན་ཚོགས་སྡེ་གཞན་དང་མི་སྒེར་སོགས་ནས། ཨ་རིའི་ (Hudson Institute)ཞིབ་འཇུག་ལྟེ་གནས་ཁང་དང་དཔེ་མཛོད་ཁང་ (Ronald Reagan Presidential Library) གཉིས་ལ་འབྲེལ་འདྲིས་བྱེད་མི་ཆོག་པ་མ་ཟད། ཚོགས་པ་དེ་གཉིས་ཀྱི་འབྲེལ་ཡོད་འགན་འཛིན་བཞི་རྒྱ་ནག་ཏུ་ཡོང་མི་ཆོག་པའི་ཁྲིམས་ཆད་བཏང་ཡོད་པ་དང་། ཚོགས་པ་དེ་གཉིས་ཀྱིས་ལྕམ་ཚའེ་ཡེ་ཝན་ལ་ཨ་རིའི་ནང་ཐའེ་ཝན་རང་བཙན་དང་འབྲེལ་བའི་ཁ་བྲལ་གྱི་བྱ་འགུལ་སྤེལ་བཅུག་པ་མ་ཟད། རྒྱ་ནག་གཅིག་གི་སྲིད་ཇུས་དང་མཉམ་གནས་མངའ་ཁོངས་ཀྱི་བདག་སོགས་ལ་གཏོར་བརླག་ཚབས་ཆེན་བཏང་ཡོད་སྐོར་སོགས་བཀོད་འདུག

བྷི་བྷི་སི་གསར་ཁང་གི་གནས་ཚུལ་ལྟར་ན། ད་ལན་ལྕམ་ཚའེ་ཡེ་ཝན་ཨ་རིར་བསྐྱོད་སྐབས་ནི་ཨ་རིའི་ནང་རྒྱ་ནག་ལ་མི་དགའ་བའི་སེམས་ཚོར་ཤུགས་ཆེན་ཡོད་སྐབས་ཤིག་ཡིན་པ་དང་། ཨ་རིའི་ངོས་ནས་ཀྱང་ཆེད་དུ་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་པ་ཐའེ་ཝན་དང་ཉི་ཧོང་། ཀོ་རི་ཡ་སོགས་སུ་མངག་གཏོང་བྱས་ཏེ་རྒྱ་ནག་ལ་སུན་གཙེར་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་ཨ་རིའི་སྟོབས་ཤུགས་རྒྱ་སྐྱེད་གཏོང་གི་ཡོད་ཅིང་། དམིགས་བསལ་རྒྱ་ནག་གཞུང་གིས་རྒྱུན་ལྡན་ལྟར་ཐའེ་ཝན་གྱི་གནད་ཡོད་མི་སྣ་ཨ་རིར་ཡོང་བ་ཁ་ལ་འཁྱེར་ནས་ཐའེ་ཝན་ལ་བཙན་འཛུལ་བྱ་རྒྱུ་མེད་པའི་ལན་འདེབས་ཤིག་ཀྱང་བྱས་འདུག

སྤྱིར་དེང་སྐབས་རྒྱ་ནག་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་རྒྱལ་སྤྱིའི་སྟེང་ཐའེ་ཝན་གྲོགས་མེད་ཁེར་རྐྱང་དུ་འཕུད་ཐབས་བྱེད་བཞིན་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༥ ལོར་དམག་འཁྲུག་བརྒྱག་དགོས་ཐུག་ཀྱང་དམག་འཁྲུག་བརྒྱབ་སྟེ་ཚུར་རྒྱ་ནག་གི་འོག་ཏུ་བསྡུ་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་དང་། ལྕམ་ཚའེ་ཡེ་ཝན་ཨ་རིར་སྐད་བཏང་བ་དང་། རྒྱ་ནག་གིས་ཐའེ་ཝན་གྱི་སྲིད་འཛིན་ཟུར་བ་མཱ་ཡེན་ (Ma Ying-jeou) ཟེར་རྒྱ་ནག་ཏུ་འབོད་འགུག་བྱས་ཏེ། རྒྱ་ནག་གི་གྲོང་ཁྱེར་ལྔའི་ནང་ལྟ་སྐོར་དུ་འཁྲིད་ཡོད་པ་མ་ཟད། ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་ནས་ད་བར་ཐའེ་ཝན་གྱི་སྲིད་འཛིན་ཟུར་བ་ཞིག་རྒྱ་ནག་ཏུ་འབོད་འགུག་བྱས་པ་ཐོག་མ་དེ་ཆགས་ཡོད་པ་རེད།

དམིགས་བསལ་ད་རེས་ཐའེ་ཝན་གྱི་སྲིད་འཛིན་དང་སྲིད་འཛིན་ཟུར་བ་གཉིས་ལས་གཅིག་ཨ་རི་དང་གཅིག་རྒྱ་ནག་ཏུ་བསྐྱོད་པ་དེས། ཐའེ་ཝན་གྱི་འཕྲལ་ཕུགས་རྒྱང་གསུམ་ལ་ཤུགས་རྐྱེན་བཟོས་ཡོད་ཅིང་། བྱེ་བྲག་ཏུ་ཕྱི་ལོ་ ༢༠༢༤ ལོར་ཐའེ་ཝན་ནང་སྲིད་འཛིན་འོས་བསྡུ་ཆེན་མོ་བྱ་རྒྱུ་ཡིན་པར་ཤུགས་རྐྱེན་ཐེབས་ཀྱིན་ཡོད་པ་དབྱེ་ཞིབ་པས་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་གཏན་འབེབས་གནང་།
Mobile App

ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་གཏན་འབེབས་གནང་།

༢༠༢༤/༠༢/༡༦
Nauru cuts diplomatic ties with Taiwan in favour of China.
Mobile App

ནཱ་རུ་རྒྱལ་ཁབ་ཀྱིས་ཐའེ་ཝན་དང་ཕྱི་འབྲེལ་བཅད།

༢༠༢༤/༠༡/༡༦
༧གོང་ས་མཆོག་ནས་ཐའེ་ཝན་གྱི་སྲིད་འཛིན་གསར་པ་ལི་ཆིན་ཏི་མཆོག་ལ་འཚམས་འདྲི་མཛད། པར་དུས་བབ་ཀྱིས་བསྒྲིགས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐའེ་ཝན་གྱི་སྲིད་འཛིན་གསར་པར་འཚམས་འདྲི་མཛད། 

༢༠༢༤/༠༡/༡༤
Uyghur protesters and supporters rally in front of the UN Headquarters in Geneva during the Universal Periodic Review of China's human rights record, Nov. 6, 2018.
Mobile App

འཛམ་གླིང་རྒྱལ་ཁབ་ ༥༡ གིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས།

༢༠༢༣/༡༠/༢༡
རྒྱ་ནག་གཞུང་གིས་མགོ་ལོག་ཁུལ་རྨ་སྟོད་རྫོང་ཁོངས་སུ་བཙུགས་པའི་གཏན་འཇགས་སློབ་གྲྭ་ཞིག་གི་འཛིན་ཁང་། ༢༠༢༢།༠༥ པར་བོད་ནས་འདི་གར་མཁོ་སྤྲོད་བྱས།
Mobile App

བོད་ལྗོངས་ཀྱི་གོང་འཕེལ་གླེང་སྟེགས་ཟེར་བའི་ཐོག་རྒྱ་ནག་གཞུང་གིས་འཁྱོག་བརྗོད་ཆེན་པོ་བྱས།

༢༠༢༣/༠༥/༢༥
Ukrainian President Volodymyr Zelensky (right) hoped the call with Chinese leader Xi Jinping would give impetus to relations with Beijing.
Mobile App

ཞི་ཅིན་ཕིང་དང་ཛེ་ལེན་སི་ཀི་གཉིས་ཀྱིས་ཁ་པར་ལམ་ནས་ཁ་བརྡ་བྱས།

༢༠༢༣/༠༤/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese