མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

བོད་ཀྱི་དུས་བབ།
༢༠༢༦/༠༨/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཐའེ་ཝན་སྲིད་གཞུང་གིས་རྒྱ་ནག་གཞུང་གིས་ལྷོ་ཤར་ཨེ་ཤ་ཡའི་མཚོ་འགག་ཁུལ་དུ་དམག་དོན་གྱི་དབངཤུགས་སྐྱེད་མུས་ཡིན་པའི་དུས་སྐབས་དང་བསྟུན། རྒྱལ་ཁབ་ཀྱི་བདེ་སྲུང་དོ་དམ་དང་དམག་གི་སྟོབས་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་རྒོལ་ལན་བསློག་འཆར་ཡོད་འདུག

Annual Han Kuang military exercise, in Bali district, in New Taipei City, Taiwan, August 8, 2026. REUTERS/Cheng-Chia Huang

འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་ཐའེ་ཝན་གཙོས་ལྷོ་ཤར་ཨེ་ཤ་ཡའི་མཚོ་འགག་ཁུལ་དུ་དབང་ཤུགས་སྐྱེད་མུས་ཡིན་པ་མ་ཟད། ལྷག་པར་རྒྱ་ནག་གཞུང་གིས་གནམ་མཚོ་གཉིས་ནས་ཐའེ་ཝན་ལ་དམག་དོན་གྱི་ཐོག་ནས་འཇིགས་སྐུལ་བྱེད་མུས་ཡིན་པ་ལྟར། ཕྱི་ལོ་ ༢༠༢༧ ལོ་ནས་བཟུང་ཐའེ་ཝན་གཞུང་གིས་ཐའེ་སྒོར་ཁྲག་ཁྲིག་ཆེན་མོ་༡། ༡ (ཨ་སྒོར་ཐེར་འབུམ་ ༣༡ ) ལྷག་གི་འགྲོ་གྲོན་བཏང་ནས་རྒྱལ་ཁབ་ཀྱི་བདེ་སྲུང་སྲ་བརྟན་དང་རྒྱ་ནག་གི་དབང་ཤུགས་ལས་འགོག་སྲུང་བྱ་རྒྱུའི་གྲོས་འཆར་ཞིག་བཏོན་ཡོད་ཅིང་། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་དངོས་སུ་ལག་བསྟར་བྱ་ཐུབ་རྒྱུའི་རེ་བ་བྱེད་ཀྱིན་འདུག་ལ།  དེ་ནི་ཐའེ་ཝན་གཞུང་གི་རྩིས་ལོ་སྔོན་མའི་དམག་དོན་དང་བདེ་སྲུང་གི་དངུལ་འབོར་ལས་བརྒྱ་ཆ་བཅུ་དྲུག་གིས་མཐོ་བ་ཡོད་འདུག

གནད་དོན་དེ་དང་འབྲེལ་ནས་ཟླ་འདིའི་ཕྱི་ཚེས་ ༨ ཉིན་ཐའེ་ཝན་གྱི་སྲིད་འཛིན་སྐུ་ཞབས་ལེ་ཆིན་ཏི་(賴清德) མཆོག་ཧན་ཀོང་(Han Kuang) དམག་དོན་སྦྱོང་བརྡར་ས་ཚིགས་སུ་ཆེད་ཕེབས་གནང་ཏེ། ཧན་ཀོང་དམག་སྦྱོང་གི་དམིགས་ཡུལ་ནི་དམག་དོན་བཀོད་འདོམས་ཚོད་བལྟ་དང་། དམག་དོན་ཐབས་ཇུས།  རྒྱལ་ཁབ་ཀྱི་སྲུང་སྐྱོབ་ནུས་པ་སོགས་ལ་ཚོད་ལྟ་བྱ་རྒྱུ་དེ་ཡིན། ཕྱི་ཕྱོགས་ཀྱི་(རྒྱ་ནག ) འཇིགས་སྐུལ་སྐབས་དམག་དོན་སྟོབས་ཤུགས་བསྐྱེད་ཐབས་དང་། མཚོ་དམག་ལ་རྒྱབ་སྐྱོར་ཆ་ཚང་བྱ་རྒྱུ་དེ་ཡིན། ཞེས་དང་། དམག་སྦྱོང་ཁྲོད་ཞུགས་མཁན་ཚང་མས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཀྱི་ཆེད་དུ་འབད་བརྩོན་གནང་དགོས་སྐོར་སོགས་གསུངས་འདུག

Taiwan’s President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)

ཕྱི་ལོ་ ༢༠༢༦ ལོར་རྒྱ་ནག་གཞུང་གི་རྒྱལ་སྲུང་དང་དམག་དོན་གྱི་དངུལ་འབོར་བརྒྱ་ཆ་༧ འཕར་ནས་ཨ་སྒོར་ཐེར་འབུམ་ ༢།༨༣ ཆགས་ཡོད་སྟབས། དེ་ནི་ཐའེ་ཝན་གྱི་འགོག་སྲུང་སྔོན་རྩིས་མ་དངུལ་ཐའེ་སྒོར་ཁྲག་ཁྲིག་ ༡།༡ ལས་ལྡབ་དགུ་ལྷག་གི་མང་བ་ཡིན་ལ། ཉེ་ལམ་ཡང་རྒྱ་ནག་བཅིངས་གྲོལ་དམག་མི་ཟེར་བས་ཐའེ་ཝན་གྱི་མཁའ་དབྱིངས་ས་ཚིགས་ཀྱི་ཁོངས་སུ་འཛུལ་ནས། དེང་རབས་ཅན་གྱི་དམག་དོན་མཁའ་གྲུ་སོགས་མངགས་གཏོང་བྱས་ཏེ་འཇིགས་སྐུལ་བྱས་ཡོད།

ད་ལན་ཐའེ་ཝན་སྲིད་གཞུང་གིས་དམག་དོན་དང་འགོག་སྲུང་གི་མ་དངུལ་མང་ཤོས་ཤིག་ནི་མི་མེད་དམག་དོན་གནམ་གྲུ་(unmanned systems) དང་། མཁའ་དབྱིངས་ལྟ་ཞིབ་དམག་དོན་བརྙན་ཆས་ (Drone) སོགས་ཀྱི་ཐོག་ལ་གཏང་འཆར་ཡོད་ཅིང་། དེ་ནི་གཙོ་བོ་ཨ་རིའི་མི་མེད་གོ་མཚོན་ལ་བརྟེན་པའི་དམག་དོན་ལས་དཔེ་བླངས་བ་ཞིག་ཡིན་ཞིང་། ལྷག་པར་ཨུ་རུ་སུས་ཡུ་ཁེ་རིན་ལ་བཙན་འཛུལ་བྱེད་མུས་ཡིན་པའི་དུས་སྐབས་དང་། དེང་གི་འཛམ་གླིང་གི་དམག་འཁྲུག་ཁྲོད་མི་མེད་གོ་མཚོན་ནི་མེད་དུ་མི་རུང་བའི་མཚོན་ཆ་ཞིག་ཏུ་གྱུར་ཡོད་ལ། ལྷག་པར་ཐའེ་ཝན་གྱི་ས་ཁམས་ཆགས་ཚུལ་ཐད་ནས་མི་མེད་དམག་དོན་གོ་མཚོན་དེ་དག་ནི་མེད་དུ་མི་རུང་བ་ཞིག་ཏུ་གྱུར་ཡོད་དེ། དེས་རྒྱ་ནག་གི་དམག་དཔུང་དང་། མཚོ་གྲུ་སོགས་ལ་ཚོད་འཛིན་དང་ལྟ་ཞིབ་བྱ་ཐུབ་ཀྱི་ཡོད་པས།  ཟླ་འདིའི་ཕྱི་ཚེས་ ༥ ཉིན་ནས་ཐའེ་ཝན་གྱི་དམག་མི་རྣམས་ཧན་ཀོང་(Han Kuang) དམག་དོན་སྦྱོང་བརྡར་ཁྲོད་ཞུགས་ནས། མཁའ་དབྱིངས་ལྟ་ཞིབ་དམག་དོན་བརྙན་ཆས་ཚུད་པའི་དམག་དོན་སྦྱོར་བརྡར་བྱེད་མུས་ཡིན་འདུག

འདས་ལོའི་ཕྱི་ཟླ་ ༡༢ ནང་ཨ་རིས་ཐའེ་ཝན་སྲིད་གཞུང་ལ་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ ༡༡། ༡ ལྷག་གི་མཚོན་ཆ་བཙོང་རྒྱུ་ཡིན་པའི་གསལ་བསྒྲགས་སོགས་བྱས་ཏེ། ཕྱོགས་ཡོངས་ནས་ཐའེ་ཝན་གྱི་བདེ་སྲུང་གི་ཐད་ལ་རོགས་འདེགས་བྱེད་མུས་ཡིན་ཞིང་། གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས། ཨ་རིའི་ཐའེ་ཝན་ལ་རོགས་འདེགས་བྱེད་དོན་གཙོ་བོ་གཉིས་ནི་ཐའེ་ཝན་གྱིས་རྒྱ་ནག་གི་བཙན་འཛུལ་ལ་རྒོལ་ལན་བསློགས་ནས་རང་སྲུང་གི་ནུས་པ་ཇེ་མཐོར་གཏོང་ཐབས་དང་། གཉིས་ནས་ཨ་རིའི་དམག་དོན་རོགས་འདེགས་ཁོ་ནར་བརྟེན་མི་དགོས་པར། རྒྱལ་སྲུང་གི་འགན་འཁྲི་ཐའེ་ཝན་རྒྱལ་ཁབ་རང་ཉིད་ཀྱིས་ཁུར་དགོས་པའི་བརྡ་ལན་སྤྲོད་ཆེད་ཡིན་པའི་ཚོད་དཔག་བྱེད་ཀྱིན་འདུག

གསར་འགོད་པ། དཔལ་ལྡན།  རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Chinese Premier Li Qiang, right, is greeted by Ireland's Prime Minister Leo Varadkar at Farmleigh House on Wednesday, Jan. 17, 2024.Photo:INDEPENDENT
Mobile App

ཨེ་རི་ལེན་ཌིའི་སྲིད་བློན་གྱིས་རྒྱ་ནག་གི་སྲིད་བློན་ལི་ཆང་ལ་བོད་དོན་གླེང་སློང་གནང་འདུག 

༢༠༢༤/༠༡/༡༨
Nauru cuts diplomatic ties with Taiwan in favour of China.
Mobile App

ནཱ་རུ་རྒྱལ་ཁབ་ཀྱིས་ཐའེ་ཝན་དང་ཕྱི་འབྲེལ་བཅད།

༢༠༢༤/༠༡/༡༦
༧གོང་ས་མཆོག་ནས་ཐའེ་ཝན་གྱི་སྲིད་འཛིན་གསར་པ་ལི་ཆིན་ཏི་མཆོག་ལ་འཚམས་འདྲི་མཛད། པར་དུས་བབ་ཀྱིས་བསྒྲིགས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐའེ་ཝན་གྱི་སྲིད་འཛིན་གསར་པར་འཚམས་འདྲི་མཛད། 

༢༠༢༤/༠༡/༡༤
The Dalai Lama Foundation will exhibit 166 works of calligraphy by Ho Tsung-hsun to honor 166 Tibetans inside and outside China who have set themselves on fire as an act of resistance to Chinese Communist Party rule. PC-RFA
Mobile App

ཡིག་གཟུགས་སྒྱུ་རྩལ་གྱི་ལམ་ནས་རང་ལུས་མེར་སྲེག་གཏོང་མཁན་བོད་མི་རྣམས་ལ་ཆེ་བསྟོད་ཞུས།

༢༠༢༣/༡༢/༡༢
Chinese President Xi Jinping and US President Joe Biden take a walk after their talks at the Filoli estate in the US state of California on US local time November 15, 2023. Photo: Xinhua
Mobile App

ཨ་རིའི་སྲིད་འཛིན་མཆོག་གིས་ཞི་ཅིན་ཕིང་ལ་བོད་དོན་གླེང་སློང་གནང་ཡོད་འདུག 

༢༠༢༣/༡༡/༡༧
Under Secretary Zeya’s Remarks at a Congressional-Executive Commission on China  Hearing on China’s Global Transnational Repression Campaign. Screenshot . 15/9/23
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་བརྒལ་བའི་དྲག་གནོན་འཕྲལ་དུ་མཚམས་འཇོག་དགོས།

༢༠༢༣/༠༩/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese