མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲིམས་རྩོད་པ་གཉིས་ལ་བཙོན་འཇུག་ཁྲིམས་ཐག་བཅད།

བོད་ཀྱི་དུས་བབ།
༢༠༢༣/༠༤/༡༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་རྒྱ་རིགས་ཁྲིམས་རྩོད་པ་གཉིས་ལ་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་ནས་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

Xu Zhiyong and Ding Jiaxi in Guangzhou before their arrests in late 2019 and early 2020 respectively. Photograph: Reuters

ད་ལྟའི་ཆར་ཞི་ཅིན་ཕིན་གྱི་སྲིད་དབང་གཅིག་སྡུད་འོག་རྒྱ་ནག་ནང་སྨྲ་བརྗོད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སོགས་ལ་དྲག་གནོན་ཚབས་ཆེན་ཐེབས་བཞིན་ཡོད་པ་ལྟར། ཁ་སང་རྒྱ་ནག་ཧྲན་ཏུང་ཞིང་ཆེན་གྱི་ཁྲིམས་ཁང་ཞིག་གིས་རྒྱ་ནག་སྐད་གྲགས་ཆེ་བའི་ཁྲིམས་རྩོད་པ་ཤེ་ཀྲི་ཡཱོང་(许志永) ་དང་ཏིན་ཅཱ་ཞི་(丁家喜)གཉིས་ལ་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་བྱས་པའི་ཉེས་མིང་འོག ལོ་ ༡༤ དང་ ༡༢ ཀྱི་བཙོན་འཇུག་ཁྲིམས་ཐག་བསྟུད་མར་བཅད་ཡོད་པ་རེད།

སི་ཨན་ཨན་གསར་ཁང་གི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་ཤེ་ཀྲི་ཡཱོང་ལ་ལོ་ངོ་ ༡༤ ཡི་བཙོན་འཇུག་ཁྲིམས་ཐག་བཅད་པ་དེ་ནི། ཞི་ཅིན་ཕིན་གྱི་དྲག་གནོན་སྲིད་ཇུས་འོག་སྤྱི་དམངས་ཀྱི་བདེ་སྡུག་དང་འབྲེལ་བའི་ལས་འགུལ་སྤེལ་མཁན་ཞིག་ལ་ཁྲིམས་ཐག་དུས་ཡུན་རིང་ཤོས་ཆགས་ཡོད་སྐོར་བརྗོད་འདུག་པ་དང་། ཨ་རིར་གནས་སྡོད་བྱེད་བཞིན་པའི་སྐུ་ཞབས་ཤེ་ཀྲི་ཡཱོང་གི་བཟའ་ཟླ་ལོའུ་ཧྲན་ཁྲན་(罗升春) གྱིས། ཁོ་གཉིས་རྒྱ་ནག་ཧྲན་ཏུང་ཞིང་ཆེན་གྱི་ཁྲིམས་ཁང་ཞིག་ཏུ་གསང་བའི་ཁྲིམས་རར་བསྡུས་ཏེ་ཁྲིམས་ཐག་བཅད་ཡོད་ཀྱང་། ཁོ་གཉིས་ནས་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་བྱས་པའི་ཉེས་ཆད་ལ་ངོས་ལེན་བྱས་མེད་པ་རེད། ཅེས་འགྲེལ་བརྗོད་འདུག

ཁྲིམས་རྩོད་པ་ཤེ་ཀྲི་ཡཱོང་དང་ཏིན་ཅཱ་ཞི་གཉིས། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ནང་རྒྱ་ནག་གི་ལྷོ་ཤར་གྲོང་ཁྱེར་ཕྱཱ་མན་ (厦门) དུ། རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་ཁྲིམས་རྩོད་པ། འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་སོགས་ཀྱི་གསང་བའི་འདུ་འཛོམས་ཤིག་གི་ནང་མཉམ་ཞུགས་བྱས་པ་བརྟེན་ནས་རྗེས་འཛིན་བཟུང་བྱས་ཤིང་། ལོ་གཅིག་ལྷག་རིང་ཁྲིམས་རྩོད་པར་ཐུག་འཕྲད་བྱེད་དུ་བཅུག་མེད་པ་རེད། འོན་ཀྱང་། ཕྱི་ལོ་ ༢༠༢༡ གི་ལོ་མགོར་ཤེ་ཀྲི་ཡཱོང་གིས། རང་ཉིད་ཀྱི་ཁྲིམས་རྩོད་པར་ཞུ་གཏུག་གི་སྐད་ཆ་ཞིག་བཤད་པའི་ནང་། ང་ཚོའི་དུས་སྐབས་འདིར་རྒྱ་ནག་མང་གཙོར་བསྒྱུར་རྒྱུ་མངོན་འགྱུར་ཡོང་ཐུབ་དགོས། ང་ཚོས་མི་རབས་རྗེས་མ་ཚོར་འགན་འདི་བསྐུལ་མི་ཉན། ཞེས་བརྗོད་ཡོད་པ་རེད།

ཤེ་ཀྲི་ཡཱོང་དང་ཏིན་ཅཱ་ཞི་གཉིས་དེ་སྔ་ཕྱི་ལོ་ ༢༠༡༤ ལོར་ཡང་འཛིན་བཟུང་བྱས་མྱོང་བ་དང་། སྐབས་དེར་ཤེ་ཀྲི་ཡཱོང་གིས། མི་རབས་གསར་བའི་ཡོ་ལང་ཞེས་པའི་ངོ་རྒོལ་ལས་འགུལ་སྤེལ་ཏེ། རྒྱ་ནག་ནང་སྤྱི་དམངས་ཀྱི་ཐོབ་ཐང་དང་ཁྲིམས་ཀྱི་དབང་སྒྱུར། རྒྱ་ནག་གི་དཔོན་རིགས་ཚོའི་དཔལ་འབྱོར་གྱི་གནས་བབ་ཕྱི་གསལ་ནང་གསལ་བཟོ་དགོས་པ་སོགས་ཀྱི་འབོད་སྐུལ་བྱས་ཡོད་པ་རེད་ལ། ཕྱི་ལོ་ ༢༠༢༠ ལོར་ཤེ་ཀྲི་ཡཱོང་འཛིན་བཟུང་མ་བྱས་པའི་ཟླ་གཉིས་ཀྱི་གོང་དུ། ཁོས་ཞི་ཅིན་ཕིན་ལ་ཡི་གེ་ཞིག་བསྐུར་ཏེ། ཞི་ཡི་དཔལ་འབྱོར་དང་དམར་ཤོག་ཚོགས་པའི་སྲིད་ཇུས་སོགས་ལ་ནོར་སྐྱོན་ཆེ་བ་མ་ཟད། ཧོང་ཀོང་གི་རང་དབང་ཐོག་དྲག་གནོན་དང་ཝུའུ་ཧན་གྲོང་ཁྱེར་ནང་ཐོག་མར་ཏོག་དབྱིབས་གཉན་རིམས་ཐོག་སྟངས་འཛིན་ཡག་པོ་མ་བྱས་པ་སོགས་ཀྱི་སྐྱོན་བརྗོད་དང་འབྲེལ། ཞི་ཅིན་ཕིན་གྱིས་སྲིད་དབང་ནས་དགོངས་པ་ཞུ་དགོས་སྐོར་བརྗོད་ཡོད་འདུག

ཡང་ད་ལན་ཁྲིམས་ཆད་དང་འབྲེལ། ཤེ་ཀྲི་ཡཱོང་གི་ཁྲིམས་རྩོད་ལས་རོགས་ཐིན་བྷེའོ་ (Teng Biao) ཡིས། ཕྱི་ལོ་ ༢༠༡༥ ལོར་རྒྱ་ནག་གཞུང་གིས་ཁྲིམས་རྩོད་པ་དང་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ། དམངས་གཙོ་དོན་གཉེར་བ་སོགས་ཆེད་ལས་ཐོག་དྲག་གནོན་བྱེད་མགོ་བརྩམས་པ་ནས། ཤེ་ཀྲི་ཡཱོང་ལ་ད་བར་གྱི་བཙོན་འཇུག་ཁྲིམས་ཐག་ལྗིད་ཤོས་དེ་ཆགས་ཡོད། རྒྱ་ནག་གཞུང་གིས་གདུག་རྩུབ་ཆེ་བའི་བྱེད་ཐབས་སྣ་ཚོགས་སྤྱད་དེ་འགྲོ་བ་མིའི་ཐོབ་ཐང་དང་སྤྱི་དམངས་ཀྱི་ལས་འགུལ་སོགས་ལ་རྡོག་རྫིས་གཏོང་གི་ཡོད། ཅེས་བརྗོད་ཡོད་པ་དང་། ཤེ་ཀྲི་ཡཱོང་གི་བཟའ་ཟླ་ལོའུ་ཡིས། ཁོ་ཚོ་ཁྲིམས་རྩོད་པ་ཡིན་པ་དང་རྒྱ་ནག་གི་རྩ་ཁྲིམས་དང་ཁྲིམས་གཞིར་བཟུང་ལས་ཀ་བྱས་པ་ཙམ་རེད། འོན་ཀྱང་། རྒྱ་ནག་གཞུང་གིས་ཁྲིམས་རྩོད་པར་བཙོན་འཇུག་ཁྲིམས་ཐག་འདི་ཙམ་ལྗིད་མོ་བཅད་པ་ཡིན་ན། རྒྱ་ནག་ཁྲིམས་ཀྱི་དབང་སྒྱུར་འོག་གནས་པའི་རྒྱལ་ཁབ་ཅིག་ཡིན་པ་ཇི་ལྟར་གསལ་འདེབས་བྱེད་དམ། ཞེས་དོགས་འདྲིའི་ཚུལ་དུ་བརྗོད་འདུག

ཤེ་ཀྲི་ཡཱོང་ནི་ད་ལྟ་རང་ལོ་ ༥༠ ཡིན་པ་དང་པེ་ཅིན་གཙུག་ལག་སློབ་གྲྭ་ཆེན་མོ་ནས་ཁྲིམས་ལུགས་རིག་པའི་ཐོག་འབུམ་རམས་པ་ཐོན། ཁོས་ཕྱི་ལོ་ ༢༠༠༣ ནས་སྤྱི་དམངས་ཀྱི་བདེ་སྡུག་དང་འབྲེལ་ནས་ཁྲིམས་རྩོད་ལས་དོན་དང་ཞི་རྒོལ་ལས་འགུལ་མང་དག་ཅིག་གི་སྣེ་འཁྲིད་ཅིང་། ཁྲིམས་ལུགས་ཀྱི་གནས་བབ་ཐོག་ནས་རྒྱུན་དུ་རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་དག་གི་ཁ་གཏད་དུ་ལང་མཁན་ཞིག་ཡིན་སྟབས། ཁོ་རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་ཚོའི་མིག་ནང་གི་འཚེར་མ་ལྟ་བུར་གྱུར་ཡོད་པ་རེད། ཤེ་ཡི་གྲོགས་པོ་ཏིན་ཅཱ་ཞི་ནི་ད་ལྟ་རང་ལོ་་༥༥ ཡིན་པ་དང་མི་རབས་གསར་བའི་ཡོ་ལང་མགོ་འཛུགས་མཁན་གྱི་གྲས་ཡིན་པ་མ་ཟད། རྒྱ་ནག་ནང་ཆབ་སྲིད་ཀྱི་གནས་བབ་ལ་འགྱུར་བཅོས་གཏོང་དགོས་པའི་འབོད་སྐུལ་འོག་ལས་འགུལ་རབ་དང་རིམ་པ་སྤེལ་མྱོང་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese