མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དོ་དམ་བྱེད་པའི་སྲོལ་ཡིག་ལ་བསམ་ཚུལ་བསྡུ་བཞིན་ཡོད་པར་བཤད།

བོད་ཀྱི་དུས་བབ།
༢༠༢༣/༠༤/༡༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཆོས་ལུགས་དོན་གཅོད་སྐོར་གྱི་སྲོལ་ཡིག་ཟེར་བ་དེར་བསྐྱར་བཅོས་བྱེད་པར་དྲ་ལམ་དུ་དུས་ཡུན་ཟླ་བ་གཅིག་རིང་བསམ་ཚུལ་བསྡུ་ལེན་ཟེར་བ་ཞིག་བྱེད་ཀྱི་ཡོད་སྐོར་བསྒྲགས་འདུག

རྒྱ་ནག་སྲིད་འཛིན་སྡེ་ཁག་གི་དྲ་ངོས་གནས་ཚུལ།

ཕྱི་ཟླ་ ༣ ཚེས་ ༢༣ ནས་ཟླ་འདིའི་ཕྱི་ཚེས་ ༢༤ བར་གྱི་དུས་ཡུན་ཟླ་གཅིག་རིང་རྒྱ་ནག་ཆོས་དོན་ལྷན་ཁང་ཟེར་བས། ཆོས་ལུགས་སྤེལ་ཡུལ་དོ་དམ་བྱེད་ཐབས་ཟེར་བ་ཞིག་ལ་ཡོངས་ཁྱབ་བསམ་ཚུལ་བསྡུ་ལེན་བྱེད་ཀྱི་ཡོད་པའི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང་། སྤྱིར་བཏང་ཆོས་ལུགས་སྤེལ་ཡུལ་དོ་དམ་བྱེད་ཐབས་ཟེར་བ་དེ་ནི་ཕྱི་ལོ་ ༢༠༠༥ ལོར་ལག་བསྟར་བྱེད་མགོ་བརྩམས་པའི་ཆོས་ལུགས་དོན་གཅོད་སྐོར་གྱི་སྲོལ་ཡིག་ཟེར་བ་དེར་བསྐྱར་བཅོས་བྱས་པ་ཞིག་ཆགས་འདུག་ལ། ད་ལན་གྱི་བསམ་ཚུལ་བསྡུ་ལེན་དེ་རྒྱ་ནག་ཁྲིམས་འཛིན་ལྷན་ཁང་གི་སྲིད་གཞུང་ཁྲིམས་སྒྲིག་ཆ་འཕྲིན་དྲ་ལམ་དང་སྦྲག་ཐོག་བརྒྱུད་ནས་གཏོང་ཆོག་པ་སོགས་བསྒྲགས་འདུག

ཆོས་ལུགས་སྤེལ་ཡུལ་དོ་དམ་བྱེད་ཐབས་ཟེར་བ་དེར་དོན་ཚན་ཆེན་པོ་བཅུ་ཙམ་ཡོད་པའི་ནང་དུ། ཆོས་ལུགས་སྤེལ་ཡུལ་ཁག་གིས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་འཛིན་སྐྱོང་དང་། ཞི་ཅིན་ཕིན་གྱི་དུས་རབས་གས་པའི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ལག་བསྟར་དོན་འཁྱོལ་དང་། རྩ་ཁྲིམས་དང་བཅའ་ཁྲིམས། སྒྲིག་གཞི། ཆོས་ལུགས་ལས་དོན་དོ་དམ་དང་འབྲེལ་བའི་གཏན་འབེབས་ཁག་ལ་བརྩི་བཀུར། དེ་བཞིན་ཆོས་ལུགས་རྒྱ་ནག་ཅན་དུ་ཕྱོགས་པ་རྒྱུན་སྐྱོང་དང་། རང་གཙོ་རང་གཉེར་གྱི་རྩ་དོན་རྒྱུན་སྐྱོང་དང་། རྒྱལ་ཁབ་གཅིག་འགྱུར་དང་སྤྱི་ཚོགས་བརྟན་བརླིང་ལ་སྲུང་སྐྱོབ་བྱེད་དགོས་སྐོར་སོགས་བཀོད་འདུག

ཆོས་ལུགས་སྤེལ་ཡུལ་གྱི་ཚོགས་པ་དང་མི་སྒེར་སུ་ཡིན་ནའང་ཆོས་ལུགས་སྤེལ་ཡུལ་བེད་སྤྱད་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྤྱི་ཚོགས་ཀྱི་སྒྲིག་གཞིར་གཏོར་བརླག་གཏོང་མི་ཆོག་ལ། སྤྱི་མང་གི་འཕྲོད་བསྟེན་ལ་གནོད་སྐྱོན་མི་བཟོ་བ། རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་ཁེ་ཕན་སོགས་ལ་གཏོར་བརླག་གཏོང་མི་ཆོག་པ་སོགས་བཀོད་འདུག་ལ། གལ་སྲིད་ཆོས་ལུགས་སྤེལ་ཡུལ་གྱི་འགན་འཁུར་བ་དང་ཚོགས་མིས་གོང་བརྗོད་ཁག་ལ་འགལ་བའི་བྱ་སྤྱོད་སྤེལ་ཏེ་མི་མང་ཐད་ཀར་གོང་གཏུག་ཆོག་པ་མ་ཟད། ཆོས་ལུགས་སྤེལ་ཡུལ་རེ་རེར་མི་གསུམ་དང་དེ་ལས་མང་བའི་ལྟ་ཞིབ་ཚོགས་ཆུང་ངེས་པར་ཡོད་སྟབས། ལྟ་ཞིབ་པས་དུས་ནས་དུས་སུ་ལྟ་རྟོག་དང་ཞིབ་བཤེར་ནན་མོ་བྱེད་དགོས་སྐོར་བཀོད་འདུག

ཚོགས་ལུགས་དང་འབྲེལ་ཚོགས་པ་སོགས་ཐོ་འགོད་དང་ཞིབ་བཤེར་ནང་དུ། ཆོས་ལུགས་བྱེད་སྒོ་སྤེལ་བར་ས་གནས་རྫོང་རིམ་པའི་ཆོས་ལུགས་ལས་དོན་ཚན་པ་ནས་ཆོག་མཆན་ཞུ་དགོས་པ་མ་ཟད། རྒྱལ་ཡོངས་ཆོས་ལུགས་ཚོགས་པའི་སྒྲིག་གཞི་དང་མཐུན་དགོས་པ། འགྲོ་གྲོན་མ་དངུལ་ཁྲིམས་མཐུན་ཡིན་དགོས་སྐོར་དང་། ལས་དོན་ག་རེ་སྤེལ་ཡང་རྒྱལ་ཁབ་གཅིག་འགྱུར་དང་རྒྱལ་ཁབ་ཀྱི་བདེ་འཇགས་སོགས་ལ་སྲུང་སྐྱོབ་བྱེད་དགོས་སྐོར་བཀོད་འདུག་ལ།  དེ་བཞིན་ཆོས་ལུགས་བྱེད་སྒོ་སྤེལ་མཁན་གྱི་ཚོགས་མི་རྣམས་ཆབ་སྲིད་དང་། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་མི་གཏོང་བ་དང་། རྒྱལ་ཁབ་ཁ་བྲལ་གཏོང་བའི་བྱ་སྤྱོད་མི་སྤེལ་བ། འཇིགས་སྐུལ་བྱ་འགུལ་དང་འབྲེལ་བ་མེད་པ།  རྒྱལ་ཁབ་ཀྱིས་གཏན་འབེབ་བྱས་ཡོད་པའི་ཁྲིམས་དང་འགལ་ནས་ཞལ་འདེབས་རིགས་བསྡུ་མི་ཆོག་པ། ཆོག་མཆན་མ་ཐོབ་པར་ཆོས་ལུགས་བྱེད་སྒོའི་རིགས་སྤེལ་མི་ཆོག་པ་སོགས་བཀོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist