མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཉི་ཧོང་སྲིད་བློན་མཆོག་ལ་འཇབ་རྒོལ་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༤/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཉི་ཧོང་གི་བར་མའི་འོས་བསྡུའི་སྐབས་སུ་མི་ཞིག་གིས་ཉི་ཧོང་སྲིད་བློན་མཆོག་གི་ཕྱོགས་སུ་འབར་རྫས་གཡུག་འདུག་ཀྱང་གནོད་འཚེ་བྱུང་མི་འདུག

Japanese Prime Minister Fumio Kishida arrives for his outdoor speech at Saikazaki fishing port in Wakayama..Photo:Reuters

ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ཉི་ཧོང་གི་ཝ་ཀཱ་ཡཱ་མཱ་(Wakayama)གྲོང་ཁྱེར་གྱི་ལྷོ་ཕྱོགས་ཀྱི་འོས་བསྡུའི་དྲིལ་བསྒྲགས་སྐབས། ཉི་ཧོང་གི་སྲིད་བློན་ཧྥུ་མེའོ་ཁི་ཤཱི་ཌ་མཆོག་ཚོགས་བཅར་གནང་སྟེ་གཏམ་བཤད་གནང་སྐབས། མི་ཞིག་གིས་མི་ཚོགས་ཀྱི་གསེང་ནས་སྲིད་བློན་མཆོག་གི་འགྲམ་དུ་འབར་རྫས་གཡུག་སྟེ། སྲིད་བློན་མཆོག་དང་ཡུལ་དངོས་སུ་ཡོད་པའི་མི་མང་གནོད་སྐྱོན་མེད་ཀྱང་། ཉེན་རྟོག་པ་ཞིག་ལ་རྨས་སྐྱོན་ཅུང་ཙམ་ཕོག་ཡོད་པའི་གནས་ཚུལ་ཐོན་ཡོད་འདུག

དོན་རྐྱེན་དེ་བྱུང་མ་ཐག་ཉེན་རྟོག་པས་ཉི་ཧོང་སྲིད་བློན་མཆོག་གི་ཕྱོགས་སུ་འབར་རྫས་གཡུག་མཁན་གྱི་མིང་ལ་དྷེ་ཛི་ཁི་མུ་རཱ (Ryuji Kimura ) ཟེར་བའི་སྐྱེས་པ་རང་ལོ་ ༢༤ ཅན་ཞིག་འཛིན་བཟུང་བྱས་ཡོད་ཅིང་། ཁོ་ནི་་ཉི་ཧོང་ནུབ་ཕྱོགས་ཀྱི་ཆོ་གྷོ་(Hyogo) ས་ཁུལ་གྱི་མི་ཞིག་ཡིན་འདུག འོན་ཀྱང་། ཁོས་སྲིད་བློན་མཆོག་ཀྱི་ཕྱོགས་སུ་འབར་རྫས་གཡུག་དགོས་དོན་སོགས་ཐད་གསལ་ཁ་གང་ཡང་མེད་ཀྱང། ཉེན་རྟོག་པས་ཁོའི་ཁྱིམ་དུ་བསྔོ་བཤེར་བྱས་བརྒྱུད། ཐེངས་འདིའི་དོན་རྐྱེན་དང་འབྲེལ་བའི་ཅ་ལག་འབོར་ཆེན་རྙེད་ཡོད་པ་མ་ཟད། ཁོས་འབར་རྫས་གཉིས་དང་གྲི་ཞིག་འཁྱེར་ཡོད་པའང་ཤེས་རྟོགས་བྱུང་འདུག

ཐེངས་འདིའི་དོན་རྐྱེན་བྱུང་རྗེས་སྲིད་བློན་ཧྥུ་མེའོ་ཁི་ཤཱི་ཌ་(Fumio Kishida)མཆོག་གིས། ཉེན་རྟོག་པས་འོས་བསྡུའི་སྐབས་སུ་བྱུང་བའི་འབར་རྫས་ཀྱི་གནད་དོན་ལ་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་བྱེད་དགོས། ཐེངས་འདིའི་དོན་རྐྱེན་གྱིས་མི་མང་པོ་སེམས་འཚབ་བཟོས་ཡོད་པས་དགོངས་དག་ཞུ་རྒྱུ་ཡིན། ཉི་ཧོང་གི་རྒྱལ་ཁབ་ཀྱི་གལ་གནད་ཅན་གྱི་འོས་བསྡུ་ལས་རིམ་ཞིག་འགྲོ་བཞིན་ཡོད་པར། ཚང་མས་མཉམ་རུབ་ཀྱི་ཐོག་ནས་འབད་བརྩོན་བྱེད་དགོས་ངེས་ཡིན། ཞེས་དང་།ཡང་ཁོང་གིས། མི་འགྱངས་བར་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་རྣམས་ཀྱི་གནད་ཡོད་མི་སྣ་མང་པོ་ཉི་ཧོང་དུ་འཚམས་གཟིགས་སུ་ཕེབས་རྒྱུ་ཡིན་པས། ང་ཚོས་ངེས་པར་ཏུ་བདེ་འཇགས་དང་འགན་སྲུང་གི་ཆེད་དུ་ཧུར་ཐག་གིས་དོ་དམ་བྱེད་དགོས་པས།  ཐེངས་འདིའི་འོས་བསྡུ་ཡུལ་དངོས་སུ་བྱུང་བའི་འབར་རྫས་ཀྱི་དོན་རྐྱེན་འདི་ནི་བཟོད་གསོལ་བྱེད་མི་ཐུབ་པ་ཞིག་རེད། ཉེན་རྟོག་པ་རྣམས་ཀྱིས་ཐེངས་འདིའི་དོན་རྐྱེན་ལ་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་བྱེད་དགོས། ཞེས་གསུངས་འདུག

སྤྱིར་ཉི་ཧོང་ནང་མེ་མདས་བརྒྱབ་པའི་དོན་རྐྱེན་ཧ་ཅང་ཉུང་ཞིང་། ཉི་ཧོང་གཞུང་གིས་མེ་མདའ་སོགས་ཉར་ཚགས་བྱེད་པར་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་ཀྱང་། འདས་ལོ་ནས་བཟུང་སྲིད་ཟུར་ཨ་བྷེ་མཆོག་ལ་མེ་མདས་བརྒྱབ་པའི་དོན་རྐྱེན་དེ་ནི་ཀུན་གྱི་བློ་ཡུལ་དུ་ཤོང་དཀའ་བའི་གནད་དོན་ཞིག་ཏུ་གྱུར་ཡོད་ཅིང་། ཉི་ཧོང་གི་མེ་མདའ་ཉར་ཚགས་ཀྱི་ཁྲིམས་སྒྲིག་ཏུ་ལག་འཛིན་མེ་མདའ་ (hand gun) ཉོ་ཚོང་ཆོག་ཀྱང་། དེ་མིན་གྱི་མེ་མདའ་རིགས་ཉོ་ཚོང་དང་བདག་ཉར་གཏན་ནས་མི་ཆོག་པའི་ཁར། ལག་འཛིན་མེ་མདའ་ཉོ་མཁན་རིགས་ཀྱང་ཉིན་ལྟར་འཛིན་གྲྭར་འགྲོ་དགོས་པ་དང་། འབྲི་རྒྱུགས་དང་མེ་མདའ་འཕེན་སྟངས་ཀྱི་ཡིག་རྒྱུགས་ཀྱི་ཉུང་མཐའ་ཡང་བརྒྱ་ཆ་༩༥ ལོན་ཐུབ་པར་བྱ་དགོས་པ་མ་ཟད། མི་དེ་དག་གི་རྒྱབ་ལྗོངས་ཀྱི་གནས་སྟངས་སོགས་ལ་རྒྱུས་ལོན་དང་སྨྱོས་རྫས་རིགས་སྤྱོད་ཀྱི་ཡོད་མེད་བརྟག་དཔྱད་ནན་མོ་བྱེད་ཀྱི་ཡོད་འདུག

 གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist