མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མགྱོགས་མྱུར་ཀློད་གྲོལ་གཏོང་དགོས་པའི་སྐུལ་མ་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༤/༢༦
Share on FacebookShare on TwitterShare on EmailShare on Whatsapp

སྦེལ་ཇམ་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གིས་རྒྱ་ནག་གིས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དང་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ཀློད་གྲོལ་གཏོང་དགོས་པ་མ་ཟད། ༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་རྒྱ་ནག་ལ་ཐོབ་ཐང་ཅི་གང་མེད་པའི་སྐྱོན་བརྗོད་བྱས་འདུག

སྦེལ་ཇེམ་གྲོས་ཚོགས་ཕྱི་རྒྱལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ཨེལ་སི་ཝན་ཧོ་ཧྤི་ལགས་དང་ཚོགས་གཞོན་སཱ་མུལ་ཁོ་གྷོ་ལེ་ཌི་རྣམ་གཉིས།

ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་མཆོག་དགུང་གྲངས་ ༣༤ ཕེབས་པའི་འཁྲུངས་སྐར་གཙི་སྲུང་བྱེད་བཞིན་ཡོད་པ་ལྟར། སྦེལ་ཇམ་གྲོས་ཚོགས་འཐུས་མིའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ཨེལ་སི་ཝན་ཧོ་ཧྤི་ (Els Van Hoof) ལགས་དང་། ཚོགས་གཞོན་སཱ་མུལ་ཁོ་གྷོ་ལ་ཌི་ (Samuel Cogolati) ལགས་གཉིས་ཀྱིས་པཎ་ཆེན་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་སྐབས་བསྒྲགས་གཏམ་སྤེལ་ཏེ། ༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་དབུས་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་འཕྲལ་མར་ཀློད་གྲོལ་གཏོང་དགོས་པའི་སྐུལ་མ་གནང་འདུག

གྲོས་ཚོགས་འཐུས་མི་ཁོང་གཉིས་ཀྱི་བསྒྲགས་གཏམ་ནང་། དེ་རིང་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་མཆོག་དགུང་གྲངས་ ༣༤ ལ་ཕེབས་ཡོད། ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་ཁོང་དགུང་གྲངས་ ༦ ཐོག་རྒྱ་གཞུང་གིས་བཙན་འཁྲིད་བྱས་ནས་ད་དུང་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། རྒྱ་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་དང་བོད་པའི་ཚོགས་སྡེ་ཁག་ལ་༧གོང་ས་མཆོག་ནས་ངོས་འཛིན་གནང་བའི་པཎ་ཆེན་རིན་པོ་ཆེར་ཐུག་འཕྲད་བྱེད་བཅུག་གི་མེད།

ང་ཚོས་རྒྱ་ནག་གཞུང་ནས་༸ཀུན་གཟིགས་པཎ་ཆེན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་མཆོག་ད་ལྟ་སྐུ་འཚོ་བཞུགས་ཡིན་པ་དང་སྐུ་གཟུགས་གསལ་ཐང་ཡིན་པ། གང་དུ་འཚོ་བཞུགས་གནང་གི་ཡོད་པའི་བདེན་དཔང་སྤྲོད་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྟེང་ཁས་ལེན་བྱས་པ་ནང་བཞིན། པཎ་ཆེན་རིན་པོ་ཆེར་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཆ་ཚང་ལག་བསྟར་བྱེད་པའི་ཐོབ་ཐང་སྤྲོད་དགོས་པའི་འབོད་སྐུལ་ཡང་ཞུ་བཞིན་ཡོད།

༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ནི་འཛམ་གླིང་སྟེང་གི་བཙོན་འཇུག་དུས་ཡུན་ཆེས་རིང་བའི་ཆབ་སྲིད་བཙོན་པ་ཆུང་ཤོས་དེ་ཡིན་པས། ཆུང་སྲིད་རིན་པོ་ཆེ་མཆོག་དང་ཁོང་གི་ཕ་མ་གཉིས། བོད་པའི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་ཅི་ཡང་མེད་པའི་ཐོག་ནས་ཀློད་གྲོལ་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད། ང་ཚོས་རྒྱ་ནག་གཞུང་གི་ཐེ་གཏོགས་གང་ཡང་མེད་པར་བོད་མི་ཚོས་རང་གི་ཆོས་ཕྱོགས་ཀྱི་དབུ་འཁྲིད་འདེམས་རྒྱུ་ནས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་ཀྱི་རང་དབང་དང་ཐོབ་ཐང་ལ་བརྩི་བཀུར་དང་རྒྱབ་སྐྱོར་ཤུགས་ཆེན་བྱེད་ཀྱི་ཡོད་པ་མ་ཟད། ང་ཚོས་༧གོང་ས་མཆོག་གི་མ་འོངས་བའི་ཡང་སྲིད་ཐད་རྒྱ་གཞུང་ནས་ཐེ་གཏོགས་བྱས་དང་བྱེད་བཞིན་པར་སྐྱོན་བརྗོད་བྱེད་ཀྱི་ཡོད། ཡང་སྲིད་ངོས་འཛིན་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ནང་པའི་སྲོལ་རྒྱུན་ཞིག་ཡིན་པས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གཅིག་པུ་ལས་གཞན་སུ་ལའང་ཐེ་གཏོགས་བྱེད་པའི་ཐོབ་ཐང་མེད། ཅེས་གསུངས་འདུག

དེ་བཞིན་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་མི་ཀུ་ལཱ་སི་ཕི་ཁི་སཱ་ (Mikulas Peksa) ལགས་ཀྱིས་སྣེ་ཁྲིད་པའི་གྲོས་ཚོགས་འཐུས་མི་བཅུ་གཅིག་ནས་ཡུ་རོབ་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཇོ་སེབ་བྷོ་རེལ་ (Josep Borrell) མཆོག་གི་མཚན་ཐོག་ཏུ་འཕྲིན་ཡིག་ཞིག་ཕུལ་ཡོད་པའི་ནང་དུ། ཡུ་རོབ་མཐུན་ཚོགས་ནས་རྒྱ་གཞུང་གིས་༧པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་བཏང་བའི་གནད་དོན་ཐད་རྒྱ་གཞུང་ལ་གྲོས་མོལ་བྱས་ཡོད་མེད་དང་། མ་འོངས་བར་འཚོག་འཆར་ཡོད་པའི་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་བར་གྱི་ཐབས་བྱུས་གྲོས་མོལ་སྐབས་སུ་རྒྱ་ནག་གཞུང་དང་མཉམ་དུ་དེའི་སྐོར་གྲོས་མོལ་བྱ་འཆར་ཡོད་མེད། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་ལངས་ཕྱོགས་ཁ་གསལ་བཟོ་འཆར་ཡོད་མེད་བཅས་ཀྱི་སྐོར་ལ་བཀའ་འདྲི་ཞུས་ཡོད་འདུག

དེ་བཞིན་སི་པན་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཀྱང་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་དང་བསྟུན་ནས་རྒྱ་གཞུང་གིས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་ད་ལྟའི་གནས་སྟངས་ཐད་བདེན་དཔང་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

ཡུ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ཚོགས་གཙོ་སྐུ་ཞབས་སྐུ་ཞབས་མི་ནིར་ས་ཏོ་རི་ (MEP Mounir Satouri) མཆོག་དང་། སྤྲུལ་སྐུ་ཧཱོུཾ་ཀར་རྡོ་རྗེ་མཆོག་དམ་པ། ཡུ་རོབ་གྲོས་ཚོགས་ཀྱི་རྒྱ་ནག་འབྲེལ་བའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཨེན་གིན་ཨེ་རོག་ལུ་ (MEP Engin Eroglu) མཆོག པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཡུ་རོབ་གྲོས་ཚོགས་སུ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གི་སྐུ་གྲོངས་རྐྱེན་ཁ་གསལ་དགོས་པའི་སྙན་ཞུ་ཕུལ།

༢༠༢༥/༠༥/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese