མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་རོབ་མཉམ་འབྲེལ་གྱིས་རྒྱ་ནག་གཞུང་ལ་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་གླེང་སློང་དགོས་པའི་འབོད་སྐུལ་གནང་།

བོད་ཀྱི་དུས་བབ།
༢༠༢༥/༠༧/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་འཚོག་འཆར་ཡོད་པའི་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་དང་རྒྱ་ནག་གི་ཚོང་དོན་ལྷན་ཚོགས་ཐོག་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དཀྱིལ་སྙིང་དུ་བཟུང་ནས་གླེང་མོལ་གནང་དགོས་པའི་རེ་སྐུལ་གནང་འདུག

President of the European Commission and Chinese President meeting in China in April 2023. (Photo: EU)

རྒྱ་ནག་དང་ཡུ་རོབ་མཐུན་ཚོགས་གཉིས་ཀྱི་ཚོང་འབྲེལ་བཙུགས་ནས་མི་ལ་ལྔ་བཅུ་འཁོར་བའི་དུས་དྲན་ཟེར་བ་དང་བསྟུན། ཟླ་འདིའི་ཕྱི་ཚེས་ ༢༤ དང་ ༢༥ སྟེ་ཉིན་གྲངས་གཉིས་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ། འཛམ་གླིང་གི་ཚོང་ཤག་ཆེ་ཤོས་སུ་གྱུར་བའི་རྒྱ་ནག་དང་ཡུ་རོབ་མཐུན་ཚོགས་ཀྱི་ཚོང་དོན་གྱི་ཚོགས་འདུ་ཞིག་སྐོང་འཚོག་བྱ་རྒྱུ་ཡིན་ཞིང་།  སྐབས་དེར་ཡུ་རོབ་དང་རྒྱ་ནག་གཉིས་ཀྱི་མཉམ་འབྲེལ་གྱི་ཚོང་དོན་དཀའ་རྙོག་སེལ་ཐབས་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་བྱ་རྒྱུ་ཡིན་སྟབས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཡུ་རོབ་མཐུན་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དཀྱིལ་སྙིང་དུ་བཟུང་ནས་གྲོས་མོལ་བྱ་རྒྱུའི་རེ་སྐུལ་གནང་འདུག་ལ།  ལྷན་ཚོགས་དེའི་ཐོག་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་ཨེན་ཐི་ལོ་ཁོ་སི་ཊ་(António Costa)ལགས་དང་།  ཡུ་རོབ་ལྷན་ཚོགས་(European Commission) ཀྱི་ཚོགས་གཙོ་ལྕམ་ཨར་སེ་ལ་ཝན་ཌེར་ལེ་ཡན་ (Ursula von der Leyen) ལགས་སོགས་ཀྱིས་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་དང་སྲིད་བློན་ལི་ཆང་སོགས་ལ་ཐུག་འཕྲད་བྱ་རྒྱུ་ཡིན་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཡུ་རོབ་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་ཨར་སེ་ལ་ཝན་ཌེར་ལེ་ཡན་ལགས་སོགས་ཀྱི་མཚན་ཐོག་ཏུ་འཕྲིན་ཡིག་ཅིག་བསྐུར་བའི་ནང་། ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་དང་འབྲེལ་ལམ་བཙུགས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་སྐབས་འདིར། ཡུ་རོབ་ཀྱིས་འགྲོ་བ་མིའི་རིན་ཐང་དང་སྤྱི་མང་གི་ཐོབ་ཐང་གི་གནད་དོན་དེར་འདུམ་འགྲིག་གནང་ཐུབ་མེད། རྒྱ་ནག་གཞུང་གིས་ཚོང་དོན་དང་བདེ་སྲུང་གདོང་ལེན་ཟེར་བར་ཁ་གཡར་ནས་ཐག་གཅོད་བྱེད་པ་བཞིན། ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་རྡོག་རོལ་གཏོང་བཞིན་པར་གཏིང་ཟབ་ཀྱིས་ཚ་འདྲི་བྱ་དགོས་ལ། རྒྱ་ནག་གཞུང་གིས་གཉའ་གནོན་ནི་རྒྱ་ནག་གཅིག་པུ་མིན་པར་རྒྱལ་མཚམས་ལས་བརྒལ་ནས་འཛམ་གླིང་སྤྱི་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བར་ཉེན་ཁ་ཡོད། ཅེས་དང་། ད་ལན་གྱི་ལྷན་ཚོགས་དེའི་ཐོག་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དཀྱིལ་སྙིང་དུ་བཟུང་ནས་ཚོང་དོན་གྱི་ཐད་ནས་གླེང་མོལ་བྱ་དགོས་པ་མ་ཟད། བོད་ནང་གི་ཆོས་དད་རང་མོས་ཀྱིས་མཚོན་པའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་དང་འབྲེལ་བའི་ཐད་ལ་གླེང་སློང་གནང་དགོས་པའི་རེ་སྐུལ་ཞུས་འདུག

ཡུ་རོབ་མཐུན་ཚོགས་ཀྱི་དྲ་རྒྱའི་ནང་དེ་འབྲེལ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་འཚོག་འཆར་ཡོད་པའི་ལྷན་ཚོགས་དེའི་ཐོག ཡུ་རོབ་དང་རྒྱ་ནག་བར་གྱི་མཉམ་ལས་ཚོང་དོན་ཡར་རྒྱས་གཏོང་ཐབས་དང་། ཨུ་རུ་སུས་ཡུ་ཁེ་རིན་ལ་བཙན་འཛུལ་བྱེད་མུས་ཡིན་པའི་གནད་དོན་དང་འབྲེལ་ནས་ས་ཁམས་ཆབ་སྲིད་དང་འབྲེལ་བའི་རྩོད་རྙོག་ཁག་ལ་གདོང་ལེན་བྱེད་ཐབས། ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་གི་གནས་བབ་སོགས་ཀྱི་ཐད་ལ་གླེང་སློང་བྱ་རྒྱུ་ཡིན་འདུག་ཀྱང་། ཁ་གསལ་གཏིང་གསལ་གྱི་གནས་ཚུལ་གང་ཡང་ཐོན་མེད་པ་རེད།

Chinese premier Zhou Enlai and vice-president of the European Economic Community Commission Christopher Soames on May 5, 1975. Photos provided to China Daily

འདས་པའི་མི་ལོ་ལྔ་བཅུ་ཙམ་གྱི་རིང་ཡུ་རོབ་དང་རྒྱ་ནག་གཉིས་ཀྱིས་ཚོང་འབྲེལ་གྱི་ལས་དོན་གཉེར་ཡོད་ཅིང་། ལྷག་པར་ཕྱི་ལོ་ ༢༠༡༠ ཙམ་ནས་ཕྱོགས་གཉིས་ཀྱི་མ་འཇོག་སོགས་མཚོན་པའི་ཚོང་དོན་མཉམ་འབྲེལ་གྱི་ལས་དོན་ལ་འཕེལ་རྒྱས་ཆེན་པོ་བྱུང་ནས་འཛམ་གླིང་གི་ཚོང་ཤག་ཆེ་ཤོས་སུ་གྱུར་ཏེ། ཕྱོགས་གཉིས་ཀྱི་དཔལ་འབྱོར་ལའང་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད་སྟབས། འདི་ལོའི་ཕྱི་ཟླ་ ༥ ནང་རྒྱ་ནག་དམར་ཤོག་ཚོགས་པའི་མགྲིན་པ་ལྟ་བུར་གྱུར་བའི་གོ་ལའི་དུས་བབ་ཀྱིས། རྒྱ་ནག་དང་ཡུ་རོབ་གཉིས་ཀྱི་སྤྲོ་སེམས་ཁོལ་བའི་མི་ལོ་ལྔ་བཅུའི་ཚོང་དོན་མཉམ་ལས་ཁྲོད། ཕྱོགས་གཉིས་ཀྱི་མཉམ་འབྲེལ་ཚོང་དོན་དེ་ཨ་སྒོར་ཐེར་འབུམ་ ༢།༤ ནས་ཐེར་འབུམ་ ༧༨༠ ལ་འཕེལ་རྒྱས་ཕྱིན་ཡོད་ལུགས་བསྒྲགས་ཡོད། རྒྱ་ནག་གཞུང་གིས་གློག་ཆས་རིགས་དང་། བོད་མཐོ་སྒང་གི་རང་བྱུང་ཁམས་ལས་ཐོན་པའི་ཞ་ཉེ་དང་། ཟངས། རག དེ་བཞིན་འབར་མདེལ་བཟོ་བྱེད་ཀྱི་རྫས་རིགས་སོགས་ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་ཁག་ལ་ཕྱིར་ཚོང་དང་། འཕྲུལ་རིགས་དང་། རླངས་འཁོར། སྨན་རིགས། གནམ་གྲུ་སོགས་ནང་འདྲེན་བྱེད་ཀྱིན་ཡོད་འདུག

ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་ཝུའུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་རིམས་ནད་དང་། རྒྱ་ནག་གཞུང་གིས་ཏོག་དབྱིབས་གཙང་སེལ་གྱི་སྲིད་ཇུས་ཟེར་བའི་སྲིད་ཇུས་འོག་ནས་ཀུ་ཤུ་ཁ་པར་ཚོང་ལས་ཁང་གཙོས་ཕྱིའི་རྒྱལ་ཁབ་ཁག་གི་ཚོང་འབྲེལ་རེ་ཞིག་མཚམས་བཞག་པ་དང་། རྒྱ་ནག་གི་ཚོང་དོན་གྱི་ཞིང་ཆེན་བཅོ་ལྔ་ཡི་རྒྱལ་ས་ཁག་ཚུད་པའི་གྲོང་ཁྱེར་ཁྱོན་ ༧༣ ལྷག་ནང་གི་མི་མང་ས་ཡ་ ༣༡༣ གྱི་འགྲོ་སྐྱོད་སོགས་ལ་བཀག་རྒྱ་བསྡམས་པ་མ་ཟད།  ཡུ་རོབ་རྒྱལ་ཁབ་ཁག་དང་རྒྱ་ནག་བར་ཚོང་དོན་གྱི་འབྲེལ་ལམ་ཇེ་ཞན་དུ་གྱུར་ཏེ། རྒྱ་ནག་གི་དཔལ་འབྱོར་ལ་ཉམས་ཆག་ཆེན་པོ་ཕྱིན་ཡོད་སྟབས། འདས་ལོའི་ཕྱི་ཟླ་ ༡ ནང་རྒྱ་ནག་གི་སྲིད་བློན་ལི་ཆང་ཆེད་དུ་ཡུ་རོབ་རྒྱལ་ཁབ་ཁག་ཏུ་ཕྱིན་ནས། ཚོང་གི་འབྲེལ་ལམ་ཡར་སྐྱེད་ཡོང་བར་གོ་ལ་ལྗང་འགྱུར་གྱི་ལས་གཞི། རྒྱ་ནག་དང་ཡུ་རོབ་ཀྱི་འབྲེལ་ལམ། ཤེས་རིག་དང་དེང་རབས་འཕྲུལ་ལས་ཚུད་པའི་ཚོང་དོན་ཐད་སླར་ཡང་གྲོས་མཐུན་འཇོག་དགོས་བྱུང་ཡོད་ལ། འདས་ལོར་རྒྱ་ནག་གཞུང་གིས་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁག་ལ་ཆེད་དུ་འབྱུང་འགྱུར་མི་ལོ་གསུམ་ནང་རྒྱ་སྒོར་ཐེར་འབུམ་ ༣༦༠ (ཨ་སྒོར་ཐེར་འབུམ་ ༥༠།༧༢) ལྷག་བཏང་ནས་རོགས་རམ་བྱ་རྒྱུ་ཡིན་པའི་ཁྲོད། རྒྱ་སྒོར་ཐེར་འབུམ་ ༧༠ ལྷག་ཡུལ་དེར་རྒྱ་ནག་གི་བཟོ་ཚོང་ཁང་འཛུགས་སྐྲུན་དང་དམག་དོན་གྱི་ལས་གཞིའི་ཆེད་བཏང་ཡོད་ཅིང་། གནད་དོན་དབྱེ་ཞིབ་པ་མང་པོ་ཞིག་གིས། རྒྱ་ནག་གཞུང་གིས་ཨ་ཧྥི་རི་ཁར་མ་འཇོག་ཆེན་པོ་བྱས་པ་ནི་རྒྱ་ནག་ནང་ཚོང་དོན་གྱི་གྱོང་གུད་ཐེབས་མུས་ཡིན་པ་དེར་ཁ་གསབ་དང་། ཨ་རི་དང་གདོང་ཐུག་འབྱུང་མུས་ཡིན་པའི་ས་ཁམས་ཆབ་སྲིད་ཀྱི་དཀའ་རྙོག་དེ་དག་སེལ་ཐབས། དེ་བཞིན་ཡུ་རོབ་རྒྱལ་ཁབ་ཁག་དང་ཚོང་དོན་གྱི་གྲུབ་འབྲས་མ་ཐོན་ཚེ། ཨ་ཧྥི་རི་ཁའི་ནང་ཚོང་འབྲེལ་རྒྱ་སྐྱེད་ཐབས་ཀྱི་དམིགས་ཡུལ་བཟུང་ཡོད་པའི་ཚོད་དཔག་བྱེད་ཀྱིན་འདུག

ཕྱི་ལོ་ ༡༩༧༥ ནས་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་བར་གྱི་མཉམ་འབྲེལ་ཚོང་ལས་མགོ་བརྩམས་ཤིང་། ཕྱི་ལོ་ ༢༠༡༣ ལོར་བཞག་པའི་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་གི་ཚོང་དོན་མ་འཛུགས་གྲོས་ཆོད་དེས་ཕྱོགས་གཉིས་ཀྱི་ཚོང་དོན་མ་འཛུགས་གོང་འཕེལ་གཏོང་ཐབས་ལ་དམིགས་ཡོད། འདས་པའི་མི་ལོ་ལྔ་བཅུ་ལྷག་གི་རིང་ཕྱོགས་གཉིས་ཀྱིས་ཨ་སྒོར་ཐེར་འབུམ་༧༨༠ ལྷག་གི་ཚོང་དོན་གྱི་མཉམ་འབྲེལ་བྱས་ཡོད་ལ། ཕྱི་ལོ་ ༢༠༢༣  ལོར་ཡུ་རོབ་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་ཅ་དངོས་བརྒྱ་ཆ་ ༡༢ ལས་ནང་འདྲེན་བྱས་མེད་ཀྱང་། ཕྱི་ལོ་ ༢༠༢༤ ལོར་བརྒྱ་ཆ་ ༢༡།༨ ནང་འདྲེན་བྱས་ཡོད་པའི་ཁྲོད། ན་ཐར་ལེན་ཌི་རྒྱལ་ཁབ་ནི་རྒྱ་ནག་ནས་ཅ་དངོས་ནང་འདྲེན་མང་ཤོས་བྱེད་མཁན་དུ་གྱུར་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཉན་ཞིབ་འཚོགས་བཞིན་པའི་རྣམ་པ། དཔལ་ལྡན་རྒྱལ་གྱི་པར།
Mobile App

རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྗེད་མི་ཉན་པའི་ཐད་ཉན་ཞིབ་ཅིག་འཚོགས། 

ཆུ་ཚོད་ ༡༤ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

༢༠༢༦/༠༩/༠༤
Russian President Vladimir Putin and Chinese President Xi Jinping  in Bishkek, Kyrgyzstan, on Monday. | SPUTNIK / VIA REUTERS
གསར་འགྱུར།

ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་ཐོག་ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཐུག

༢༠༢༦/༠༩/༠༡
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་མགོ་ཁྲིད་གཞོན་པ་ཟུར་བ་ཝང་ཡུང་།
གསར་འགྱུར།

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་གཞོན་པ་ཟུར་བ་ཞིག་ལ་སྲོག་ཁྲིམས་གཅད་རྒྱུ་ཡིན་འདུག

༢༠༢༥/༠༧/༠༩
ཡུ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ཚོགས་གཙོ་སྐུ་ཞབས་སྐུ་ཞབས་མི་ནིར་ས་ཏོ་རི་ (MEP Mounir Satouri) མཆོག་དང་། སྤྲུལ་སྐུ་ཧཱོུཾ་ཀར་རྡོ་རྗེ་མཆོག་དམ་པ། ཡུ་རོབ་གྲོས་ཚོགས་ཀྱི་རྒྱ་ནག་འབྲེལ་བའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཨེན་གིན་ཨེ་རོག་ལུ་ (MEP Engin Eroglu) མཆོག པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཡུ་རོབ་གྲོས་ཚོགས་སུ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གི་སྐུ་གྲོངས་རྐྱེན་ཁ་གསལ་དགོས་པའི་སྙན་ཞུ་ཕུལ།

༢༠༢༥/༠༥/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese