མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་སྟོང་ཕྲག་མང་པོར་ཆབ་སྲིད་སློབ་གསོ་སྤྲོད་ཀྱི་ཡོད་པའི་བློ་འཚབ་བསྟན།

བོད་ཀྱི་དུས་བབ།
༢༠༢༣/༠༤/༢༨
Share on FacebookShare on TwitterShare on EmailShare on Whatsapp

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་མཁས་པ་ཚོས། རྒྱ་ནག་གིས་བོད་མི་རྣམས་དང་བླངས་ལས་བསྒྱུར་ཞེས་པའི་ལས་གཞི་ཞིག་གི་ནང་བཅུག་སྟེ་ཆབ་སྲིད་སློབ་གསོ་སྤྲོད་ཀྱིན་ཡོད་པའི་བློ་འཚབ་བསྟན་འདུག

UN Human Right

ཁ་སང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོའི་ལྷན་ཚོགས་ཀྱིས་རྒྱ་ནག་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་ཁག་གི་ཐོག་བློ་འཚབ་ཡོད་པའི་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཕྱི་ལོ་ ༢༠༡༥ ཙམ་ནས་རྒྱ་གཞུང་གིས་དང་བླངས་ལས་བསྒྱུར་དང་ལག་ཤེས་སྦྱོང་བརྡར་ཟེར་བའི་ལས་གཞིའི་འོག་ནས་བོད་མི་སྟོང་ཕྲག་མང་པོ་ཡོང་འབབ་ཞན་པའི་ལས་རིགས་ཀྱི་ནང་དུ་བཅུག་སྟེ། འཆར་གཞི་དང་གོ་རིམ་ལྡན་པའི་ངང་ནས་བོད་མི་རྣམས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་དང་ཁ་བྲལ་དུ་གཏོང་གི་ཡོད་པ་མ་ཟད། བོད་མིའི་ནང་སེམས་ཀྱི་འདུ་ཤེས་དང་ལྟ་བ་སོགས་ལ་འགྱུར་བཅོས་གཏོང་ཐབས་དང་། དམར་ཤོག་གི་ཆབ་སྲིད་སློབ་གསོ་སྤྲོད་ཀྱིན་ཡོད་སྐོར་སོགས་བརྗོད་འདུག

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གསལ་བསྒྲགས་ནང་། རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་འདོད་མོས་ཡོད་མེད་ལ་མ་ལྟོས་པར་ལག་ཤེས་སྦྱོང་བརྡར་ཁང་ནས་ཆེད་འཛུགས་བྱས་པའི་དམག་སྒར་ནང་བཞིན་གྱི་ཁོར་ཡུག་ཞིག་ཏུ་བཅུག་ནས། བོད་མི་རྣམས་ལ་ལག་ཤེས་སྦྱོང་བརྡར་སྤྲོད་ཀྱི་ཡོད་མདོག་གིས། དོན་དུ་བོད་མི་ཚོ་གདོང་མ་ནས་ཡོད་པའི་ཞིང་འབྲོག་གི་འཚོ་བ་ནས་ཕྱིར་འདོན་ཐབས་བྱེད་པ་དང་།  ཡོང་འབབ་དམའ་ཞིང་དམག་སྒར་རིང་བཞིན་གྱི་ཁོར་ཡུག་ཏུ་ཞུགས་པ་ནས་བཟུང་བོད་མི་ཚོས་བོད་ཀྱི་སྐད་ཡིག་རིག་གཞུང་དང་ཆོས་ལུགས་བཅས་འབྲེལ་བའི་བྱེད་སྒོའི་རིགས་སྤེལ་མི་ཆོག་པའི་སྒྲིག་ཁྲིམས་ཡོད་ཁར། རྒྱལ་ཚོགས་ཀྱི་ཆེད་མཁས་པས། རྒྱ་གཞུང་གིས་བོད་མི་རྣམས་ལ་བཙན་གྱིས་ཁོར་ཡུག་དེ་དག་གི་ནང་ངལ་རྩོལ་བྱེད་དུ་འཇུག་གི་ཡོད་པ་དང་། ལས་གཞི་དེ་ནི་ཐད་ཀར་བོད་མི་རྣམས་ལ་དམིགས་པ་ཞིག་ཡིན་སྟབས། རྒྱ་ནག་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་མི་རིགས་དབྱེ་འབྱེད་ཀྱི་ཁྲིམས་དང་འགལ་བའི་བློ་འཚབ་ཡོད་སྐོར་སོགས་བརྗོད་འདུག

ལས་གཞི་དེ་ནི་བོད་མིའི་ལག་ཤེས་གོང་མཐོར་དམིགས་མེད་པར་མི་རིགས་ཤིག་ལ་རང་རང་གི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་སོགས་སྤྱོད་པའི་རང་དབང་སྤྲོད་ཀྱི་མེད་ཅིང་། དམིགས་བསལ་རྒྱ་བསྒྱུར་སློབ་གསོ་སྤྲོད་ཀྱི་ཡོད་སྟབས། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་མཁས་པས། རྒྱ་ནག་གཞུང་གིས། བོ་མི་རྣམས་ལག་ཤེས་སྦྱོང་བརྡར་ཁང་ནས་དང་བླངས་ལས་བསྒྱུར་ལས་གཞིའི་ཁྲོད་འཇུག་དོན་ཅི་ཡིན་པ་དང་། བོད་མི་རྣམས་ཀྱི་ཉིན་རེའི་བྱེད་སྒོ་ཁག་ལ་སྟངས་འཛིན་བྱེད་དོན་ཅི་ཡིན་སོགས་ཀྱི་སྐོར་ལ་གསལ་བཤད་དགོས་པ་མ་ཟད། རྒྱ་ནག་གིས་བོད་ཀྱི་སྐད་ཡིག་དང་ཆོས་དང་རིག་གཞུང་། ངོ་བོ་སོགས་ལ་བརྩི་བཀུར་བྱེད་དགོས་པ་དང་། དམིགས་བསལ་ལས་གཞི་དེའི་ཁྲོད་རྒྱལ་སྤྱིའི་ཁྲིམས་སྒྲིག་ལས་བརྒལ་བའི་བཙན་དབང་ངལ་རྩོལ་དང་མི་ཚོང་སོགས་རྒྱག་གི་མེད་པ་གསལ་འདོན་དགོས་པའི་སྐུལ་མ་བཏང་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Uyghur protesters and supporters rally in front of the UN Headquarters in Geneva during the Universal Periodic Review of China's human rights record, Nov. 6, 2018.
Mobile App

འཛམ་གླིང་རྒྱལ་ཁབ་ ༥༡ གིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས།

༢༠༢༣/༡༠/༢༡
"Vocational training” programmes threaten Tibetan identity, carry risk of forced labour, say UN experts.© Unsplash/Aden Lao
Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་མི་ལས་བཟོ་བ་རྣམས་ཀྱི་ཐོབ་ཐང་གླེང་སློང་གནང་། 

༢༠༢༣/༠༩/༢༧
Mumbai, one of India's biggest cities, grew by about eight million people in the past 30 years -- equivalent to the entirety of New York City's population - Copyright AFP Punit PARANJPE
Mobile App

རྒྱ་གར་འཛམ་གླིང་གི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཨང་དང་པོར་གྱུར་འདུག

༢༠༢༣/༠༤/༢༠
 Room XX of the UN Human Rights Council
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐེངས་ ༥༢ སྟེང་བོད་དོན་གླེང་སློང་གནང་།

༢༠༢༣/༠༣/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese