མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་སྐབས་བཅུ་དྲུག་པའི་ཚོགས་ཆེན་འཚོགས་སོང་།

བོད་ཀྱི་དུས་བབ།
༢༠༢༣/༠༥/༠༢
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་དྲུག་པ་དེ་བཞུགས་སྒར་དྷ་སའི་ས་གནས་མགོ་འཛིན་ལས་ཁུངས་ཀྱི་ཚོགས་ཁང་དུ་ཉིན་གཅིག་རིང་འཚོགས་སོང་།

བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་སྐབས་བཅུ་དྲུག་པའི་ཚོགས་ཆེན་འཚོགས། པར་དབང་། བོད་ཀྱི་དུས་བབ། ༢༠༢༣།༠༥།༢

དེ་རིང་སྔ་དྲོ་ཆུ་ཚོད་ ༡༠།༣༠ སྟེང་དྷ་ས་ས་གནས་མགོ་འཛིན་ལས་ཁུངས་ཀྱི་ཚོགས་ཁང་དུ། བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་བཅུ་དྲུག་པའི་མཛད་སྒོ་འཚོགས་སོང་བ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་མཆོག དེ་བཞིན། བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་འགན་འཛིན་བཀྲ་ཤིས་དབང་འདུས་ལགས་ཀྱི་གཙོས་རྒྱ་གར་གྱི་ས་གནས་འདྲ་མིན་ནས་ཕེབས་པའི་ཚོང་ལས་དོན་གཉེར་ཅན་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་འཐུས་མི་དང་གསར་འགོད་པ་བཅས་འཛོམས་འདུག

མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་གཏན་འཇགས་ཚོགས་མི་ ༡༤ ལ་ངོས་འཛིན་ལག་ཁྱེར་ཕུལ་སོང་བ་དང་། སྐབས་དེར། བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་འགན་འཛིན་བཀྲ་ཤིས་དབང་འདུས་ལགས་ཀྱིས་ཚོགས་ཆེན་དབུ་འབྱེད་ཀྱི་གཏམ་བཤད་གནང་སྐབས། བོད་མིའི་ཚོང་ལས་བདེ་ཚོགས་དེ། ཕྱི་ལོ་ ༢༠༠༥ ལོར་ཐོག་མར་དབུ་ཚུགས་པ་ནས་ད་བར་ལོ་ངོ་ ༡༧ རིང་གི་གནས་སྟངས་སྤྱི་དང་། དམིགས་བསལ་ཕྱི་ལོ་ ༢༠༢༡ ལོ་མཇུག་ཏུ་བཀྲ་ཤིས་དབང་འདུས་ལགས་ཚོགས་པའི་ཚོགས་གཙོར་བསྐོ་གཞག་བྱུང་བ་ནས་ལས་གཞི་མང་དག་ཅིག་སྤེལ་ཡོད་པ་གསལ་བཤད་གནང་བ་དང་སྦྲགས། ཐེངས་འདིའི་ཚོགས་ཆེན་ཐོག་ཉེ་ལམ་༧གོང་ས་མཆོག་ལ་མཚན་སྨོད་ཞུས་པའི་གནད་དོན་གྱི་ཐད་གདུང་སེམས་མཉམ་སྐྱེད་དང་མ་འོངས་འགོག་སྲུང་བྱེད་ཐབས།  ཚོང་ཁང་དང་ཟ་ཁང་སོགས་ཀྱི་སྒོ་བྱང་སྟེང་བོད་ཡིག་གང་མང་བཀོལ་ཐབས། ཉེ་སྔོན་གྲོས་ཚོགས་ནང་བོད་མིའི་དང་བླངས་དཔྱ་དངུལ་སྤར་སྣོན་བྱས་པ་དང་འབྲེལ་ནས། བོད་མིའི་ཚོང་ལས་བདེ་ཚོགས་ཀྱིས། གཞུང་ལ་ཞལ་འདེབས་ཕུལ་འབུལ་བཞིན་པ་དེ་ཧིན་སྒོར་ལྔ་བརྒྱ་ནས་ཉིས་སྟོང་ཡས་མས་བར་སྤར་རྒྱུ་ཡིན་པ་བཅས་ཀྱི་གྲོས་ཆོད་འཇོག་རྒྱུ་ཡིན་སྐོར་སོགས་བརྗོད་སོང་།

སྐབས་དེར་སྐུ་མགྲོན་གཙོ་བོ་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འདྲ་མཉམ་གྱི་ཁོར་ཡུག་ཙམ་ཡོད་པ་ལས། ཚོང་ལས་ཐོག་ཡར་རྒྱས་འགྲོ་བཞིན་པའི་རྒྱ་གར་ནང་གོ་སྐབས་མང་བ་དང་། བོད་མི་ཚོས་ཚོང་བརྒྱབ་སྟེ་མི་སྒེར་ནས་ཁྱིམ་ཚང་དང་། ཁྱིམ་ཚང་ནས་ཚོགས་སྡེ། དེ་ནས་མི་རིགས། ཆོས་དང་རིག་གཞུང་། ཆབ་སྲིད་སོགས་ཀྱི་མདུན་ལམ་འཚོལ་ཐབས་གནང་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་ལ། དམིགས་བསལ་སྐུ་མགྲོན་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་མཆོག་གིས། ལོ་ངོ་བཅུ་བདུན་གྱི་སྔོན་ལ་བཙུགས་པའི་ཚོགས་པ་དེ་ད་ལྟ་ཚགས་ཚུད་པོ་དགོས་ཀྱི་ཡོད་ཀྱང་། ད་ལྟའང་གཤོག་པ་སྐྱེས་ཙམ་ལས་མེད་པས། འབྱུང་འགྱུར་ལོ་ལྔ་དྲུག་ནང་ཚོང་ལས་བདེ་ཚོགས་ཀྱི་ལས་དོན་ཡར་རྒྱས་གོང་འཕེལ་ཡོང་བའི་རེ་བ་རྒྱག་གི་ཡོད་པ་དང་། ནང་སྲིད་ལས་ཁུངས་ཀྱི་དམིགས་ཡུལ་ནི་བོད་མིའི་ཚོང་ལས་དང་དཔལ་འབྱོར། སྤྱི་ཚོགས་ཀྱི་གནས་བབ་སོགས་ཡར་རྒྱས་གཏོང་རྒྱུ་དེ་ཡིན་པས། ནང་སྲིད་ལས་ཁུངས་དང་ཚོང་ལས་བདེ་ཚོགས་གཉིས་ཕན་ཚུན་གཅིག་ཕན་གཅིག་གྲོགས་ཀྱིས། ༧གོང་ས་བཀའ་དགོངས་འོག བོད་པའི་སྤྱི་ཚོགས་ཀྱི་བདེ་དོན་དང་བདེ་རྩ། བརྟན་བརླིང་སོགས་ཀྱི་ཐད་ཞོར་འདེགས་གནང་ཐུབ་པའི་རེ་བ་དང་སྨོན་འདུན་ཡོད་སྐོར་གསུངས་སོང་།

དེ་རིང་ཉིན་རྒྱབ་ཏུ་ལོ་འཁོར་གཉིས་ཀྱི་རྩིས་ཕྲ་རྒྱས་འབུལ་དང་ཚོང་ལས་ཐོག་ཆེད་ལས་མི་སྣའི་གསུང་བཤད། ད་དུང་འབྱུང་འགྱུར་ལས་དོན་བསྒྲུབ་ཕྱོགས་སོགས་ཀྱི་ཐོག་བགྲོ་གླེང་གནང་གི་འདུག་ལ། སང་ཞོགས་ཚོགས་བཅར་བ་ཡོངས་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་མཇལ་ཁ་གནང་གཏན་ཁེལ་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

ཆུ་ཚོད་ ༢༣ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese