མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་གིས་ཌན་མག་གི་སྲིད་བློན་ཟུར་པ་སོགས་གནད་ཡོད་མི་སྣར་མཇལ་འཕྲད་གནང་།

བོད་ཀྱི་དུས་བབ།
༢༠༢༣/༠༥/༠༤
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཌན་མག་གྲོས་ཚོགས་འཐུས་མི་དང་སྲིད་བློན་ཟུར་པ། བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ཀྱི་གནད་ཡོད་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་སྟེ་བོད་དོན་ངོ་སྤྲོད་གནང་འདུག

སྲིད་སྐྱོང་མཆོག་གིས་ཌན་མག་སྲིད་བློན་ཟུར་པ་མཆོག་དང་མཇལ་འཕྲད། སྲིད་སྐྱོང་ངོ་དེབ་ཀྱི་པར། ༢༠༢༣ །༠༥།༠༣

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཡུ་རོབ་རྒྱལ་ཁབ་བཞིའི་ནང་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོར་ཌན་མག་གི་རྒྱལ་ས་ཀོ་པན་ཧེ་གྷན་གྱི་གྲོས་ཚོགས་ཁང་དུ། སྲིད་སྐྱོང་མཆོག་གིས་ཌན་མག་མི་མང་སྲིད་དོན་ཚོགས་པའི་(Danish People’s Party) ཚོགས་གཙོ་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་མོར་ཌེན་(Morten Messerschmidt  )་ལགས་དང་། གྲོས་ཚོགས་འཐུས་མི་གདམ་ཀ་སྲིད་དོན་ཚོགས་པའི་(The Alternative)ཕྱི་སྲིད་ལས་དོན་གྱི་མགྲིན་ཚབ་པ་དང་། གྲོས་ཚོགས་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་མི་ལྕམ་སྐུ་སཱ་སི་ཁཱ་ཧྤེ་སི་(Sascha Faxe)ལགས་དང་མཇལ་འཕྲད་གནང་འདུག

 ཉིན་རྒྱབ་སྲིད་སྐྱོང་མཆོག་ནས་ཌན་མག་སྲིད་བློན་ཟུར་པ་དང་ནུབ་ཆིངས་མནའ་བྲེལ་ཚོགས་པའི་(NATO)་དྲུང་ཆེ་ཟུར་པ་ཨན་ཌེར་སི་(Anders Fogh Rasmussen) མཆོག་དང་། དམངས་གཙོ་མཐུན་སྒྲིལ་ཚོགས་པའི་(Alliance for Democracy)་འགན་འཛིན་སྐུ་ཞབས་ཇོ་ནཱ་སི་(Jonas Parello-Plesner)ལགས་བཅས་ལ་མཇལ་འཕྲད་གནང་ཡོད་པ་མ་ཟད།  ཉིན་དེའི་དགོང་མོར་ཌན་མག་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། ཌན་མག་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་དོན་གསུང་བཤད་གནང་འདུག སྐབས་དེར་སྲིད་སྐྱོང་མཆོག་ནས་བོད་ནང་རྒྱ་ནག་གཞུང་གིས་གདུག་རྩུབ་མནར་གཅོད་མཚམས་མ་ཆད་བར་གཏོང་བཞིན་ཡོད་པའི་བོད་མིའི་དཀའ་ངལ་དང་། རང་ལུས་མེར་སྲེག་གནང་མཁན་སོགས་ཀྱིས་རང་དབང་ཆེད་དུ་རྒྱལ་སྤྱིའི་སྤྱི་ཚོགས་ལ་རེ་འབོད་གནང་ཡོད་ཀྱང་། ད་དུང་བོད་ནང་དུ་འགྱུར་བ་ཅུང་ཙམ་ཡང་ཐེབས་མེད་པ་མ་ཟད། བོད་ཀྱི་སྐད་ཡིག་དང་རིག་གཞུང་རྩ་མེད་དུ་འགྲོ་ཉེན་ཆེ་བའི་གནས་སྟངས་ཐད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་འབྲེལ་ཐོག་ནས་རྒྱ་ནག་ལ་གདོང་ལེན་བྱེད་གལ་ཆེ་བའི་སྐོར་གསུངས་འདུག

སྲིད་སྐྱོང་མཆོག་གིས་ཌན་མག་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་གོ་སྒྲིག་འོག་བོད་དོན་གསུང་བཤད་གནང་། སྲིད་སྐྱོང་མཆོག་གི་ངོ་དེབ་ཀྱི་པར། ༢༠༢༣།༠༥།༣

ཕྱི་ཚེས་ ༢ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཌན་མག་གི་རྒྱལ་ས་ཀོ་པེན་ཧེ་གྷན་དུ་ཕེབས་འབྱོར་བྱུང་སྐབས། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསྟན་པ་འགྱུར་མེད་ལགས་དང་། ཌེན་མག་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨན་ (Anders H. Andersen)ལགས། ཌེན་མག་བོད་ཀྱི་ཤེས་རིག་ལྷན་ཚོགས་ (Danish Tibetan Cultural Society) ཀྱི་ཚོགས་གཙོ་སྐུ་ཞབས་གྷ་རེ་ཐེ་སཱོར་ཝེག་(Grethe Sorvig) ལགས། ཌེན་མག་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ཁི་ལུ་ཌི་ཡ་(Claudia )ལགས། ཌི་ནཱ་(Tina)ལགས་བཅས་ཀྱིས་ཕེབས་བསུ་ཞུས་ཡོད་ཅིང་། ཉིན་རྒྱབ་སྲིད་སྐྱོང་མཆོག་གིས་བོད་ཀྱི་བདེ་དོན་ཐེབས་རྩ་གསར་འཛུགས་གནང་མཁན་ལྭ་ཁ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་ཡོད་པ་དང་། ཀོ་པེན་ཧེ་གྷན་ཁུལ་གྱི་བོད་རིགས་མང་ཚོགས་དང་གཞོན་སྐྱེས་རྣམས་ལ་བོད་དོན་གསུང་བཤད་གནང་ཡོད་འདུག སྐབས་དེར་སྲིད་སྐྱོང་མཆོག་ནས་ད་ལྟའི་བཀའ་ཤག་གི་སྲིད་ཇུས་འཛིན་ཕྱོགས་དང་། དབུ་མའི་ལམ་གྱི་སྲིད་ཇུས་ལངས་ཕྱོགས་བརྟན་པོ་བཟུང་ནས་བོད་དོན་བདེན་མཐའ་སེལ་དགོས་པའི་སྐོར་གསུངས་འདུག

དེ་བཞིན་ཕྱི་ཚེས་ ༢ ཉིན་ནོར་ཝེ་གྲོས་ཚོགས་ཚོགས་ཁང་དུ། སྲིད་སྐྱོང་མཆོག་གིས་ནོར་ཝེ་ལྗང་ཁུ་སྲིད་དོན་ཚོགས་པའི་(Norwegian Green Party)་གྲོས་ཚོགས་འཐུས་མི་དང་། གྲོས་ཚོགས་ཚོང་དོན་ཚོགས་ཆུང་། བཟོ་གྲྭའི་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་རཱ་སུ་མུ་སི་ཧཱན་སོན་(Rasmus Hansson)་ལགས་དང་། ནོར་ཝེ་གུ་ཡངས་སྲིད་དོན་ཚོགས་པའི་(Liberal Party)་གྲོས་ཚོགས་འཐུས་མི་དང་། གྲོས་ཚོགས་ཁོར་ཡུག་དང་ནུས་སྟོབས་ཚོགས་ཆུང་གི་ཚོགས་མི་བཅས་ཡིན་པ་སྐུ་ཞབས་ཨོ་ལཱ་ཨེལ་ཝེ་སུ་ཊུན་ (Ola Elvestuen)ལགས་དང་། རྙིང་ཞེན་སྲིད་དོན་ཚོགས་པའི་(Conservative Party)གྲོས་ཚོགས་འཐུས་མི། གྲོས་ཚོགས་ཕྱི་སྲིད་ལས་དོན་ཚོགས་ཆུང་། བདེ་སྲུང་ཚོགས་ཆུང་གི་ཚོགས་མི་བཅས་ཡིན་པ་ལྕམ་ཨིན་ཇེར་ཌི་(Ingjerd Schou)་ལགས་བཅས་ལ་མཇལ་འཕྲད་གནང་ཡོད་ཅིང་། སྐབས་དེར་སྲིད་སྐྱོང་མཆོག་གིས་རྒྱ་གཞུང་གིས་བོད་ནང་གི་བྱིས་པ་རྣམས་བཙན་གྱིས་མི་སེར་སྤེལ་བའི་གཏན་འཇགས་སློབ་གྲྭར་བཅུག་ནས་རྒྱ་བསྒྱུར་སློབ་གསོ་སྤེལ་བཞིན་པའི་ཛ་དྲག་གནས་སྟངས་སྐོར་གསུང་བཤད་གནང་ཡོད་པ་མ་ཟད། གྲོས་ཚོགས་འཐུས་མི་རྣམས་བཞུགས་སྒར་དུ་ཕེབས་པར་མགྲོན་འབོད་ཀྱང་གནང་ཡོད་འདུག

ཉིན་དེའི་ཉིན་རྒྱབ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས་ནོར་ཝེ་རྒྱལ་ས་ཨོ་སེ་ལོ་ཁུལ་གྱི་ས་གནས་བོད་རིགས་མང་ཚོགས་ལ་ཐུག་འཕྲད་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་སྲིད་ཇུས་ལངས་ཕྱོགས་དང་། བོད་ནང་གི་ཛ་དྲག་ཆེ་བའི་དཀའ་ངལ། ཉེ་ཆར་༧གོང་ས་མཆོག་ལ་གཞི་མེད་མཚན་སྨོད་ཞུས་པའི་གནས་སྟངས་ཐོག་གསུང་བཤད་ཀྱང་གནང་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་དེ་དགོན་པའི་འདུ་ཁང་དུ་བཞག་སྟེ་སྔོན་གྱི་བཞུགས་ཡུལ་དུ་རྟ་རྒྱུག་ཐང་བཟོས་འདུག པར་དུས་བབ་ལ་མཁོ་སྤྲོད་གནང་།
Mobile App

བོད་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་བཞུགས་ས་དེ་རྟ་རྒྱུག་ཐང་བཟོས་འདུག

ཆུ་ཚོད་ ༡ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

ཆུ་ཚོད་ ༡༩ སྔོན་ལ།
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese