མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་གླུ་བ་གླུ་མ་རྣམས་ལ་དམ་དྲག་ཞིབ་བཤེར་བྱེད་ཀྱི་འདུག 

བོད་ཀྱི་དུས་བབ།
༢༠༢༣/༠༥/༡༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ནང་གི་གཞོན་སྐྱེས་མང་པོ་གླུ་གཞས་སྒྱུ་རྩལ་གྱི་ལམ་དུ་ཞུགས་པར་དགའ་མོས་བྱེད་ཀྱི་ཡོད་ཀྱང་ཉེ་སྔོན་རྒྱ་ནག་གཞུང་གིས་བོད་ཁུལ་གྱི་གླུ་བ་གླུ་མ་ཁག་ཅིག་གི་གླུ་ཚིག་རྩོམ་པ་པོ་སུ་ཡིན་དང་ནང་དོན་ཅི་ཡིན་སོགས་ལ་ཞིབ་བཤེར་བྱེད་བཞིན་ཡོད་འདུག

རྒྱ་ནག་གཞུང་གི་བཙན་གནོན་ཐེབས་པའི་བོད་ཀྱི་གླུ་བ་འགའ།

རྒྱ་ནག་གཞུང་གིས་བོད་ནང་གི་གནད་ཡོད་མི་སྣ་དང་རྩོམ་པ་པོ། ཤེས་ཡོན་པ་སོགས་ལ་གསང་བའི་ཉུལ་ཞིབ་དང་ཉེས་མིང་སྣ་ཚོགས་གཡོགས་ནས་འབུར་འཇོམས་བཏང་དང་གཏོང་མུས་ཡིན་པ་ལྟར། ཉེ་སྔོན་རྒྱ་ནག་གཞུང་གིས་དཀར་མཛེས་ཁུལ་སེར་ཤུལ་རྫོང་དང་མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཁག་ཅིག་ནང་། གླུ་བ་གླུ་མ་རྣམས་ཀྱི་གླུ་ཚིག་སོགས་ལ་ཞིབ་འཇུག་བྱས་ཏེ། གླུ་ཚིག་འབྲི་མཁན་སུ་ཡིན་སོགས་འདྲི་རྩད་བྱེད་ཀྱི་ཡོད་པ་མ་ཟད། ཁོང་ཚོའི་སྐད་འཕྲིན་སོགས་ཀྱི་ནང་སྔོག་བཤེར་བྱེད་ཀྱི་ཡོད་འདུག

འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་འདི་གའི་གསར་འགོད་པར། ཟླ་འདིའི་ཟླ་མགོ་ནས་བཟུང་སེར་ཤུལ་རྫོང་ཁོངས་ཀྱི་གླུ་བ་གླུ་མ་ཚོའི་གླུ་ཚིག་རྩོམ་མཁན་སུ་ཡིན་འདྲི་རྩད་ཀྱི་ཡོད་པ་མ་ཟད། དོགས་གཞི་ཅན་གྱི་གླུ་བ་གླུ་མ་དང་གླུ་ཚིག་འབྲི་མཁན་ལ་ཉེན་བརྡ་དང་སྦྲགས་ལྟ་རྟོག་བྱེད་བཞིན་ཡོད་སྐོར་དང་། བོད་མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་ཁག་ཅིག་ནང་དུའང་དམ་དྲག་གི་སྲིད་ཇུས་དེ་ལག་བསྟར་བྱེད་བཞིན་ཡོད་སྐོར་བརྗོད་བྱུང་།

ཡང་ཁོང་གིས། སྤྱིར་དེང་སྐབས་བོད་ནང་གི་ན་གཞོན་ཚོ་གླུ་ལེན་འདོད་ཧ་ཅང་ཆེན་པོ་ཡོད་པ་མ་ཟད། ན་གཞོན་མང་པོ་ཞིག་གིས་གླུ་ལེན་གྱིན་ཡོད་སྟབས། རྒྱ་ནག་གཞུང་གིས་བོད་ནང་གི་ན་གཞོན་ཚོས་ལ་རྒྱ་དང་ཆིག་སྒྲིལ་སྐོར་གྱི་གླུ་ལེན་པར་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་ཀྱང་། མཛའ་གླུ་དང་རྒྱ་སྐད་དང་བོད་སྐད་འདྲེས་མའི་གླུ་ལེན་པར་དམ་དྲག་གང་ཡང་བྱེད་ཀྱི་མེད་སྐོར་འགྲེལ་བརྗོད་གནང་བྱུང་།

རྒྱ་ནག་གཞུང་གིས་བོད་ནང་གི་གླུ་གཞས་སྒྱུ་རྩལ་བ་ཚོར་སྟངས་འཛིན་དང་བཙན་གནོན་ཅི་ཙམ་བྱེད་ཀྱི་ཡོད་མེད་ཁ་གསལ་ཤོས་ཤིག་ནི། བོད་ཀྱི་ལོ་གཅིག་གི་དུས་སྟོན་ཆེ་ཤོས་ལོ་སར་དགོང་ཚོགས་ཁག་གི་ཐོག་ལོ་རེ་བཞིན་རྒྱ་སྐད་རྒྱ་གླུ་གཏོང་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། བོད་གླུ་དང་བཞད་གར་ཕལ་ཆེ་བའི་བརྗོད་བྱ་རྣམས་རྒྱ་ནག་དམར་ཤོག་གཞུང་དང་དམག་དཔུང་ལ་བསྟོད་བསྔགས་དང་། བོད་ཁུལ་ཡར་རྒྱས་ཤུགས་ཆེན་སོང་ཡོད་ཚུལ། དམར་ཤོག་གཞུང་གི་བཀའ་དྲིན་ནམ་ཡང་བརྗེད་མི་རུང་བ་སོགས་ཀྱི་བརྗོད་བྱ་ཧ་ཅང་ཇེ་མང་དུ་ཕྱིན་ཏེ། མདོ་དབུས་ཁམས་གསུམ་གྱི་ལོ་སར་དགོང་ཚོགས་ཆེན་མོའི་ཐོག་བོད་རང་གི་སྐད་ཡིག་རིག་གཞུང་གོང་སྤེལ་དང་། རིགས་ཞེན་གྱི་གླུ་གཞས་གཏོང་མཁན་ཧ་ཅང་དཀོན་དུ་ཕྱིན་ཡོད་པ་རེད།

རྒྱ་ནག་གཞུང་གིས་ཆིག་སྒྲིལ་དང་རྩ་བའི་བླ་མར་བསྟོད་གླུ་ལེན་མཁན་གྱི་བོད་ཀྱི་གླུ་བ་གླུ་མ་རྣམས་གང་བྱུང་འཛིན་བཟུང་བཙོན་འཇུག་བྱས་ཏེ་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་ལ། འདས་ལོར་བོད་ཀྱི་གླུ་བ་ཚེ་དབང་ནོར་བུ་ལགས་ཀྱིས་རྒྱ་ནག་གཞུང་གི་བཙན་གནོན་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་རང་ལུས་མེ་བསྲེགས་གནང་ཡོད་པ་རེད། དེ་བཞིན་འདས་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༣ ཉིན་བོད་མགོ་ལོག་ཁུལ་གྱི་གླུ་བ་བདེ་རབ་ལགས་དང་ཁོང་གི་གཞས་ཚིག་རྩོམ་པ་པོ་སོགས་བོད་མི་ན་གཞོན་ལྔ་འཛིན་བཟུང་བྱས་ཏེ་འདྲི་རྩད་ཡུན་རིང་བྱས་རྗེས་གཞན་རྣམས་ཀློད་གྲོལ་བཏང་ཡོད་ཀྱང་། ད་ལྟའང་གཞས་ཚིག་རྩོམ་པ་པོ་དང་རམ་དཀྲོལ་བ་ན་གཞོན་དེའི་གནས་སྟངས་གང་ཡང་གོ་ཐོས་མེད་པ་རེད། དེ་བཞིན། ཕྱི་ལོ ༢༠༢༠ ལོའི་ཕྱི་ཟླ་ ༦ པའི་ནང་བོད་ནག་ཆུ་འབྲི་རུ་རྫོང་ནས་ཡིན་པའི་ན་གཞོན་གླུ་བ་ལྷུན་གྲུབ་གྲགས་པའི་གླུ་དབྱངས་ཤིག་དང་འབྲེལ་ཏེ། རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས་པའི་ནག་ཉེས་འོག་དུས་ཡུན་ལོ་ ༦ བཙོན་འཇུག་ཁྲིམས་ཐག་བཅད། ཡང་ལོ་དེའི་ཕྱི་ཟླ་ ༧ ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཆེ་བསྟོད་གླུ་ཚིག་བྲིས་པར་རྒྱལ་ཁབ་མགོ་རྟིང་སློག་ཐབས་དང་རྒྱལ་ཁབ་ཀྱི་གསང་བ་ཕྱི་ལ་བསྒྲགས་པའི་ཉེས་མིང་གླུ་ཚིག་རྩོམ་པ་པོ་མཁའ་འགྲོ་ཚེ་བརྟན་ལོ་ ༧ དང་གླུ་བ་ཚེ་རྒོ་ལ་ལོ་གཉིས ༣ གྱི་ཁྲིམས་ཐག་བཅད་ཡོད་པ་རེད།  དེ་བཞིན་བོད་ནང་གི་གླུ་བ་པདྨ་རིག་འཛིན་དང་། ཨ་མཚོག་ཕུལ་བྱུང་། ཆོས་མགོན་སོགས་གླུ་བ་གླུ་མ་མང་པོ་ཞིག་སྔ་གཞུག་ཏུ་འཛིན་བཟུང་བཙོན་འཇུག་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese